མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་གཤིས་དོར་བ་ནི་ཁྱོད་རང་ཉིད་དོར་བ་ཡིན།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

—— འདི་ནི་ལུང་རིགས་ཀྱི་རྒྱབ་རྟེན་བཙན་པའི་དཔྱད་འབྲས་ཤིག་མིན་པར་དཔེ་ཀློག་ཞོར་འཕྲོས་ལས་བྱུང་བའི་སེམས་ཚོར་ཙམ་ཡིན།

སོ་རུ་ཚེ་རིང་།

      ནུབ་གླིང་རིག་གནས་ཀྱི་མི་གཤིས་སྐོར་གྱི་བརྡ་དོན་རིམ་པ་དག་ནས་གླེང་ན། ཐོག་མར་དབྱིན་ཡིག་ཏུ་པཱིར་སན་ནཱ་ལེ་ཌིས་(Personality)ཞེས་པ། སེམས་ཁམས་རིག་པའི་བརྡ་ཆད་ཅིག་ཡིན་པར་སྨྲ་བ་དང་། ཧྥ་རན་སིའི་སྐད་དོད་དུ་པཱིར་སན་ནཱ་ལེ་ཌི་(personnalite)ཞེས་བྱུང་ཡོད་པར་མ་ཟད། ལ་ཊེན་གྱི་ཡི་གེར་པཱིར་སན་ནཱ་(persona)ཞེས་པ་འདི་ལས་བརྡ་དེ་དག་གྱེས་པར་བཤད། ལ་ཊེན་གྱི་(persona)ཞེས་པའི་བརྡ་དོན་ནི་གདོང་འབག་ཅེས་པར་གོ་ཞིང་། མདུན་ཕྱོགས་སྤྱི་ཚོགས་ལ་ལྟོས་ནས་གདོང་འབག་ཅིག་སྟོན་པ་དེ་ལ་ཕྱི་དང་། རྒྱབ་ཕྱོགས་སུ་སྦས་པའི་འདུ་ཤེས་དེ་སྒེར་ཚུགས་ཡིན་ནང། དེ་བཞིན་མིའི་གཤིས་ཀ་དེ་ཕྱི་ནང་མངོན་ལྐོག་གི་ལས་གཉིས་སུ་ཡོད་པས། མིའི་རང་བཞིན་ལྷན་སྐྱེས་ཀྱི་གཤིས་ཀ་ནི་གདོང་འབག་དེའི་རྒྱབ་ཕྱོགས་ཀྱི་སྒེར་ཚུགས་དེ་ཡིན་ཞིང་སྤྱི་ཚོགས་ལ་བསྟན་པའི་གདོང་འབག་ནི་བཅོས་མའི་ཡུལ་དུ་འདོད།

བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་མི་གཤིས་ཀྱི་སྟེང་ནས་གླེང་ན། དུས་རབས་བདུན་པ་ནས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་དར་སྲོལ་བྱུང་བ་ནས། མིའི་སྤྱི་གཤིས་དང་། མིའི་སྒེར་གཤིས་ཀྱི་བསམ་བློ་སོགས་ནི་གང་ཟག་གི་བདག་མེད་ཕྲ་མོ་དང་རགས་པ་གཉིས་ཏེ། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་དང་། གང་ཟག་རྟག་གཅིག་རང་དབང་ཅན་གྱི་བདག་གཉིས་ཀྱི་སྟེང་ནས་བཤད། གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་གི་སྟེང་ནས་མིའི་སྤྱི་གཤིས་ཙམ་བཤད་པ་དང་། གང་ཟག་རྟག་གཅིག་རང་དབང་ཅན་གྱི་བདག་གི་སྟེང་ནས་མིའི་སྒེར་གཤིས་གླེང་གི་ཡོད།

མི་གཤིས་ཀྱི་མཚན་ཉིད་ཅིག་བཞག་ན། སྣ་མང་རང་བཞིན་གྱི་སྤྱི་ཚོགས་ཁྲོད་ནས་གཞན་དང་མ་འདྲེས་པའི་ཀུན་སྤྱོད་བྱེད་སྒོ་དང་བསམ་གཞིགས་ཀྱི་ནུས་སྟོབས། འདུ་ཤེས་ཀྱི་འཛིན་སྟངས། བསམ་བློའི་འཆར་སྒོ་སོགས་ཐུན་མོང་མ་ཡིན་པའི་སྒེར་ཚུགས་ཀྱི་རང་བཞིན་འཛིན་པའི་རང་སྐྱ་འཕེར་བའི་མིའི་གཤིས་ལུགས་ཤིག་ལ་ཟེར། དེ་ལ་དབྱེ་བའི་རྣམ་གྲངས་ཀྱི་དབང་དུ་བྱས་ན།  གཅིག  རང་གཤིས་ནི་སེམས་ཁམས་ཀྱི་ཁྱད་ཆོས་ཕྱིའི་སྤྱོད་ལམ་གྱི་སྟེང་དུ་མངོན་པའི་ཆ། མིའི་སྤྱིའི་ཁྱད་ཆོས་སྒེར་གཤིས་ཀྱི་ངོས་ནས་མངོན་སྟངས་ཤིག་སྟེ།  ལྷན་སྐྱེས་ཀྱི་རང་བཞིན་དང་། སྦྱར་བྱུང་གི་རང་བཞིན་ནོ། །གཉིས། སྤོབས་པ་ནི་ལེགས་ཉེས་ལ་བླང་དོར་འབྱེད་པའི་ནུས་སྟོབས་ཀྱི་ཆ། རང་གཤིས་ལ་བཏབ་པའི་དབུགས་ཀྱི་རྒྱུ་བ་སྟེ། གཞན་ལས་རང་ཉིད་ཁྱད་འཕགས་སུ་སྒྱུར་བྱེད་ཀྱི་བསམ་བློའི་གོ་རྟོགས་སོ།།

མི་གཤིས་ནི་མི་རིགས་སྤྱི་མཚན་པ་དང་མི་རིགས་བྱེ་བྲག་པ། ད་དུང་ཐུན་མིན་སྒེར་གཤིས་སོགས་ཀྱི་སྟེང་ནས་གླེང་དགོས། དེ་ཡང་མི་རིགས་སྤྱི་མཚན་པ་ཞིག་གི་མི་གཤིས་ནི་མི་རིགས་བྱེ་བྲག་པ་རེ་རེའི་སྟེང་ནས་གྲུབ་ཡོད་ལ། མི་རིགས་བྱེ་བྲག་པ་དེའི་མི་གཤིས་ཀྱང་མི་སྒེར་གྱི་རང་གཤིས་སོགས་ཀྱི་སྟེང་ནས་གྲུབ་ཡོད་པས། མི་སྒེར་གྱི་རང་གཤིས་གཙིགས་སུ་འཛིན་རྒྱུ་ནི་གནད་འགག་གི་རྩ་བར་ཟུག་ཡོད། དེར་བརྟེན་མི་གཤིས་ནི་འདོར་མི་རིགས་པའོ།།

མིའི་རིགས་ལ་མི་རིགས་ཀྱི་གཤིས་ཀ་ཞིག་ངེས་པར་ཡོད་དགོས་ཤིང་། སྐད་ཡིག་ལ་སྐད་ཡིག་གི་རིན་ཐང་ཞིག་འཛིན་དགོས། དེ་བཞིན་དུ་རིག་གནས་ལ་རིག་གནས་ཤིག་གི་དཔྱོད་ཤེས་ཚུགས་དགོས་པས།  ཁ་སང་དེ་རིང་ང་ཚོའི་མི་རིགས་འདིའི་སྤྱི་གཤིས་མི་རིགས་གཞན་དང་གཞན་གྱི་ངོར་ཐིམ་ནས་བརླག་འགྲོ་བའི་སྣང་ཚུལ་འདིས་སེམས་དང་སེམས་ཀྱི་གཏིང་དུ་ན་ཟུག་གི་འོ་དོད་ཤིན་ཏུ་ཆེ། མི་གཤིས་ཞེས་པ་ནི་བསམ་བློ་ཞིག་གི་ངོས་ནས་བལྟས་པ་ཡིན་ན། མཐའ་གཅིག་ཏུ་འདི་ལེགས་དང་འདི་ཉེས་ཞེས་པའི་ཁ་ཚོན་གཅོད་རྒྱུ་མ་ཡིན་ནའང་དུས་དང་ཁོར་ཡུག ཡང་ན་ཡུལ་སྲོལ་གོམས་གཤིས།  གཞན་ཡང་མི་རིགས་ཀྱི་རིག་གནས་དང་དེའི་འདུ་ཤེས་འཛིན་སྟངས་ཀྱི་སྟེང་ནས་མིའི་རིགས་སྤྱི་ལ་ཐུན་མོང་དུ་མ་གྲུབ་པའི་རང་གཤིས་ཤིག་མངོན་དགོས།

མི་བུ་སྒེར་གྱི་རང་གཤིས་དེ་གཙིགས་སུ་བཟུང་ན་ད་གཟོད་རང་ཉིད་ཀྱིས་རང་ཉིད་ཀྱི་ཚབ་བྱེད་ཐུབ་ལ།  མི་སྒེར་གྱི་འདུ་ཤེས་རང་མཚན་པ་དེ་ལྷང་ལ་མངོན་ཡོང་དུས་ལྟ་བ་སྣ་མང་གི་རིག་གནས་དང་བསམ་བློ་རང་དབང་གི་གྲུབ་དོན་ཡང་རྙེད་ཡོང་བ་རེད།  དེ་ཡོང་བ་ལ་ངེས་པར་དུ་འདྲ་མཉམ་གྱི་ལྟ་བ་དང་གུ་ཡངས་སྒམ་དཀྱེལ་གྱི་བསམ་བློའི་རྨང་གཞི་ཞིག་ངེས་པར་ཆགས་ཐུབ་པ་དགོས་རྒྱུ་དེ་དེང་གི་བསམ་བློ་བའི་སྡེ་ཁག་ཏུ་གླེང་།  དེ་འདྲ་ཞིག་མེད་སོང་བ་ཡིན་ན་རིག་གནས་གཅིག་དང་འདུ་ཤེས་གཅིག་གིས་ནམ་ཡང་མི་སྒེར་གྱི་རང་གཤིས་དེ་མངོན་ཐུབ་པ་དཀའ་བས། ཆོས་ལུགས་ཤིག་དང་རིག་གནས་གཅིག་གི་འདུ་ཤེས་གཅིག་པུས་འབྱམས་ཀླས་ཤིང་གཞི་ཚུགས་ཐུབ་པའི་ཤེས་རིག་སྣ་མང་གི་མེ་ཏོག་ཀྱང་དེ་བས་བཞད་ཐབས་བྲལ།

མི་ཞིག་གི་སྒེར་གཤིས་རང་མཚན་པ་དེ་ཚུགས་ཐུབ་ཅིག་དང་རང་སྐྱ་འཕེར་བ་ཞིག་བྱུང་ན།  མི་རིགས་སྤྱི་མཚན་པའི་གཤིས་ཀ་དེ་རང་བཞིན་གྱིས་གྲུབ་ཡོང་བ་རེད།   དེ་གྲུབ་པ་ལ་མི་རེ་རེའི་རང་སྟེང་གི་འདུ་ཤེས་དེ་ངོས་འཛིན་དང་ཁྱོད་རང་ཉིད་ཁྱོད་རང་ཉིད་ཡིན་པས་ཐོག་ནས་རང་ཉིད་ཀྱི་ལྟ་བ་དང་ལངས་ཕྱོགས་དེ་གསལ་བར་མངོན་དགོས།  ཕི་གླིང་པ་ཝི་ལིམ་ཇམ་ཟི་ཡིས། “འཇིག་རྟེན་འདི་ན་ཁྱོད་རང་ཉིད་གཅིག་བུ་ལས་གཉིས་པ་ཞིག་མེད་དེ།  དེ་སྔོན་ཁྱོད་དང་གཅིག་པའི་མི་ཞིག་ཡོད་མ་མྱོང་ཞིང་།  ཕྱིན་ཆད་ཀྱང་ཁྱོད་དང་གཅིག་པའི་མི་ཞིག་ཡོད་མི་སྲིད།” ཅེས་པ་དེས་མི་བུ་རེ་རེའི་སྒེར་གཤིས་ཐུན་མིན་དེ་གཙིགས་དང་བླ་རུ་བཀུར་དགོས་པ་བསྟན་པ་མ་ཡིན་ནམ།

རང་ཉིད་ཀྱིས་རང་ཉིད་མི་ཇི་ལྟ་བུ་ཞིག་ཡིན་པ་ཡང་ཡང་དཔྱད་ཅིང་ངེས་ཤེས་རྙེད་པའི་སྟེང་ནས་མི་དང་མིའི་སྒེར་གཤིས་ཚུགས་དགོས་པ་ལས་ནམ་ཡང་མི་དང་མིའི་བསམ་བློའི་བྲན་གཤིས་སུ་འགྱུར་མི་རུང་སྟེ། གང་ཡིན་ཞེ་ན་ཁྱོད་རང་ཉིད་ལ་དཔྱོད་ཤེས་ཀྱི་བློ་མིག་ཅིག་ཡོད་པས་རེད། དེ་མིན་མི་ཞིག་གི་བསམ་བློའི་གནས་བབ་རྡུགས་ཤོས་ནི།    རང་ཉིད་ཀྱི་ནུས་པ་རང་ཉིད་ཀྱིས་མི་མཐོང་བའམ་བཀོལ་སྤྱོད་བྱེད་མི་ནུས་པ་དེ་རེད། ཨན་ཇོ་ལོ་ཕེ་ཐྲོ་ཡིས། “མི་ཞིག་གི་རྐྱེན་བབ་ངན་ཤོས་ནི་རང་ཉིད་རང་ཉིད་དུ་བྱེད་མི་ནུས་པ་དེ་ཡིན་ཅིང་། ཁྱད་པར་དུ་ལུས་ཕུང་དང་བླ་སྲོག་གཉིས་ཀྱི་ཆ་ནས་བདག་ཅེས་པ་རྒྱུན་འཆང་བྱེད་མི་ནུས་པ་དེ་ཡིན་”ཞེས་རང་ཉིད་ཀྱི་ནུས་པ་རང་ཉིད་ཀྱིས་སྟོན་དགོས་པ་ལས་གཞན་གྱིས་བཀོད་འདོམས་ཀྱི་དབང་དུ་གཏོང་བ་མ་ཡིན་ཞིང་། བསམ་གཞིག་གི་ནུས་སྟོབས།  དོན་བྱ་མཐའ་དག་གི་ལྕི་ཡང་དང་ལེགས་ཉེས་བླང་དོར་གྱི་འཇུག་ལྡོག་འབྱེད་ཤེས་ཤིང་འོས་འཚམ་ཐག་གཅོད་བྱེད་ཀྱི་ནུས་པ་དེ་ཡང་མི་བུ་སྒེར་གྱི་ནུས་པ་ཡིན་སྟབས། བདག་ཉིད་བདག་གི་མགོན་དུ་འཛིན་དགོས་པའི་ཐབས་ཚུལ་བསྟན་པ་ཡང་དེ་ལས་མ་འདས་སོ།།

དེ་བས་ན་ཁྱོད་རང་ཉིད་ཇི་ལྟ་བུ་ཞིག་རེད་སྙམ་ན། མི་གཤིས་ཀྱི་གཉོམ་སོ་ལས། “ཁྱོད་ནི་ཁྱོད་ཀྱིས་འདི་འདྲ་ཞིག་ཡིན་པར་སྙམ་པ་དེ་རང་མ་ཡིན་པར། ཁྱོད་ནི་ཁྱོད་ཀྱིས་ཇི་ལྟར་བསམ་པ་དེ་འདྲ་ཞིག་ཏུ་ཡོད་”ཅེས་དོན་ངོ་མར་ཁྱོད་ནི་རང་གི་བསམ་བློའི་འདུ་ཤེས་དེའི་སྟེང་ན་ཡོད་པ་གསལ་བོར་བསྟན།   ཨེ་མེར་ཟིན་གྱིས་ཀྱང་མི་ནི་བསམ་བློའི་ཐོན་དངོས་ཤིག་ཡིན་ཞེས་བརྗོད་འདུག་པ་དེ་ཡང་དོན་རྩ་དེ་ལ་ཐུག  དེ་ལྟ་ན་མི་བུ་རང་ཉིད་ཀྱི་བསམ་བློའི་འདུ་ཤེས་གྲུབ་པ་ལ་གཙོ་བོ་མི་རིགས་རང་ཉིད་ཀྱི་ཡུལ་གོམས་བསམ་པའི་དཔལ་ཡོན་དེ་དག་ལ་ཐུག་པས། དེ་དག་རང་སྐྱ་འཕེར་བ་ཞིག་འབྱུང་བ་ཞིག་མ་བྱུང་བ་ཡིན་ན་མི་རིགས་རང་མཚན་པའི་མི་གཤིས་བརླག་པའི་རྒྱུ་རུ་འགྱུར་བ་སོགས་ལ་བསམ་བློ་ཞིབ་ཏུ་བཏང་སྟེ་མི་གཤིས་ནི་ནམ་ཡང་འདོར་བར་མི་བྱའོ།།

གང་ལྟར་ད་དུང་རང་མི་རིགས་འདིའི་བླ་དང་སྲོག་ནི་གྱང་ཁའི་འཇག་མ་དང་གཉིས་སུ་མེད་པར་མི་རིགས་གཞན་གྱི་འདུ་ཤེས་ལམ་ལུགས་ཀྱི་འོག་ཏུ་རྒྱུག་ནས། རིག་གནས་ནང་འདྲེན་གྱི་བསམ་བློ་ཞན་པ་དང་། རང་རེ་ལ་མངའ་བའི་རིག་གནས་ཀྱི་གཞུང་ལུགས་མཐའ་དག་གཞན་དག་ཏུ་བསྒྱུར་ཅི་ཐུབ་བལྟ་རྒྱུ་དགེ་མཚན་དུ་བརྩི་བ། གཞན་གྱི་ཤེས་རིག་ཚུར་ནང་འགྱུར་ཐོག་དགག་སྒྲུབ་དང་དང་དོད་ཀྱི་འདུ་ཤེས་དམན་པ། ཁྲིམས་མཐུན་མ་ཡིན་པའི་སྐད་ཡིག་གཞན་གྱི་རྐང་འོག་ཏུ་འཛུམ་གྱི་ལེར་འཛུལ་བ། མི་རིགས་རང་ཉིད་ཀྱི་རིགས་རུས་ཀྱང་བསྲེ་སླད་ཅན་དུ་གྱུར་དང་འགྱུར་བཞིན་པའི་དེང་གི་དུས་འདིར། འུ་ཚོས་ལེགས་ཉེས་ཀྱི་མཛུབ་མོ་རང་ཉིད་ལ་ཀེར་ཞིང་བསམ་གཞིག་གི་ནུས་པ་རང་སྟེང་དུ་མི་བསྒྱུར་ཀ་མེད་རེད་ཅེས་ཡང་ཡང་རྨོངས་བློར་འཆར་བའི་ཁུར་བོ་དེ་རི་མོར་ཕབ་པའི་ཁུལ་ལགས་སོ།།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦

མཆན། 1

  1. པ་སངས་རྡོ་རྗེ་ says:
    ལོ་ 5 སྔོན།

    བོད་འཆོལ་ཁ་གསུམ་གྱི་ངོ་ཚབ་མཚོན་བྱེད་འཐུས་མི་རྣམས་ནས་ ཁྲིམ་དཔོན་གསུམ་འཕོ་འགྱུར་བཏང་དགོས་པའི་འོས་ཤོག་གཡུགས་པ་ལ་ བོད་མི་མང་པོ་ཞིག་གིས་བསམ་ཚུལ་སྙིང་བསྡུས་ཞུ་ན་ གུང་ཕྲན་དམར་པོའི་གཞུང་གིས་ལྟ་བ་དང་དམར་གཙོ་ཡང་དག་པའི་ལྟ་བ་གཉིས་མ་འདྲེས་པ་ དབྱེ་བ་ཕྱེ་ནས་ལག་ལེན་བྱེད་དགོས་ཞུ་
    གསལ་པོ་ཞུས་ན་དམར་ཤོག་གཞུང་གི་མགོ་ཁྲིད་དེ་ཡིས་མི་མང་ལ་བཙན་པོ་དབང་ཡོད་ཀྱིས་གདུག་ཙུབ་ཚོད་མེད་བྱས་ཀྱད་ གྲོས་ཚོགས་འཐུས་མི་རྣམས་ནས་བསམ་ཆར་བཤད་དབང་མེད་ གལ་སྲིད་བཤད་ཀྱང་ཐ་མམི་དེ་ནག་ཉེས་ཅན་དུ་བཟོས་ཏེ་ཁྲིམས་གཅོད་བྱེད་པ་མདོར་ན་མི་མང་གི་ཐོབ་ཐང་ཐམས་ཅད་ཕྲོག་པའི་སྲིད་དབང་སྒེར་གཅོད་རིང་ལུགས་རེད་ དམང་གཙོའི་ཁྲིམ་ཡང་དག་པ་ནི་ཁྲིམ་དཔོན་སུ་རུང་དང་སྲིད་སྐྱོང་ཚོག་གཙོ་ཚོག་གཞོན་སུ་རུང་གིས་ལྐོག་ཟ་རུལ་སུང་ནག་ཉེས་ཡོད་ན་ གོ་གནས་ནས་གནས་དབྱུང་བཏང་ཆོག་པ་མི་མང་གི་བདེན་པ་དང་དྲང་པོའི་རྒྱུ་མཚན་གསལ་པོ་ཡོད་ན་བསམ་ཆར་ཕུལ་ཆོག་པ་ མི་མང་གི་ངོ་ཚབ་འཐུས་མི་རྣམས་ནས་སྟངས་འཛིན་དང་ཐག་གཅོད་ཀྱི་ཐོབ་ཐང་ཡོད་པ་ཞིག་དགོས།
    དེ་དག་ལས་ལྡོག་སྟེ་ དབང་འཛིན་པ་རྣམ་ཀྱི་བཅའ་ཁྲིམས་དེ་ལ་འགྲེལ་བཤད་ལོགས་པ་བརྒྱབས་ནས་མ་དྲང་པ་དང་ཆོལ་ཁ་ཕྱོགས་རིས་བྱས་ནས་ཁྲིམས་ཐག་འདྲའ་མིན་བཅད་ཀྱང་ དེ་ལ་སྐྱོན་འཛུག་བྱེད་མི་ཆོག་པ་ གོ་གནས་རང་འཇག་བཟུངས་དགོས་པའི་ལག་ལེན་བསྟར་བ་ཡིན་ན་ བོད་མི་སྒྲིག་འཛུགས་མྱུར་དུ་འཐོར་བའི་སྔ་ལྟས་ཡིན་ བོད་གཞུང་འཐོར་ཞིག་སོང་ན་ རྒྱ་ནག་གཞུང་གི་བསམ་དོན་འགྲུབ་པ་རེད། རྒྱ་ནག་དམར་པོའི་གཞུང་གི་བོད་མི་རེ་ཟུང་ལ་དངུལ་ཕོག་སྤྲད་པའི་ལས་དོན་འགྲུབ་སོང་རེད།
    གནས་ཚུལ་གསར་པ་ཞིག་བདེན་པ་དང་དྲང་པོའི་ལམ་ནས་ཞུས་ན་ ནེ་པ་ལའི་རྒྱལ་ཁབ་ཏུ་ལོ་ཤས་སྔོན་ནས་ བོད་ཀྱི་སྲིད་དོན་འཐབ་རྩོད་ཀྱི་འདུ་འཛོམ་བྱེད་མི་ཆོག་པ་
    གོང་ས་ཡིག་བཞིན་ནོར་བུའི་འཁྲུངས་སྐར་བསྲུངས་བརྩི་བྱེད་མི་ཆོག་པའི་ས་གནས་འདིར་ཁྲིམ་དཔོན་གསུམ་གྱི་རྒྱབ་སྐྱོར་ཡིན་ཟེར་བའི་ བོད་མི་བཅུ་དྲུག་ཙམ་གྱིས་
    ད་ལྟའི་བཀའ་ཤག་དང་ སྤྱི་འཐུས་རྣམས་ལ་སྐྱོན་བརྗོད་ཀྱི་སྐད་འབོད་མངོན་གསལ་དོད་པོ་བྱས་ཀྱང་བལ་ཡུལ་གཞུང་གི་ཉེན་རྟོགས་པ་རྣམས་ཀྱི་དགག་བྱ་གང་ཡང་མེད་པ་དེ་ནི་ དམར་པོའི་གཞུང་གི་རྒྱབ་སྐྱོར་རོག་རམ་ཡོད་པ་ནི་མངོན་གསལ་རེད་
    ད་ལྟ་དངུལ་དམར་ཕྲན་བུ་རག་ཀྱང་ ནམ་ཕུག་གནོད་སྐྱོན་འབྱུང་བའི་གཞི་རྩ་ཡིན་པས་ མནོ་བསམ་ཞིབ་ཏུ་བཏང་ནས་ལྷག་བསམ་རྣམ་དག་གི་བྱ་བ་བྱེད་པའི་འབོད་བསྐུལ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese