མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་སྲིད་སྐྱོང་གི་རྒྱལ་ཁ་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༡ ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་འཛམ་གླིང་རྒྱལ་ཁབ་ ༢༦ ནས་མི་གྲངས་ ༨༣༠༨༠ གིས་མིང་གཞུང་དེབ་འགོད་གནང་ཡོད་པ་དང་སྲིད་སྐྱོང་གི་དངོས་གཞིའི་འོས་འཕེན་མཁན་མི་གྲངས་ ༦༣༩༩༡ བྱུང་ཡོད་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ ཐོག ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་འོས་བསྡུ་ལས་ཁང་གིས་དྲ་ལམ་བརྒྱུད་ཕྱི་ལོ་ ༢༠༢༡ ལོའི་འོས་བསྡུ་ཆེན་མོའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་ལགས་ལ་རྒྱལ་ཁ་ཐོབ་ཡོད་པ་ལྟར། སྲིད་སྐྱོང་གི་དངོས་གཞིའི་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ནས་སྐུ་སྒེར་གྱི་ངོ་དེབ་དྲ་གནས་སུ། སྤེན་པ་ཚེ་རིང་ལགས་ལ་འཚམས་འདྲི་དང་སྦྲགས། ད་ལྟའི་དཀའ་རྙོག་དང་འགྱུར་འགྲོས་ཆེ་བའི་དུས་སྐབས་འདི་རུ་སྤེན་པ་ཚེ་རིང་ལགས་ཀྱི་ལས་དོན་ལེགས་འགྲུབ་ཡོང་བ་དང་སྐུ་གཟུགས་བདེ་ཐང་དང་བྱ་བ་ལམ་འགྲོ། དཀའ་ཐུབ་ལྷུར་ལེན་གནང་ཐུབ་པའི་སྨོན་འདུན་གྲངས་མེད་ཞུ་ཞེས་གསུངས་འདུག

ཐེངས་འདིའི་འོས་བསྡུའི་ཁྲོད་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་ལགས་ལ་འོས་གྲངས་ ༣༤༣༢༤ དང་། སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ལ་འོས་གྲངས་ ༢༨༩༠༧ ཐོབ་སྟེ། ཚོགས་ཟུར་སྤེན་པ་ཚེ་རིང་ལགས་སྲིད་སྐྱོང་དུ་བདམས་ཐོན་བྱུང་འདུག་ལ།  དེ་བཞིན་ཆོལ་ཁ་རེ་ནས་སྤྱི་འཐུས་ ༡༠ རེ་དང་ཆོས་བརྒྱུད་རེ་ནས་སྤྱི་འཐུས་གཉིས་རེ། ཡུ་རོབ་དང་ཨ་ཧྥེ་རི་ཁ་ཁུལ་ནས་སྤྱི་འཐུས་གཉིས། ལྷོ་བྱང་ཨ་རི་ཁུལ་ནས་སྤྱི་འཐུས་ ༢། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤ་ཡ་དང་ཨོ་སི་ཊོ་ལི་ཡའི་ཁུལ་ནས་སྤྱི་འཐུས་གཅིག་བཅས་ཁྱོན་སྤྱི་འཐུས་ ༤༥ བདམས་ཐོན་བྱུང་འདུག

གསལ་བསྒྲགས་སྐབས་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས། དངོས་གཞིའི་འོས་བསྡུ་ཆེན་མོར་འོས་འཕེན་པའི་མིང་གཞུང་དེབ་འགོད་བྱེད་མཁན་གྲངས་ ༨༣༠༨༠ བྱུང་ཡོད་པ་ནས་སྲིད་སྐྱོང་གི་དངོས་གཞིའི་འོས་བསྡུའི་སྐབས་དངོས་སུ་འོས་འཕེན་གྲངས་ ༦༣༩༩༡ བྱུང་བའི་ཁྲོད་འོས་ཤོག་ ༦༠༤  རྩིས་མེད་དུ་ཕྱིན་པ་དང་། ཆ་སྙོམས་འོས་འཕེན་པའི་བརྒྱ་ཆ་ ༧༢།༢ ཆགས་ཡོད་པ་དང་། དེ་ནི་འདས་པའི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ལས་རིམ་ཁག་གི་ནང་ཆ་ཤས་ལེན་མཁན་གྱི་གྲངས་མཐོ་ཤོས་དེ་ཆགས་ཡོད་པ་དང་།  བོད་མི་མང་སྤྱི་འཐུས་ལ་འོས་འཕེན་མཁན་གྱི་གྲངས་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཞུ་ཐུབ་ཐབས་མེད་ཀྱང་། ཕྱིས་སུ་དབུས་འོས་བསྡུའི་ལས་ཁང་གི་དྲ་ཐོག་བརྒྱུད་གསལ་བསྒྲགས་བྱ་རྒྱུ་ཡིན་སྐོར་བརྗོད་བྱུང་།

ཡང་འོས་བསྡུའི་འགན་འཛིན་ལགས་ཀྱིས། ཐེངས་འདིའི་འོས་བསྡུའི་སྐབས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་གང་སར་ཁྱབ་གདལ་དུ་ཕྱིན་ཏེ་མི་རྒྱུ་གཉིས་ཀྱི་དཀའ་ཚེགས་རིམ་པར་བྱུང་ཡོད་ནའང་། བོད་མི་ཚོས་སྙིང་སྟོབས་ཞུམ་པ་མེད་པར་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་བྱས་ཡོད་པ་དང་། ཁྱོན་འཛམ་གླིང་གི་རྒྱལ་ཁབ་ ༢༦ ནང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༨ འོག་འོས་བསྡུ་བྱ་ཡུལ་སྡེ་ཚན་གྲངས་ ༣༠༦ ནང་། དབུས་སའི་འོས་བསྡུའི་ཚོགས་མི་དང་གཟུ་དཔང་། ལས་བྱེད་བཅས་ཁྱོན་མི་གྲངས་ ༢༠༡༤ ནས་ལས་བསྡུའི་ལས་དོན་འགན་འཁུར་གནང་སྟེ་འོས་བསྡུའི་ལས་དོན་གཟེངས་སུ་ཐོན་པ་ཞུས་ཡོད་སྐོར་དང་། འདི་ལོར་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ དགོངས་དོན་བཞིན་འོས་འཕེན་པའི་མིང་གཞུང་གསར་པ་གློག་ཀླད་ནང་དེབ་འགོད་གཙང་ཟིན་ཞུས་ཐུབ་ཡོད་པ་དེ་ཡིས་མ་འོངས་པའི་འོས་བསྡུའི་ལས་དོན་གྱི་རྨང་གཞི་ཙམ་དུ་མ་ཟད། གཞུང་འབྲེལ་ཡིག་ཆ་གལ་ཆེན་ཞིག་ཏུ་བཟོ་འགོད་ཐུབ་ཡོད་སྐོར་བརྗོད་སོང་།

དྲི་བ་དྲིས་ལན་གྱི་སྐབས་སུ། གསར་འགོད་པས་ད་ལྟ་བདམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་རྣམས་ལ་དམ་འབུལ་བྱེད་ས་མེད་པའི་གནས་སྟངས་ཤིག་ཆགས་ཡོད་སྟབས། དེའི་ཐད་གནས་སྟངས་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་དང་། དབུས་འོས་བསྡུ་ལས་ཁང་གི་ལས་དོན་ཆ་ཚང་བདམས་ཐོན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དམ་འབུལ་ཞུས་ཚར་མཚམས་གྲུབ་པ་ཡིན་པས། དབུས་འོས་བསྡུ་ལས་ཁང་ནས་དམ་འབུལ་དང་འབྲེལ་དགོངས་བཞེས་ག་རེ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར། དབུས་འོས་བསྡུའི་འགན་འཛིན་ལགས་ཀྱིས། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དམ་འབུལ་ནི་བཅའ་ཁྲིམས་དོན་ཚན་ ༢༥ དང་ ༤༧ གྱི་དགོངས་དོན་བཞིན་འབྲེལ་ཡོད་སོ་སོས་ཕྱག་བསྟར་གནང་དགོས་པ་ཞིག་ཆགས་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡང་དག་པའི་དམངས་གཙོ་གསོལ་རས་གནང་ཡོད་སྟབས། དེའི་མཇུག་སྐྱོང་འབྲེལ་ཡོད་ལས་འཛིན་སོ་སོས་གནང་བའི་རེ་བ་ཡོད་སྐོར་དང་། དབུས་འོས་བསྡུ་ལས་ཁང་གི་ལས་འགན་དེ་བཅའ་ཁྲིམས་ལེའུ་ ༨ པའི་དོན་ཚན་ ༩༦ ནས་མགོ་བཙུགས་པ་ཞིག་ཡིན་པ་དང་། དེ་གཞིར་བཟུང་དབུས་ས་གཉིས་ཀྱི་ལས་མི་དང་མི་མང་ཚང་མས་ཆ་ཤས་ཡག་པོ་བཞེས་ཏེ་ལབ་གླེང་རྩ་བ་ཉིད་ནས་མེད་པའི་ཐོག་ནས་སྲིད་སྐྱོང་དང་སྤྱི་འཐུས་རྣམ་པ་ཧྲ་ཐག་ཐག་བདམས་ཐོན་ཞུས་ནས་གསལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། ད་ལྟ་སྔར་བྱུང་མ་མྱོང་བའི་གོད་ཆགས་ཆེན་པོ་ཞིག་བྱུང་ཡོད་པ་དང་དེ་ནི་དངོས་ཡོད་ཡིན་པས། དེའི་ཐད་དབུས་འོས་བསྡུ་ལས་ཁང་ནས་ཐད་ཀར་བྱེད་ཐུབ་པའི་གནས་སྟངས་ཤིག་ཞུ་རྒྱུ་རྩ་བ་ཉིད་ནས་མེད་པ་དང་། དམ་འབུལ་གྱི་གནས་སྟངས་དེ་འབྲེལ་ཡོད་སོ་སོར་སྐུ་དབང་ཕུལ་ཡོད་སྟབས། སྐུ་དབང་བཞིན་གནང་དགོས་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. དོན་གྲུབ་ says:
    ལོ་ 5 སྔོན།

    གསར་འགོད་པ་ལགས་སྤྱི་སྲོོལ་ལྟར་གསར་འགྱུར་ཐོག་བདམས་ཐོན་སྲིད་་སྐྱོང་གི་སྐུ་དཔར་འཇོག་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ?

    Reply
  2. དོན་གྲུབ་ says:
    ལོ་ 5 སྔོན།

    གསསར་འགོད་པ་ལགས་སྤྱི་སྲོོལ་ལྟར་གསར་འགྱུར་ཐོག་བདམས་ཐོན་སྲིད་སྲིད་་སྐྱོང་གི་སྐུ་དཔར་འཇོག་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ?དོནགྲུབ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese