མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ཕྱོགས་ནས་ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོ་མཚམས་འཇོག་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཇེ་མང་དུ་ཕྱིན་པ་བསྟུན་དང་རྒྱ་ནག་གིས་བོད་ཕྱོགས་ཇོ་མོ་གླང་མའི་ཡང་རྩེར་འཛེགས་རྒྱུ་མཚམས་འཇོག་དང་བལ་ཡུལ་ཕྱོགས་ཀྱི་རི་འཛེགས་པ་ཚོས་མུ་མཐུད་རི་འཛེགས་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་འདུག

ཁ་སང་རྒྱ་གར་གྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་བལ་ཡུལ་དུ་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག་ཏོག་དབྱིབས་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པ་དང་བསྟུན། བལ་ཡུལ་བརྒྱུད་ནས་ཡོང་བའི་རི་བོ་ཇོ་མོ་གླང་མར་འཛེགས་མཁན་ཁྲོད་ཏོག་ནད་ཅན་མང་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་བོད་ཕྱོགས་ཇོ་མོ་གླང་མར་འཛེགས་རྒྱུའི་བྱེད་སྒོ་མཚམས་འཇོག་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེ་འབྲེལ་གནས་ཚུལ་ནང་། ད་ལྟ་ཆར་བོད་དང་བལ་ཡུལ་གཉིས་ཕྱོགས་ན་འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་ཡོང་བའི་རི་འཛེགས་པ་མང་པོས་ཇོ་མོ་གླང་མའི་ཡང་སྟེང་དུ་འཛེགས་པའི་འགྲན་རྩོད་མགོ་བརྩམས་ཡོད་ཀྱང་། བལ་ཡུལ་ཕྱོགས་ནས་རི་འཛེགས་ཀྱི་བྱེད་སྒོར་ཞུགས་མཁན་ཁྲོད་ཏོག་དབྱིབས་ནད་གཞི་ཕོག་པའི་གྲངས་འབོར་ཆེ་སྟབས། རྒྱ་ནག་གིས་ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོ་མཚམས་འཇོག་གིས། བོད་ཕྱོགས་ནས་ཡོང་བའི་རི་འཛེགས་པ་ཚོའི་རྒྱལ་ཁ་ལེན་དགོས་པའི་བསམ་པའི་རྨི་ལམ་མེད་པར་གྱུར་ཡོད་སྐོར་བརྗོད་འདུག་པ་དང་། བལ་ཡུལ་ཕྱོགས་ཀྱི་རི་འཛེགས་པ་ཚོར་ཏོག་ནད་ཕོག་པའི་ནད་རྟགས་ཐོན་པར་བརྟེན། ཉེ་སྔོན་རྒྱ་ནག་གཞུང་གིས་ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོའི་ཁྲོད་ནད་ཡམས་འགོས་ཁྱབ་བཀག་འགོག་སླད་ཇོ་མོ་གླང་མའི་རི་རྩེ་ནས་དབྱེ་མཚམས་བཟོས་ཡོད་པ་རེད།

ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོའི་ཁྲོད། བལ་ཡུལ་ཕྱོགས་ནས་ཁྱོན་མི་གྲངས་ ༤༠༧ དང་རོགས་བྱེད་མཁན་བརྒྱ་ཙམ་བཅས་ཁྱོན་མི་གྲངས་ལྔ་བརྒྱ་ལྷག་ཡོད་པ་དང་། རྒྱ་ནག་ཕྱོགས་ནས་ཁྱོན་མི་གྲངས་ ༤༠༠ ཡས་མས་ཙམ་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་འདི་ལོར་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་བཀག་འགོག་སླད་ཕྱིའི་རྒྱལ་ཁབ་ཁག་གི་རི་འཛེགས་པ་བཀག་འགོག་བྱས་ཡོད་འདུག་མོད། ཆོག་མཆན་ཐོབ་པའི་བོད་ཕྱོགས་ཀྱི་རི་འཛེགས་པ་རྣམས་ནས་མུ་མཐུད་ཇོ་མའི་གླང་མའི་རི་འཛེགས་བྱེད་སྒོ་ཞུགས་ཐུབ་ཀྱི་མེད་པ་རེད།

ཨ་རིའི་ནེའུ་ཡོག་དུས་བབ་ཀྱི་གནས་ཚུལ་ལྟར་ན། ཉེ་སྔོན་ཇོ་མོ་གླང་མའི་ཡང་རྩེར་འཛེགས་མཁན་ཁྲོད་ཀྱི་ཨ་རི་བ་དང་སུད་སི། པ་ཀི་སི་ཐན་བཅས་ཀྱི་མི་གསུམ་རྐྱེན་འདས་སུ་ཕྱིན་ཞིང་། རི་འཛེགས་བྱེད་སྒོའི་ལས་བྱེད་ཚོས་ཁོ་ཚོ་ཏོག་ནད་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་ཡོད་སྐོར་བསྒྲགས་ཡོད་པ་དང་། དེ་བཞིན། ནོར་ཝེ་རྒྱལ་ཁབ་ཀྱི་མི་སེར་ཞིག་ལ་ཏོག་ནད་ཕོག་སྟེ་ཐད་འཕུར་གནམ་གྲུ་བརྒྱུད་རྒྱལ་ས་ཀ་ཐི་མཎ་ཌི་རུ་ཛ་དྲག་མྱུར་སྐྱོབ་བྱེད་དགོས་བྱུང་ཡོད་པ་རེད།

ཉེ་བའི་ཆར་བལ་ཡུལ་དུ་ཏོག་ནད་ནད་རྟགས་ཐོན་པའི་བརྒྱ་ཆ་ ༤༥ བྱུང་བ་དང་ཉིན་རེར་ཏོག་ནད་ཅན་ ༩༠༠༠ ཙམ་བྱུང་གི་ཡོད་སྟབས། ཇོ་མོ་གླང་མའི་ཡང་རྩེར་འཛེགས་མཁན་ཁྲོད་ཏོག་ནད་ཅན་གྱི་གྲངས་འབོར་འཕར་ཏེ། ད་ལྟའི་ཆར་རི་འཛེགས་པ་མང་པོ་ཞིག་ཕྱིར་ལོག་མ་ཐུབ་པ་དང་རི་འཛེགས་ཀྱི་བྱེད་སྒོ་མུ་མཐུད་སྤེལ་རྒྱུར་དཀའ་འཕྲད་ཀྱི་ཡོད་འདུག

བོད་ཀྱི་རི་བོ་ཇོ་མོ་གླང་མ་ནི་འཛམ་གླིང་ཐོག་རི་བོ་མཐོ་ཤོས་ཤིག་ཡིན་པའི་རྐྱེན་གྱིས་གོ་ལ་ཡོངས་ནས་རི་འཛེགས་བྱེད་མཁན་མང་པོ་་ཡོང་གི་ཡོད་ཅིང་། ལོ་ལྟར་ཉམས་མྱོང་ཡོད་པའི་རི་ལ་འཛེགས་མཁན་རྣམས་ཇོ་མོ་གླང་མའི་ཡང་རྩེར་འཛེགས་རྒྱུའི་ཐོ་འགོད་བྱེད་ཀྱི་ཡོད་པ་ལྟར། འདི་ལོར་མི་གྲངས་ ༩༠༠ ཙམ་ཇོ་མོ་གླང་མའི་རི་འཛེགས་བྱེད་སྒོ་ཞུགས་ཤིང་། ཇོ་མོ་གླང་མའི་རི་རྩེར་འཛེགས་པར་འགྲོ་ལམ་གཉིས་ཡོད་པ་ལས་དང་པོ་དེ་བལ་ཡུལ་ནས་ཡིན་པ་དང་གཞན་དེ་བོད་ཀྱི་བྱང་ཕྱོགས་ནས་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

ཆུ་ཚོད་ ༢༣ སྔོན་ལ།
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

༢༠༢༣/༠༦/༠༥
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

༢༠༢༣/༠༦/༠༥
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist