མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་བཅོས་དུས་འགྱང་མི་བྱེད་པར་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་སྨན་བཅོས་ལ་བསྟེན་དགོས་པའི་སྐུལ་མ་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp
འགོག་ཁབ་བརྒྱབས་ཚར་ཡོད་ནའང་ཉིན་ལྟར་ཁ་རས་གྱོན་ཞིང་ལག་པ་འཁྲུད་པ། འདུ་འཛོམས་མི་བྱེད་པ་སོགས་ཀྱི་ལམ་སྟོན་ཁག་ལག་བསྟར་ངེས་པར་བྱ་དགོས་པའི་འབོད་སྐུལ་གནང་།

དེ་རིང་ཕྱི་ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༠ པ་གནང་སྐབས། རྒྱ་བལ་གཉིས་ཀྱི་བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་འགོས་ཁྱབ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན། ནད་གཞི་ཛ་དྲག་གི་གནས་སྟངས་ལ་མ་ལྷུང་སྔོན་ནས་ཤེས་རྟོགས་ཡོང་སླད། འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་བརྟག་དཔྱད་གང་མང་བྱེད་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་པས། ནད་རྟགས་མངོན་ཚེ་སྨན་པར་བསྟེན་གཏུག་བྱེད་པ་དང་བརྟག་དཔྱད་བྱེད་པ། སྔོན་འགོག་གི་ཐབས་ལམ་ཁག་ལ་མི་མང་ངོས་ནས་གང་ཐུབ་བསྟེན་དགོས་པའི་འབོད་སྐུལ་གནང་འདུག

འཕྲོད་བསྟེན་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་ཀྱིས། བོད་མི་མང་པོ་ཞིག་ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབས་ཚར་ཡོད་པ་དང་། དེ་ལ་བརྟེན་ནས་ཁ་རས་མ་གྱོན་པ་དང་། འདུ་འཛོམས་གང་བྱུང་བྱེད་པ་སོགས་ཏོག་ནད་མི་འགོས་པའི་བསམ་བློ་བཟུང་སྟེ་སྣང་མེད་བྱེད་ཀྱི་ཡོད་སྟབས། འགོག་ཁབ་བརྒྱབས་ཚར་ནའང་གཉན་རིམས་དེ་འགོས་ཀྱི་ཡོད་པ་དང་གཞན་ལ་གཉན་རིམས་བགོས་པའི་ཉེན་ཁ་མུ་མཐུད་ཡོད་པས་སྣང་མེད་མི་བྱེད་པ་དང་། ཡང་ཁག་ཅིག་ཏོག་དབྱིབས་གཉན་རིམས་བྱུང་རྗེས་དྲག་བསྐྱེད་བྱུང་ཡོད་པ་དང་། སྤྱིར་ཐེངས་གཅིག་གཉན་རིམས་དེ་ཕོག་ཚར་ནས་དྲག་བསྐྱེད་བྱུང་རྗེས་རང་བཞིན་གྱིས་ལུས་ཟུང་གི་ནུས་པ་ཆེ་རུ་སོང་སྟེ་བསྐྱར་དུ་གཉན་རིམས་དེ་ཕོག་པའི་ཉེན་ཁ་ཆུང་བ་ཡོད་པ་བརྗོད་ཀྱི་ཡོད་ནའང་། གང་ཟག་དེ་ལ་བསྐྱར་དུ་འགོས་མི་སྲིད་པ་ཞིག་རྩ་བ་ཉིད་ནས་མིན་སྟབས། ནད་གཞི་ཕོག་ཟིན་པ་ཞིག་ཡིན་ནའང་དུས་རྟག་ཏུ་སྔོན་འགོག་གི་ཐབས་ལམ་ཁག་ལ་བསྟེན་དགོས་སྐོར་དང་། ཚང་མས་ཁ་རས་གྱོན་མི་དགོས་པ་དང་། གང་འདོད་དུ་ཕེབས་ཆོག་པའི་ལམ་སྟོན་ཞིག་མ་ཡོང་བར་དུ་ཉིན་ལྟར་ཁ་རས་གྱོན་པ་དང་། ལག་པ་འཁྲུད་པ། འདུ་འཛོམས་མི་བྱེད་པ་སོགས་ཀྱི་ལམ་སྟོན་ཁག་ལག་བསྟར་ངེས་པར་བྱ་དགོས་སྐོར་བརྗོད་བྱུང་།

ཡང་ཁོང་གིས། ད་ལྟའི་དུས་སྐབས་འདིར་བོད་མི་མང་པོ་ཞིག་ལ་ཏོག་དབྱིབས་གཉན་རིམས་ཀྱི་ནད་རྟགས་ལ་སོགས་པ་བྱུང་ནའང་། སྒེར་ངོས་ནས་ཆམ་པ་ཡིན་པའི་ངོས་འཛིན་དང་འོ་ཙམ་མིན་ནམ་བསམ་སྟེ་སྨན་པར་བསྟེན་གཏུག་མི་བྱེད་པ་དང་། ཏོག་དབྱིབས་གཉན་རིམས་ཡིན་མིན་ཀྱི་བརྟག་དཔྱད་མི་བྱེད་པར་རང་ཁྱིམ་དུ་ཨུ་ཚུགས་བྱས་ཏེ་འདུག་གི་ཡོད་པས། མང་པོ་ཞིག་ཛ་དྲག་གི་གནས་སྟངས་ཆགས་སྐབས་སྨན་པར་བསྟེན་པ་དང་རྟག་དཔྱད་བྱས་ནའང་ཉེན་ཁའི་དུས་སུ་ལྷུང་ཚར་ཡོད་སྟབས། ནད་རྟགས་སོགས་བྱུང་ཚེ་སྔོན་ཚུད་ནས་རང་དོན་རང་གཅེས་གནང་སྟེ་ཐད་ཀར་སྨན་པར་བསྟེན་གཏུག་བྱེད་པ་དང་བརྟག་དཔྱད་བྱ་དགོས་སྐོར་དང་། གཉན་རིམས་དེ་བྱུང་སྟེ་ལོ་ངོ་གཅིག་ལྷག་འགོར་ཡོད་པའི་རིང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག མི་སྒེར་དྭང་བླངས་བ་སོགས་ཀྱིས་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་སྤྱི་ཚོགས་ནང་ཞབས་ཕྱི་སྣ་མང་བསྒྲུབས་དང་སྒྲུབ་མུས་ཡིན་པ་དང་། ལྷག་པར་དུ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་འགོས་ཁྱབ་རིམ་པ་གཉིས་པ་དེ་བྱུང་སྟེ་ཛ་དྲག་གི་སྐབས་སུ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཁག་གི་སྤྱི་སྒེར་གཉིས་ཀྱིས་སྔར་ལྷག་གཉན་རིམས་སྔོན་འགོག་དང་སྤྱི་ཚོགས་ཞབས་ཕྱིའི་ཐོག་ནུས་ཤུགས་བཏོན་དང་འདོན་བཞིན་པར་འཕྲོད་བསྟེན་ལས་ཁུངས་ངོས་ནས་སྙིང་ཐག་པ་ནས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར། ནུས་པ་མཉམ་སྤུངས་བྱས་པ་ལ་བརྟེན་ནས་སྤྱི་ཚོགས་ནང་གཉན་རིམས་མེད་པར་བཟོ་པའི་ནུས་པ་ཆེ་རུ་དང་ཇེ་མགྱོགས་སུ་ཕྱིན་ཡོད་པ། བོད་མིའི་སྒྲིག་འཛུགས་དང་ཚོགས་པ་ཁག དེ་བཞིན་མི་སྒེར་སུ་དང་སུས་ག་རེ་བྱེད་ཀྱི་ཡོད་མེད་ལ་མི་བལྟ་བར་སྒེར་ངོས་ནས་ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་ནུས་པ་མཉམ་སྤུངས་ག་རེ་བྱེད་ཐུབ་མིན་གྱི་ཐོག་ལ་བལྟ་དགོས་སྐོར་བརྗོད་བྱུང་།

ནད་པའི་གནས་སྟངས་སྐོར་ལ་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས། ད་ལྟ་རྒྱ་གར་གྱི་ས་གནས་གྲངས་ ༢༥ དང་བལ་ཡུལ་གྱི་ས་གནས་གྲངས་ ༧ གྱི་ནང་། རང་ཁྱིམ་དུ་ཟུར་བཀག་བྱེད་པའི་གྲངས་ ༧༩༣ དང་ཚོགས་སྡེ་ཁག་གི་ནང་གྲངས་ ༧༤༠ བཅས་ཁྱོན་ཟུར་བཀག་ལ་ཡོད་མཁན་བོད་མི་གྲངས་ ༡༥༣༣ ཡོད་པ་དང་།  འདས་པའི་བདུན་ཕྲག་གཅིག་གི་རིང་མདུན་དུ་འཐོན་ནས་ཞབས་ཕྱི་བྱེད་མཁན་གྲངས་ ༡༣༣༠ དང་བླ་གཉན་གྱི་ནད་གཞི་ཡོད་པ་གྲངས་ ༡༩༥༤ དང་། ལོ་ན་ ༦༠ ཡན་གྱི་མི་གྲངས་ ༦༧༠༤ དང་། ལོ་ན་ ༤༥ ཡན་གྱི་མི་གྲངས་ ༥༣༨༨ དང་། ལོ་ན་ ༡༨ ཡན་གྱི་མི་གྲངས་ ༣༠༤ བཅས་ཁྱོན་མི་གྲངས་ ༡༦༦༩༩ ལ་འགོག་ཁབ་བརྒྱབས་ཡོད་པ་དང་། འདས་པའི་བདུན་ཕྲག་གཅིག་གི་རིང་བོད་མི་ཏོག་དབྱིབས་གཉན་རིམས་ཀྱི་ནད་པ་ ༦༣༦ བྱུང་ཡོད་པའི་ཁྲོད་བགྲེས་ཤོས་ལོ་ན་ ༩༨ དང་ཆུ་ཤོས་ལོ་ན་ ༡ ཡིན་པ་དང་། བོད་མི་གྲངས་ ༡༨ འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ནད་མནར་འོག་ཡོད་པ་གྲངས་ ༡༥༢༤ ཡོད་སྐོར་དང་། དེ་བཞིན་ནུས་གསོའི་སྨན་གྲངས་ ༣༤༥༦༩ ལ་རིན་མེད་ཐོག་འགྲེམས་སྤེལ་ཞུས་ཡོད་པ། དེ་བཞིན་རྒྱ་གར་ནང་ས་གནས་ ༢༡ ནང་མི་གྲངས་ ༢༤༤༡ དང་བལ་ཡུལ་ནང་ས་གནས་ ༣ གྱི་ནང་མི་གྲངས་ ༡༢ བཅས་སུ་ཁྱོན་མི་གྲངས་ ༢༤༥༣ ལ་བརྟག་དཔྱད་བྱས་ཡོད་སྐོར་བརྗོད་འདུག

ཡང་སྨན་པ་མཚམས་གཅོད་ལགས་ཀྱིས། བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་འགོས་ཁྱབ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་བསྟུན། ནད་གཞི་ཛ་དྲག་གི་གནས་སྟངས་ལ་མ་ལྷུང་སྔོན་ནས་ཤེས་རྟོགས་ཡོང་སླད། འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་སྤྱི་ཚོགས་ཁྲོད་བརྟག་དཔྱད་གང་མང་བྱེད་ཐུབ་པར་འབད་བརྩོན་བྱེད་ཀྱི་ཡོད་པས། ནད་རྟགས་མངོན་ཚེ་སྨན་པར་བསྟེན་གཏུག་བྱེད་པ་དང་བརྟག་དཔྱད་བྱེད་པ། སྔོན་འགོག་གི་ཐབས་ལམ་ཁག་ལ་མི་མང་ངོས་ནས་གང་ཐུབ་བསྟེན་དགོས་པའི་འབོད་སྐུལ་དང་།  བོད་མི་མང་པོ་ཞིག་གིས་རྒྱ་སྨན་ཁོ་ན་ལས་བསྟེན་གྱི་མིན་སྐོར་དང་། ཡང་ཁག་ཅིག་གིས་ཕྱི་ལུགས་ཀྱི་སྨན་ཁོ་ན་ལས་བོད་སྨན་ལ་བསྟེན་གྱི་མིན་པ་བརྗོད་མཁན་འདུག་སྟབས། འདས་པའི་ཉམས་མྱོང་ལ་གཞིར་བཞག་ན་ཐེངས་འདིའི་གཉན་རིམས་ལ་བོད་སྨན་དང་ཕྱི་ལུགས་ཀྱི་སྨན་གཉིས་ཟུང་འབྲེལ་བྱས་ཏེ་བསྟེན་གཏུག་བྱས་ན་ཕན་ཐོགས་ཆེན་པོ་ཡོད་པ་གསལ་པོ་བྱུང་ཡོད་སྟབས། འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་དང་སྨན་པའི་ལམ་སྟོན་བཞིན་སྨན་བཅོས་དུས་འགྱང་མི་བྱེད་པའི་ཐོག་ནས་བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་སྨན་བཅོས་ལ་བསྟེན་དགོས་རྒྱུ་ནི་གལ་ཆེན་ཡིན་པ་དང་། ནད་མནར་སྐབས་ཟས་སྤྱོད་བསྟེན་ཕྱོགས་ཀྱང་གལ་ཆེན་ཡིན་སྐོར་གྱི་ལམ་སྟོན་གནང་འདུག

འགོག་ཁབ་དང་འབྲེལ་ནས་བདེ་ལེགས་སྨན་ཁང་གི་ཕྱི་ལུགས་སྨན་པ་རྣམ་གྲོལ་ལགས་ཀྱིས། ཉེ་ལམ་རྒྱ་གར་གཞུང་གི་འགོག་ཁབ་དང་འབྲེལ་ནས་ལམ་སྟོན་ཞིག་གནང་ཡོད་པའི་ནང་། ཏོག་དབྱིབས་གཉན་རིམ་ཕོག་མཁན་ཞིག་དྲག་བསྐྱེད་བྱུང་རྗེས་ཀྱི་ཟླ་གསུམ་གྱི་རིང་འགོག་ཁབ་མི་བརྒྱག་པ་དང་། འགོག་ཁབ་དང་པོ་བརྒྱབས་ནའང་གཉིས་པ་མ་བརྒྱབས་སྔོན་ནས་ཏོག་དབྱིབས་གཉན་རིམས་ཕོག་ཚེ། འགོག་ཁབ་གཉིས་པ་དེ་ནད་གཞི་དེ་དྲག་བསྐྱེད་བྱུང་ནས་ཟླ་གསུམ་གྱི་རྗེས་སུ་བརྒྱག་དགོས་པ། དེ་བཞིན་ནད་གཞི་ཕོག་ཟིན་པ་ཞིག་གི་ plasma ནད་པ་གཞན་ཞིག་སྤྲད་དེ་དྲག་བསྐྱེད་བྱུང་བའི་ནད་པ་དེ་ཚོས་ཀྱང་ཟླ་གསུམ་གྱི་རྗེས་སུ་འགོག་ཁབ་བརྒྱག་དགོས་པའི་ལམ་སྟོན་གནང་ཡོད་སྐོར་དང་། དེ་ལྟ་བུའི་ལམ་སྟོན་གནང་དགོས་པའི་རྒྱུ་མཚན་ནི་ཏོག་དབྱིབས་གཉན་རིམས་ཕོག་སྟེ་དྲག་བསྐྱེད་བྱུང་རྗེས་གང་ཟག་དེའི་ལུས་ཟུང་གིས་ནད་འབུ་དེར་གདོང་ལེན་བྱེད་པའི་ནུས་པ་གོང་མཐོར་ཕྱིན་ཡོད་པ་དང་། དེའི་ནུས་པ་ཟླ་གསུམ་ཙམ་གྱི་རིང་གནས་ཀྱི་ཡོད་སྐོར་དང་། ཡང་གལ་སྲིད་མི་སུ་ཞིག་ནད་གཞི་གང་རུང་ཞིག་གི་འོག་ནས་ཛ་དྲག་གི་གནས་སྟངས་འོག་ལྷུང་བ་ཡིན་ཚེ། ནད་གཞི་དེ་ལས་དྲག་བསྐྱེད་བྱུང་རྗེས་ཀྱི་ཟླ་གཅིག་དང་གཉིས་ཀྱི་རྗེས་ནས་འགོག་ཁབ་བརྒྱག་དགོས་སྐོར། ལྷག་པར་དུ་འགོག་ཁབ་གཉིས་ཀ་བརྒྱབས་ཚར་རྗེས་ཀྱི་བདུན་ཕྲག་གཉིས་ཀྱི་རྗེས་སུ་མ་གཏོགས་མི་གཞན་ལ་ཁྲག་གི་སྤྱིན་གཏོང་མི་བྱེད་པ་དང་། དེ་བཞིན་མཆིན་ནད་དང་ཆམ་རིམས་ཀྱི་འགོག་ཁབ་སོགས་བརྒྱག་དགོས་བྱུང་ཚེ་ངེས་པར་དུ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་བརྒྱབས་རྗེས་ཀྱི་བདུན་ཕྲག་གཉིས་ཀྱི་རྗེས་སུ་བརྒྱག་དགོས་སྐོར་གྱི་ལམ་སྟོན་གནང་ཡོད་སྐོར་འགྲལ་བརྗོད་གནང་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

སྐར་མ ༨ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་མཆོག་ལ་ འཛམ་གླིང་རྒྱལ་ཁབ་གཞན་མས་ བློན་ཆེན་དཔོན་རིགས་ཚོ་ལ་ Bullet Proof Jacket རེད། བློ་བཟང་སེང་གེ་ལ་དམིགས་བསལ་གྱི་ Corona Proof Jacket ? ཡོད་ས་རེད་པས་ ?

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese