མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གྷལ་ཝན་ལུང་གཞུང་གི་དམར་འཛིང་དོན་རྐྱེན་དང་འབྲེལ་ཏེ་རྒྱ་མི་ཞིག་ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༡
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོའི་གྷལ་ཝན་ལུང་གཞུང་གི་རྒྱ་དཀར་ནག་བར་གྱི་དམར་འཛིང་ཁྲོད་ཞུགས་པའི་རྒྱ་ནག་གི་དམག་མིར་དམའ་འབེབ་སྐུ་འདེབས་བྱས་པའི་ཉེས་མིང་འོག་ཆུ་ཀྲི་མིང་ཟེར་བ་ཞིག་ལ་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཁ་སང་རྒྱ་ནག་གི་གྲོང་ཁྱེར་ནན་ཅིན་གི་ཁྲིམས་ཁང་ཞིག་གིས་དྲ་ལམ་རྗེས་འབྲང་བ་ས་ཡ་ ༢ ལྷག་ཡོད་པའི་ཆུ་ཀྲི་མིང་(Qiu Ziming)ཟེར་བའི་སྐྱེས་པ་ཞིག་ལ། འདས་ལོར་རྒྱ་གར་གྱི་བྱང་ཕྱོགས་གྷལ་ཝན་ལུང་གཞུང་དུ་ཆགས་པའི་བོད་ཧིན་ས་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་བྱུང་བའི་ཁྲོད་རྐྱེན་འདས་སུ་སོང་བའི་རྒྱའི་དམག་མི་རྣམས་ལ་སྐུར་འདེབས་དང་དམའ་འབེབ་བྱས་པར་ཟླ་བ་ ༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཁ་སང་ཁྲིམས་ཁང་གི་བཅད་ཁྲའི་ནང་། ཆུ་ཀྲི་མིང་གིས་རྒྱལ་ཁབ་ཀྱི་དཔའ་བོ་རྣམས་ཀྱི་མཚན་མཐོང་ལ་གུས་བརྩི་མེད་པའི་བྱ་སྤྱོད་སྤེལ་ཡོད་པ་དང་། ཁོ་པས་རང་འགུལ་གྱི་ཐོག་ནས་རང་གི་ནག་ཉེས་ངོས་ལེན་བྱས་པ་མ་ཟད། མ་འོངས་པར་འདི་ལྟ་བུའི་བྱས་ཉེས་རིགས་མི་སྤེལ་རྒྱུའི་ཁས་ལེན་བྱས་པར་བརྟེན། ད་ཐེངས་ཉེས་ཆད་ལྕི་མོ་བཀལ་མེད་པ་དང་། བཅད་ཁྲ་བཏང་ནས་ཉིན་གྲངས་ ༡༠ ནང་ཚུད་ལ་ཆུ་ཀྲི་མིང་གིས་རྒྱལ་ཡོངས་ཀྱི་བརྙན་འཕྲིན་བརྒྱུད་ལམ་ཐོག་དགོངས་སེལ་ཞུ་དགོས་སྐོར་བཤད་ཡོད་འདུག འོན་ཀྱང་། ཆུ་ཀྲི་མིང་ཉེན་རྟོག་པའི་བཀག་ཉར་འོག་ཡོད་སྐབས་ཏེ། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་བརྒྱུད་དགོངས་སེལ་ཞུས་ཟིན་ཡོད་པ་མ་ཟད། ཁོ་པའི་ཝེ་པོ་དྲ་བྱང་དེའང་ལོ་གཅིག་རིང་སྒོ་བརྒྱབ་ཡོད་པ་རེད།

རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་གི་གནས་ཚུལ་ལྟར་ན། ད་ལྟ་རང་ལོ་ ༣༨ ཡིན་པའི་མིང་ལ་ཆུ་ཀྲི་མིང་ཟེར་བའི་སྐྱེས་པ་དེས་འདི་ལོའི་ཕྱི་ཟླ་ ༢ པའི་ ༡༩ ཉིན་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཝེ་པོ་ནང་།  གྷལ་ཝན་ལུང་གཞུང་དུ་རྐྱེན་འདས་སོང་བའི་རྒྱའི་དམག་མི་བཞི་ལ་སྐུར་འདེབས་བྱས་ཚུལ་བཀོད་འདུག་ཀྱང་། ཁོ་པས་ཝེ་པོ་དྲ་བའི་སྟེང་། རྒྱ་ནག་གཞུང་གིས་གྷལ་ཝན་ལུང་གཞུང་དུ་རྒྱའི་དམག་མི་བཞི་རྐྱེན་འདས་སུ་སོང་ཡོད་སྐོར་བསྒྲགས་ཡོད་ནའང་། དོན་དངོས་ཐོག་རྐྱེན་འདས་སོང་བའི་དམག་མིའི་གྲངས་འབོར་དེ་ལས་མང་བ་ཡིན་སྲིད་སྐོར་དང་། གདོང་ཐུག་ཁྲོད་རྒྱའི་དམག་དཔོན་དེ་རྐྱེན་འདས་མ་སོང་བའི་རྒྱུ་རྐྱེན་ནི་ཁོ་པས་དམག་མིའི་ནང་གི་གོ་གནས་མཐོ་ཤོས་དེ་བཟུང་ཡོད་པས་ཡིན་སྐོར་སོགས་བརྗོད་ཡོད་འདུག གཞན་ཡང་། ནན་ཅིན་ཉེན་རྟོག་པས་ཆུ་ཀྲི་མིང་གིས་བརྙན་ཐུང་དེ་སྤེལ་བའི་ཕྱི་ཉིན་དེར་མང་ཚོགས་ཀྱི་ཡར་ཞུ་བྱས་པར་བརྟེན་འཛིན་བཟུང་བྱས་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་ད་བར་འདས་ལོའི་གྷལ་ཝན་ལུང་གཞུང་གི་གནད་དོན་དང་འབྲེལ་ཏེ། རྒྱལ་ཁབ་ཀྱི་དཔའ་བོར་སྐུར་འདེབས་བྱས་པའི་མིང་ཐོག་ནས་ཉུང་མཐར་རྒྱའི་མི་སེར་ ༧ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡ ཉིན་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་ཁབ་ཀྱི་དཔའ་བོ་རྣམས་ཀྱི་མཚན་མཐོང་སྲུང་སྐྱོབ་(Heroes and Martyrs Protection Law) ཀྱི་ཁྲིམས་ཡིག་ཅིག་གཏན་འབེབ་བྱས་ཡོད་ནའང་། དེ་ནི་སྤྱི་དམངས་ཁྲིམས་ཡིག་(Civil law)ཅིག་ཡིན་སྟབས་ཁྲིམས་ཁང་ནས་ཐད་ཀར་ཉེས་ཆད་གཅོད་ཐབས་མེད་སྟབས། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡ ཉིན་རྒྱ་ནག་གཞུང་གིས་ནག་ཉེས་ཁྲིམས་ཡིག་ (criminal law) ནང་དོན་ཚན་གསར་པ་ ༢༢ ཁ་སྣོན་བྱས་ཏེ། རྒྱལ་ཁབ་ཀྱི་དཔའ་བོ་རྣམས་ལ་མཐོང་ཆུང་དམའ་འབེབས་དང་སྐུར་འདེབས་བྱེད་མཁན་རིགས་ལ་ལོ་གསུམ་ལས་མི་མང་བའི་བཙོན་འཇུག་ཁྲིམས་ཐག་གཅོད་དགོས་སྐོར་བཀོད་ཡོད་པ་རེད། ཕྱིའི་དབྱེ་ཞིབ་པ་རྣམས་ཀྱིས་རྒྱ་ནག་གི་དཔའ་བོ་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་དེ་ནི་གཙོ་བོ་རྒྱ་ནག་གཞུང་གི་གཞུང་འབྲེལ་ལོ་རྒྱུས་འགྲེལ་བརྗོད་དེ་ཉིད་སྲུང་སྐྱོབ་བྱ་ཆེད་ཡིན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་རང་གི་ཁེ་ཕན་གྱི་ཆེད་དུ་ལོ་རྒྱུས་བཅོས་སྒྲིག་བྱ་རྒྱུའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་སྐོར་སྐྱོན་བརྗོད་བྱེད་ཀྱི་འདུག

གསར་འགོད་པ། པ་སངས་ཚེ་རིང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist