མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧིན་སྒོར་འབུམ་བདུན་དང་ཕྱེད་ཀ་ཙམ་བོད་མིའི་རང་དབང་མ་དངུལ་ཆེད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་འོས་བསྡུའི་ལས་འགུལ་གྱི་མ་དངུལ་ལྷག་འཕྲོ་ཧིན་སྒོར་འབུམ་བདུན་དང་ཕྱེད་ཀ་ཙམ་བོད་མིའི་རང་དབང་མ་དངུལ་གྱི་ལས་འཆར་ཆེད་ཞལ་འདེབས་སུ་གནང་འདུག

དེ་རིང་ཕྱི་ཚེས་ ༧ ཉིན་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱི་གཞུང་འབྲེལ་ངོ་དེབ་ཐོག་སྤེལ་བའི་གནས་ཚུལ་ལྟར་ན། བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱ་སྐྱེད་དང་བོད་དོན་དྲིལ་བསྒྲགས་ཁྱབ་ཚད་ཆེ་རུ་གཏོང་ཆེད། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ལས་འགུལ་གྱི་སྒེར་གྱི་མ་དངུལ་ལྷག་མ་ཧིན་སྒོར་འབུམ་བདུན་དང་ཕྱེད་ཀ་ཙམ་བོད་མིའི་རང་དབང་མ་དངུལ་གྱི་ལས་འཆར་ཁག་ལག་བསྟར་ཡོང་ཆེད་དུ་ཞལ་འདེབས་སུ་གནང་ཡོད་འདུག

འདི་གའི་གསར་འགོད་པར་བོད་མིའི་རང་དབང་མ་དངུལ་ལས་གཞི་གསར་འཛུགས་གནང་མཁན་གྲས་བུ་ཆུང་སྐལ་བཀྲ་ལགས་ཀྱིས། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་ལས་རིམ་ཁྲོད་སྲིད་སྐྱོང་འོས་མི་དབུ་དཀར་ཚང་སྐལ་རྡོར་ལགས་ཀྱིས་བོད་མིའི་རང་དབང་མ་དངུལ་ཞེས་པའི་ལས་འཆར་ཞིག་ངོ་སྤྲོད་གནང་རྗེས་ལས་གཞི་དེ་མགོ་འཛུགས་བྱས་ཡོད་པ་དང་། བོད་མིའི་རང་དབང་མ་དངུལ་གྱི་ལས་གཞིའི་དམིགས་ཡུལ་གཙོ་བོ་ནི། བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱ་སྐྱེད་དང་བོད་དོན་དྲིལ་བསྒྲགས་ལས་འགུལ་གྱི་ཁྱབ་རྒྱ་ཆེ་རུ་གཏང་རྒྱུར་དམིགས་པ་ཞིག་ཡིན་སྟབས། ལས་འཆར་འདི་དངོས་སུ་ལག་བསྟར་གནང་ཐབས་སུ་ཨ་རིའི་དོན་གཅོད་ཟུར་པ་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཁོང་གི་འོས་བསྡུའི་ལས་འགུལ་གྱི་མ་དངུལ་ལྷག་མ་ཧིན་སྒོར་འབུམ་བདུན་དང་ཕྱེད་ཀ་ཙམ་བོད་མིའི་རང་དབང་མ་དངུལ་འཛུགས་ཆེད་དུ་ཞལ་འདེབས་གནང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཡོངས་ཁྱབ་གསལ་བསྒྲགས་ནང་དུ། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་མི་དབུས་དཀར་ཚང་སྐལ་བཟང་རྡོ་ལགས་ཀྱིས་ཐེངས་འདིའི་སྒེར་གྱི་འོས་བསྡུའི་མ་དངུལ་ལྷག་མ་ནས་ཧིན་སྒོར་འབུམ་གཅིག་དང་སྟོང་དྲུག་ལྷག་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་ཆེད་ཞལ་འདེབས་གནང་ཟིན་ཡོད་འདུག་ལ། ཐེངས་འདིར་བོད་མིའི་རང་དབང་མ་དངུལ་ལས་གཞིའི་ཆེད་ཧིན་སྒོར་འབུམ་བདུན་དང་ཕྱེད་ཀ་ཙམ་གནང་ཡོད་པའི་སྐོར་ལ་དབུ་དཀར་ཚང་སྐལ་བཙང་རྡོ་རྗེ་ལགས་ཀྱིས། བོད་མིའི་སྤྱི་ཚོགས་ཡུན་གནས་དང་མཐུན་སྒྲིལ་གྱི་གཞི་རྩ་གཙོ་བོ་ནི་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཆེ་ཆུང་ལ་ཐད་ཀར་རག་ལས་ཡོད་པས། བོད་མིའི་རང་དབང་མ་དངུལ་ཞེས་པའི་ལས་གཞི་འདིས་བོད་དོན་ལས་འགུལ་བ་རྣམས་ལ་བསམ་བློ་ཡར་སྐུལ་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་ཞུས་ནས་བོད་མིའི་རང་དབང་འཐབ་རྩོད་རྒྱུན་གནས་ཐུབ་པར་རམ་འདེགས་ཆེན་པོ་བྱེད་ཐུབ། ཅེས་གསུངས་འདུག

གསལ་བསྒྲགས་གནང་བ་ལྟར་ན། བོད་མིའི་རང་དབང་ལས་འགུལ་དེ་ནི་ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུའི་དྲིལ་བསྒྲགས་སྐབས་འོས་མི་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཀྱིས་ཐོག་མར་གྲོས་འདོན་གནང་ཞིང་། ལས་གཞི་དེར་རྒྱབ་སྐྱོར་མཚོན་ཆེད་དུ་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་མ་སྐུལ་དྭང་བླང་གིས་ཉིན་རེར་རང་ཉིད་གནས་སྡོད་བྱེད་སའི་ཡུལ་ལུང་གི་དངུལ་སྒོར་རེ་ཞལ་འདེབས་གནང་སྟེ། རྒྱ་གར་གཙོ་བོར་གྱུར་བའི་རྒྱལ་ཁབ་ཁག་གི་ནང་བོད་མིའི་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱ་སྐྱེད་དང་བོད་དོན་དྲིལ་བསྒྲགས་ཁྱབ་ཆེར་གཏོང་ཆེད་དུ། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་གསར་བསྐྲུན་དང་དངོས་བྱུང་གློག་བརྙན་ཕབ་ལེན་གྱི་བྱ་བའི་རིགས། ནུས་སྟོབས་གོང་སྤེལ་དང་འཐབ་རྩོད་སྐྱེད་སྲིང་ལ་དམིགས་པའི་བྱེད་སྒོའི་རིགས། རྒྱ་ནག་ལ་ངོ་རྒོལ་སོགས་ཛ་དྲག་གི་ལས་འགུལ། ཚོགས་འདུ་དང་མི་མང་འདུ་སྐོང་སོགས་དཔལ་འབྱོར་གྱི་རྒྱབ་སྐྱོར་དགོས་གལ་ཆེ་བའི་བྱ་བའི་རིགས་ལ་ཧིན་སྒོར་ཁྲི་ལྔ་མན་གྱི་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་ཐབས་བྱེད་པ་ཞིག་ཡིན་འདུག་ལ། ལས་གཞི་དེའི་དཔལ་འབྱོར་གྱི་རྒྱབ་སྐྱོར་ཐོབ་མིན་གཙོ་བོ་ནི་དོ་བདག་གི་ལས་གཞིའི་དགོས་དམིགས་གཙོ་བོར་བཟུང་སྟེ་ཐག་གཅོད་བྱ་རྒྱུ་དང་། བོད་མིའི་ཚོགས་སྒེར་གང་རུང་གིས་ལས་གཞི་གང་ལ་དཔལ་འབྱོར་གྱི་རྒྱབ་སྐྱོར་སུ་ལ་དགོས་མིན་མཚམས་སྦྱོར་ཡང་ཞུ་ཆོག་པ་ཞིག་ཡིན་འདུག

གསར་འགོད་པ། ཀླུ་མགོན་ཐར།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠

མཆན། 2

  1. Sonam Gyaltsen says:
    ལོ་ 5 སྔོན།

    ད་ལན་ དབུ་དཀར་ཚང་ཅོ་སྐལ་རྡོར་གྱིས་འོས་བསྡུ་རྒྱུག་འབྲས་དངུལ་ལྷག་མ་ ཧིན་སྒོར་ འབུམ་བདུན་དང་ཕྱེད་ཀ་འདི་གེ་ བོད་རང་དབང་ལས་འགུལ་ལ་ཞལ་འདེབས་གནང་ཟེར་བ་དེ། ང་ཚོ་མི་མང་ནས་ ཧང་ནམ་ཡང་མི་སང་། ང་ཚོ་མི་མང་ནས་་་ ཅོ་སྐལ་རྡོར་གྱིས་ཨ་རི་དོན་གཅོད་ཁང་གི་ ༧གོང་ས་མཆོག་གི་སྐུ་པར་མར་ཕབ་པ་དང་གཅིག བློ་སེང་ཁོང་གཉིས་ཀྱི་ དགའ་ལྡན་ཕོ་བྲང་ལས་ཤོག་ཟེར་ན་ ༧གོང་ས་མཆོག་གི་བཀའ་ཡིག་རྫུན་མ་བཟོས་པ་གཉིས་དེ་ ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད། “སོལ་བ་རྦད་དེ་བཀྲུ་ན་ཡང་། དཀར་པོ་ཆགས་པ་མི་སྲིད་དོ།།”

    Reply
  2. ཆོས་འགྱུར says:
    ལོ་ 5 སྔོན།

    ༄༅།། གངས་ཅན་པ་བསྐལ་རྡོ་ལགས། ཡག་གི་བོད་རྕ་དོན་ལ་ཞལ་འདེབས་བཀྲིན་ཆེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese