མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཏོག་དབྱིབས་འགོག་ཁབ་ཐེངས་གསུམ་པ་རྒྱག་དགོས་སྲིད་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་ཏོག་དབྱིབས་ནད་འབུའི་ངོ་བོ་གསར་པ་ཞིག་བྱུང་སྟེ་ཛ་དྲག་གནས་སྟངས་འོག་རྒྱ་ནག་གི་ལོ་གསུམ་ནས་བཅུ་བདུན་བར་གྱི་བྱིས་པ་ཚོར་འགོག་ཁབ་རྒྱག་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཉེ་སྔོན་རྒྱ་ནག་ཀོང་ཏུང་ཞིང་ཆེན་ནང་གཞན་འགྱུར་གྱི་ཏོག་དབྱིབས་ནད་འབུའི་ངོ་བོ་གསར་པ་ཞིག་ཐོན་པ་དང་བསྟུན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ནས་རྒྱ་ནག་གི་(Sinovac)ཏོག་དབྱིབས་སྨན་ལ་ཛ་དྲག་བཀོལ་སྤྱོད་ཀྱི་ཆོག་མཆན་སྤྲད་པ་བརྒྱུད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ཀྱི་ལོ་ན་ ༣ ནས་ ༡༧ བར་གྱི་བྱིས་པ་འགོག་ཁབ་དེ་ཉིད་བཀོལ་གྱི་ཡིན་སྐོར་བརྗོད་འདུག

དེ་ཡང་རྒྱ་ནག་གི་ཏོག་དབྱིབས་འགོག་ཁག་གསར་པ་ད་ལྟའི་ཆར་སྨན་དཔྱད་ཀྱི་ཚོད་ལྟའི་རིམ་པ་གཉིས་པའི་ནང་ཡོད་པ་དང་། འགོག་ཁབ་བཟོ་སྐྲུན་པའི་སྤྱི་ཁྱབ་འགན་འཛིན་ཡེན་ཝའེ་ཏོན་(Yin Weidong) ཟེར་བས། ལོ་ ༣ ནས་ ༡༧ བར་གྱི་དང་བླངས་མི་ མང་བརྒྱ་ལྷག་ལ་ཏོག་དབྱིབས་འགོག་ཁབ་དེ་ཚོད་ལྟ་བྱེད་སྐབས། འགོག་ཁབ་དེར་གནོད་སྐྱོན་མེད་པ་མ་ཟད། མི་རྒན་པ་ལའང་རྒྱག་ཆོག་གི་ཡོད་སྐོར་བརྗོད་ཡོད་པ་རེད་ལ། ཉེ་སྔོན་རྒྱ་ནག་ནང་བྱུང་བའི་ཏོག་དབྱིབས་ནད་འབུ་དེ་ཉིད་ནད་འབུ་སྔོན་མ་ཁག་དང་བསྡུར་ན་འགོ་སླ་ཞིང་འབུའི་གྲངས་འབོར་ལྡབ་གཉིས་ལས་མང་བའི་རྒྱ་ནག་ཏུ་བྱུང་བའི་ནད་འབུ་རིགས་གསར་པ་ཞིག་ཆགས་ཀྱི་ཡོད་འདུག

ཡང་ཟླ་སྔོན་མའི་ནང་ཨ་རིའི་སྨན་རྫས་བཟོ་གྲྭ་ཧྥེ་ཛར་ (Pfizer) སྨན་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ (Albert Bourla) ལགས་ནས་འཛམ་གླིང་མི་མང་ལ་ད་ཡོད་སྔོན་འགོག་ཁབ་ཐེངས་གཉིས་རྒྱག་སྲོལ་ཡོད་པའི་སྟེང་རིམ་པ་གསུམ་པའི་འགོག་ཁབ་རྒྱག་དགོས་སྲིད་སྐོར་བརྗོད་ཡོད་པ་དང་སྦྲགས། ད་ལྟའི་ཆར་རྒྱ་ནག་གི་ཆེད་ལས་མཁས་པ་ཚོས་ཀྱང་ཏོག་དབྱིབས་འགོག་ཁབ་གཉིས་ཀྱི་གྲུབ་འབྲས་ལ་ཞིབ་འཇུག་བྱས་པ་བརྒྱུད་འགོག་ཁབ་ཐེངས་གསུམ་མི་རིང་བར་རྒྱ་ནག་ནང་རྒྱག་འཆར་ཡོད་སྐོར་བརྗོད་འདུག

ཡང་དེ་རིང་རྒྱ་ནག་གཞུང་འབྲེལ་གྱི་ཚན་རྩལ་ཚགས་པར་ཐོག་སྤེལ་བའི་གནས་ཚུལ་ནང་། ད་ལྟ་རྒྱ་ནག་གི་ཆེད་ལས་པས་འཛམ་གླིང་ནང་ཏོག་དབྱིབས་འགོག་ཁབ་རྒྱག་གི་ཡོད་པའི་རྣམ་པར་འགྱུར་བ་བཏང་སྟེ། ཏོག་གསར་རླངས་སྒྱུར་རྔུབ་རུང་འགོག་སྨན་ཞིག་གསར་དུ་བཟོས་ཏེ། གཞུང་ནས་བེད་སྤྱོད་ཆོག་པའི་ཆོག་མཆན་འཐོབ་རྗེས་འཕྲལ་མར་བསྟུན་བེད་སྤྱོད་བྱ་ཐུབ་པའི་རེ་བ་རྒྱག་གི་ཡོད་འདུག

རླངས་སྒྱུར་རྔུབ་རུང་འགོག་སྨན་ནི་ཁབ་རྒྱག་པའི་ལམ་སྲོལ་ལ་འགྱུར་བཅོས་ཀྱིས། སྟབས་བདེ་ངང་འགོག་སྨན་རླངས་སྒྱུར་གྱིས་རྔུབ་ཆོག་པར་བཟོས་པ་དང་། རླངས་སྒྱུར་རྔུབ་རུང་འགོག་སྨན་དེ་སྤྱོད་སླ་ཞིང་ཁབ་བརྒྱབ་པ་ལྟར་ན་ཟུག་མེད་པ་མ་ཟད། མི་རང་ཉིད་ཀྱི་ལག་ཏུ་བཟུང་ནས་བསྐྱོད་སྐོར་སོགས་བསྒྲགས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist