མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐད་ཀར་མང་གཙོའི་ཐག་གཅོད།

བོད་ཀྱི་དུས་བབ།
༢༠༢༡/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

———- ངས་བསམ་ན་ལམ་དབུ་མ་འདི་ཙམ་ལས་ལྷག་མི་འདུག

ཚེ་རིང་རྒྱལ།

སྐབས་ ༡༦ པའི་སྤྱི་འཐུས་ཚོས་བཟོས་པའི་ད་རེས་ཀྱི་དཀའ་རྙོག་ཐད།  སྤྱི་འཐུས་ཚོས་མང་ཚོགས་ལ་ཁ་བསྐོར་ཏེ་བཅའ་ཁྲིམས་དང་འབྲེལ་བའི་དཀའ་རྙོག་ཅིག་ཡིན་ཚུལ་འགྲེལ་བཤད་སྣ་ཚོགས་རྒྱག་གིན་ཡོད་ནའང་། དོན་གྱིས་ཁོ་ཚོའི་སེམས་གཏིང་ནས་ནང་ཁུལ་ཕན་ཚུན་དགྲ་འཛིན་གྱི་ཁྱོད་ཤི་ང་གསོན་གྱི་འཁོན་ལན་བསློག་སྟངས་ཤིག་ཡིན་པ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་བ་ཞིག་ཆགས་ཡོད།  ཁོ་ཚོས་འཁྲབ་སྟོན་དང་འགྲེལ་བཤད་ཅི་ཞིག་བརྒྱབ་ཀྱང་རུང་། ཁོ་ཚོའི་མཐའ་མའི་ཕུགས་ཀྱི་འབབ་ས་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་གསུམ་ནུས་མེད་བཟོས་ཏེ་ཕན་ཚུན་གཉའ་གཅོག་རེས་ཀྱིས་སོ་སོའི་དབང་ཤུགས་ངོམས་རྒྱུ་དེ་རེད། སྤྱི་འཐུས་དེ་ཚོར་ལྷག་བསམ་དང་ཤེས་འཇོན་གང་ཐད་ནས་ལྟ་བཟོ་ཞིག་ཡེ་ནས་ལྷག་མི་འདུག  “འབྲུག་གྲགས་སྟངས་ལ་བལྟས་ན། ཆར་ཐང་རྟགས་མིན་པ་ཁོ་ཐག་རེད།”

སྤྱི་འཐུས་ཚོའི་སྐད་ཆར་གཏད་སོ་སྣ་གཅིག་མེད་པ་དེ་ཁོ་ཚོས་འགྲེལ་བཤད་རིམ་པ་ལས་ས་རིས་ཐང་གསལ་ཆགས་ཡོད། ཁོ་ཚོས་རང་ཉེས་འགེབ་ཐབས་སུ་འཁྱེར་ཡོང་བའི་ཚིག་སྔ་ཕྱི་རིམ་པ་ཡོད་ཚད་རྐང་ཚུགས་མ་ཐུབ་པར་མཐའ་མར་གད་སྙིགས་ཁྲོད་ལྷུང་ཡོད། ད་ལྟའི་ཆར་རང་ཉེས་འགེབ་བྱེད་དུ་ཤི་འཐམ་རོ་འཐམ་བྱེད་ས་དེ་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ཆགས་ཡོད། གྲོས་ཆོད་སྣ་ནག་མ་དེ་རྒྱུན་ལྡན་མ་ཡིན་པའི་གསང་བ་སྦུག་སྦུག་ཅིག་གི་ལམ་ནས་གློ་བུར་གྲོས་ཚོགས་སུ་སླེབས་ཏེ་གཡོ་འཕྲུལ་སྣ་ཚོགས་ཀྱི་སྒོ་ནས་སྤྱི་འཐུས་སུམ་ཆ་གཉིས་ཀྱི་ལག་པ་བསླུས་ཏེ་གཏན་འབེབས་བྱུང་ཡོད། གྲོས་ཆོད་དེའི་བྱུང་རིམ་དང་རྒྱབ་ལྗོངས་གནས་ཚུལ་མཐའ་དག་དོ་སྣང་ཅན་ཚོར་སྔར་ནས་གསལ་པོ་ཆགས་ཟིན་སྟབས་འདིར་བསྐྱར་བཟློས་བྱེད་པའི་དགོས་པ་མི་འདུག ཡིན་ནའང་། སྐབས་ ༡༦ པའི་གྲོས་ཆོད་སྣ་ནག་མ་དེ་སྐབས་ ༡༧ གྲོས་ཚོགས་ཀྱི་གེགས་རྐྱེན་དུ་རོ་ལངས་རྒྱག་གིན་ཡོད་སྟབས། གྲོས་ཆོད་སྣ་ནག་མ་དེའི་ད་ལྟའི་ངོ་བོ་དང་གནས་བབ་ག་འདྲ་ཞིག་ཡིན་མིན་མང་ཚོགས་ཀྱིས་མཁྱེན་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

གཅིག  གྲོས་ཆོད་སྣ་ནག་མ་དེ་ཁྲིམས་འགལ་གྲོས་ཆོད་ཅིག་རེད། བཅའ་ཁྲིམས་དང་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་དགོས་པ་བཅའ་ཁྲིམས་དོན་ཚན་ལྔ་པའི་ནང་གསེས་ ༡ པོར་གསལ་ཡོད། བཅའ་ཁྲིམས་དང་འགལ་ཡོད་མེད་ཐག་གཅོད་ཀྱི་སྐུ་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད་པ་བཅའ་ཁྲིམས་དོན་ཚན་ལྔ་པའི་ནང་གསེས་ ༢ པར་གསལ་ཡོད། དེར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་གཞན་གསུམ་གྱིས་གྲོས་ཆོད་སྣ་ནག་མ་དེའི་བྱ་རིམ་ཡོངས་རྫོགས་བཅའ་ཁྲིམས་དང་འགལ་ཡོད་པ་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་པར་མ་ཟད།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཟུར་པ་རིམ་བྱོན་ལས་གཅིག་མ་གཏོགས་ཚང་མས་མཚན་རྟགས་བཀོད་དེ་རྒྱབ་གནོན་བྱས་ཡོད། (མཚན་རྟགས་མ་འཁོད་པའི་ཁྲིམས་ཟུར་དེ་ནི་ནར་མ་སོན་པའི་སློབ་ཕྲུག་བུ་མོ་ཞིག་ལ་བཙན་གཡེམ་བྱ་རྩིས་ཀྱིས་བཙན་བྱོལ་སྤྱི་ཚོགས་ནང་ས་གྲགས་གནམ་གྲགས་ཆགས་པའི་རྒན་འཁོགས་ཆགས་རྒན་ཞིག་རེད།) ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན་པར་བཅའ་ཁྲིམས་དོན་ཚན་རེ་དྲུག་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་ལས་གསལ་ཡོད། དེ་བཞིན། ཁྲིམས་བཟོ་ལྷན་ཚོགས་ནི་ཁྲིམས་བཟོ་མཁན་ཡིན་པ་ལས།  ཁྲིམས་འགྲེལ་མཁན་དང་ཁྲིམས་གཅོད་མཁན་མིན་པའི་ཐད་གང་གཙོའི་ཀ་གསུམ་གྱི་ལྗིད་མཉམ་སྟངས་འཛིན་གྱི་ས་མཚམས་ཀྱང་འདི་ལས་འབྱེད་དགོས།

གཉིས། གྲོས་ཆོད་སྣ་ནག་མ་དེ་མང་ཚོགས་ཀྱི་མངོན་འདོད་དང་འགལ་ཡོད། སྤྱི་འཐུས་ནི་མི་མང་གིས་འཐུས་མིར་བདམས་པ་ཡིན་སྟབས་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་ནི་སྤྱི་འཐུས་ཀྱི་ལས་འགན་རེད། མི་མང་གི་མངོན་འདོད་སྣང་མེད་བཞག་སྟེ་རང་གི་ཁེ་འདོད་བསྒྲུབ་ཚེ་དེ་ནི་རུལ་སུངས་བྱ་སྤྱོད་ཆགས་རེད། གྲོས་ཆོད་སྣ་ནག་མ་དེ་ཕྱིར་འཐེན་དགོས་པའི་ཐད་མང་ཚོགས་ཁྲོད་ཚོགས་སྒེར་མང་པོས་ལས་ཤོག་དང་མཚན་རྟགས་འཁོད་པའི་ཞུ་སྙན། རྩོམ་ཡིག་སོགས་ཀྱི་ལམ་ནས་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད། ཡིན་ནའང་། སྐབས་ ༡༦ པའི་སྤྱི་འཐུས་རྒྱུན་ལས་ཚོས་རང་ཉེས་ཁྲིམས་འགལ་གྱི་རྐུབ་འགེབས་ཐབས་སུ་རང་ཤེད་ཨུ་ཚུགས་མཐར་སྐྱེལ་བྱས་པ་དེ་ནི། སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་དང་ཡོངས་སུ་འགལ་ཏེ་འཐུས་མིའི་འོས་འགན་མ་ཐེག་པ་གསལ་ཡོད། དེ་བཞིན། སྒེར་གཅོད་དང་མང་གཙོའི་ས་མཚམས་ཀྱང་འདི་ལས་འབྱེད་དགོས།

གོང་འཁོད་དོན་ཚན་གཉིས་ལས་གྲོས་ཆོད་སྣ་ནག་མ་དེའི་རང་བཞིན་ནི་ཁྲིམས་ནུས་མེད་པ་ཞིག་ཡིན་སྟབས། རང་ཤེད་སྒེར་གཅོད་ཅན་གྱི་སྐབས་ ༡༦ པའི་སྤྱི་འཐུས་རྒྱུན་ལས་ཚོས་ཀྱང་ཐབས་ཤེས་གཞན་མ་རྙེད་པར་གྲོས་ཆོད་སྣ་ནག་དེ་མུ་མཐུད་མཇུག་སྐྱོང་བྱ་ཐབས་མི་འདུག་པའི་སྐོར་སྡུག་སྐད་གསལ་བསྒྲགས་སྤེལ་ཡོད། འོ་ན། བཅའ་ཁྲིམས་ཀྱི་དགོངས་དོན་དང་མི་མང་གི་མངོན་འདོད་གང་ལ་མ་མཐུན་པར་རང་བཞིན་ནུས་མེད་ཅན་གྱི་གྲོས་ཆོད་སྣ་ནག་མ་དེ། སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་སྐོར་ཞིག་གིས་སྐབས་ ༡༦ པའི་སྤྱི་འཐུས་ཀྱི་རོ་ཤུན་བསྐྱར་དུ་གྱོན་ནས། གྲོས་ཚོགས་གསར་པའི་གེགས་རྐྱེན་དུ་དྲུད་ཡོང་དགོས་པའི་ལྕེབས་ཐག་དེ་གང་ན་ལྷག་ཡོད་རེད་དམ། འདི་ནི་ཉེ་ལམ་གསར་འགོད་པ་དང་སྤྱི་འཐུས་ཤོག་སྦྲེལ་ཚོས་ཚིག་ཟུར་ལ་འཚངས་བའི་ལམ་དབུ་མ་ཞིག་ཡོད་མེད་ཀྱི་གླེང་གཞིའི་ཐེམ་ཁ་དེ་རེད་ལ། ངས་བརྗོད་འདོད་པའི་གནད་ཀྱི་མདུད་པའང་འདི་ཡིན།

སྤྱི་འཐུས་ཤོག་སྦྲེལ་ཕྱོགས་སོ་སོས་རང་ཤེད་ཅི་ཞིག་བཤད་ཀྱང་རུང་། བཅའ་ཁྲིམས་རིན་པོ་ཆེར་གསལ་པོར་འཁོད་པའི་ཁྲིམས་མཐུན་གྱི་འབྲི་དོན་རྣམས་རྩིས་མེད་བཏང་སྟེ།  རང་སྣང་གང་དྲན་གྱིས་བཅའ་ཁྲིམས་རིན་པོ་ཆེར་མི་གསལ་བའི་ཁྲིམས་འགལ་གྱི་ལུང་ཚིག་རེ་དྲངས་ནས་གོམ་པ་མདུན་སྤོ་བྱ་ཐབས་གང་ཡང་མེད་པ་ས་རིས་ཐང་གསལ་རེད། སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ལྷིང་འཇགས་པོའི་སྒོ་ནས་འཛུགས་འདུན་ཡོད་ཚེ། མཐའ་མའི་འབབ་ས་ནི་ཁྲིམས་འགལ་གྲོས་ཆོད་སྣ་ནག་མ་ཡིག་ཆ་ཨང་ ༣༩ པའི་རོ་ཤུན་ཕྱིར་འཐེན་གྱི་ལམ་ཁ་འཚོལ་རྒྱུ་ལས་གཞན་གང་ཡང་ལྷག་ཡོད་པ་མ་རེད། གྲོས་ཆོད་སྣ་ནག་མའི་རོ་ཤུན་དེ་སྐབས་ ༡༦ པའི་སྤྱི་འཐུས་ཀྱིས་ཕྱིར་འཐེན་མ་ཐུབ་པར་གྲོས་ཚོགས་ནང་ལྷག་ཡོད་པ་དང་། ད་ལྟའི་སྐབས་ ༡༧ པའི་གྲོས་ཚོགས་བཙུགས་ཐུབ་མེད་པའི་རྐྱེན་གྱིས་བདམས་ཐོན་སྤྱི་འཐུས་ཀྱི་ངོས་ནས་ཕྱིར་འཐེན་བྱ་ཐབས་བྲལ་ཡོད་སྟབས།  སྤྱི་འཐུས་སྐོར་ཞིག་གིས་རོ་ཤུན་དེ་བསྐྱར་དུ་རྒྱབ་ལ་བླངས་ནས་སོ་སོའི་རྐུབ་འགེབས་ཐབས་བྱེད་ཀྱིན་ཡོད། རོ་ཤུན་དེ་ཐལ་བར་བསྲེག་ཐབས་ཀྱི་ལམ་ཁ་གཅིག་རང་ཡོད་པ་ནི་མང་ཚོགས་ཀྱིས་ཐད་ཀར་མང་གཙོའི་སྐུ་དབང་སྤྱོད་རྒྱུ་དེ་རེད།

མང་ཚོགས་ཀྱིས་ཐད་ཀར་མང་གཙོའི་སྐུ་དབང་སྤྱོད་ཕྱོགས་ཐད་ཐབས་ལམ་གཙོ་བོ་རིགས་གཉིས་འདུག  ཐབས་ལམ་གཅིག་ནི་འོས་བསྡུའི་ལམ་ནས་མང་མོས་ཐག་གཅོད་བྱ་རྒྱུ་དེ་རེད། ཐབས་ལམ་འདི་ཧ་ཅང་ཁག་སེ་འདུག རྒྱུ་མཚན་ནི་ད་ལྟ་རྒྱ་གར་ནང་རྒྱ་ནད་ཀྱི་གནས་སྟངས་དང་དབུས་བོད་སྒྲིག་འཛུགས་ཀྱི་འགྲོ་གྲོན་གང་ཐད་ནས་དཀའ་ཁག་ཆེན་པོ་ཡོད་རེད། ཐབས་ལམ་གཞན་གཅིག་ནི་མང་ཚོགས་ཀྱིས་སོ་སོའི་རང་བཙན་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་དེབ་སྐྱེལ་ཤོག་ངོས་གཉིས་ཀྱི་ངོ་བཤུས་བསྐྱར་དཔར་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་ཕྱིར་འཐེན་གྱི་མཚན་རྟགས་འཁོད་པའི་ཞུ་སྙན་ཕུལ་ཐོག  ལོ་སྔོན་མར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དེབ་སྐྱེལ་ཟིན་པའི་མི་གྲངས་ཀྱི་མང་མོས་ཀྱི་ཞུ་སྙན་མཚན་རྟགས་འབྱོར་མཚམས། གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་ཐད་ཀར་མང་གཙོའི་ལམ་ནས་ཕྱིར་འཐེན་གྱིས་རང་བཞིན་ནུས་མེད་ཆགས་ཟིན་སྟབས། བར་བརྒལ་ཚོགས་གཙོའི་མདུན་ནས་དམ་བཅའ་ཕུལ་མེད་མཁན་བདམས་ཐོན་སྤྱི་འཐུས་དེ་དག་གིས་ཀྱང་དམ་བཅའ་ལེན་པར་ཁྲིམས་སྒྲིག་ངོས་ཐད་ཀྱི་དཀའ་རྙོག་རྣམས་སངས་རེད། གལ་སྲིད་ད་དུང་ཁྲིམས་འགལ་གྲོས་ཆོད་སྣ་ནག་མ་དེའི་གྲིབ་གཟུགས་ལ་འཇུ་འཐམ་བྱ་ཐབས་བརྩམ་ཚེ། “མདའ་མོ་འཕེན་འདོད་མ་ཡིན་པར། གཞི་མོ་གཅོག་འདོད་ཡིན་པ།”  དེ་ཕྱི་གསལ་ནང་གསལ་ཡིན་སྟབས། བཅའ་ཁྲིམས་རིན་པོ་ཆེར་གསལ་བའི་བོད་ཀྱི་ཡུལ་མིའི་འོས་འགན་དང་སྤྱི་འཐུས་ཀྱི་འོས་ཆོས་མ་ཚང་བའི་ཐོག་ནས་སྤྱི་མིའི་ཐོབ་ཐང་འཕྲོག་རྒྱུ་ལས་གཞན་གཉིས་ཕན་ཞི་འགྲིག་གི་ལམ་ཁ་གང་ཡང་ལྷག་མེད་དོ།

མཐའ་དོན་བརྗོད་འདོད་པ་ཞིག་ལ། ཕྱོགས་ངོས་གཅིག་ནས་བལྟས་ན་ཉེ་བའི་ལོ་བཅུའི་རིང་གི་མང་གཙོའི་ལམ་གྱི་དཀའ་རྙོག་སྣ་ཚོགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་འུར་འུར་ཟིང་ཟིང་བཟོས་པ་དང་། ཆབ་སྲིད་པས་བསླུ་འཁྲིད་འོག་ལུས་སེམས་སྨྱོན་པར་གྱུར་བའི་མང་ཚོགས་སྐོར་ཅིག་གི་སྣང་བརྙན་གྱི་རྐྱེན་པས།  ང་ཚོ་མཐུད་མང་གཙོའི་ལམ་དུ་ག་ཙམ་ཞིག་གོམ་པ་མདུན་བསྐྱོད་ཐུབ་མིན་ཐད་སེམས་ཁྲལ་བྱ་མཁན་མི་ཉུང་བ་ཞིག་ཡོང་གིན་ཡོད། ཡིན་ནའང་། ཕྱོགས་ངོས་གཞན་ཞིག་ནས་བལྟས་པ་ཡིན་ན། འདས་པའི་ལོ་བཅུའི་རིང་གི་དཀའ་རྙོག་སྣ་ཚོགས་ཀྱི་གཙུབ་བརྡར་ཁྲོད་མང་ཚོགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་། བཅའ་ཁྲིམས་བཅས་ཀྱི་ཐད་སྔར་ལྷག་དོ་སྣང་དང་མཉམ་ཞུགས་གནང་བཞིན་ཡོད། འདི་ནི་མང་གཙོའི་སྤྱི་ཚོགས་ལ་མེད་དུ་མི་རུང་བའི་སྤྱི་དམངས་ཀྱི་འདུ་ཤེས་དང་གོ་རྟོགས་ཕྲན་ཙམ་འཕེལ་བཞིན་པའི་སྣང་ཚུལ་ཞིག་ཏུ་ངོས་འཛིན་ཆོག་པར་སེམས། གང་ལྟར། སྤྱི་ཚོགས་ཤིག་ཡང་དག་པའི་མང་གཙོའི་ལམ་དུ་བསྐྱོད་ཐུབ་རྒྱུ་ནི་ལས་སླ་བོ་ཞིག་མ་ཡིན་པར་བརྒྱུད་རིམ་མང་པོ་བརྒྱུད་དགོས་སྟབས། འབྱུང་འགྱུར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་སྡེ་ཁག་ནས་བཙན་བྱོལ་བོད་མིའི་མང་ཚོགས་དང་སློབ་གྲྭ་ཁག་ནང་སྤྱི་དམངས་སློབ་གསོ་མང་ཙམ་སྤེལ་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ལས་ཤིག་ཆགས་ཡོད།

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 8

  1. བློ་བཟང་། བློ་བཟང་། says:
    ལོ་ 5 སྔོན།

    ཐབས་ལམ་མང་པོ་དགོས་དོན་ཅི་ཡོད་མ་རེད།
    འཕོ་འགྱུར་ཟེར་བ་དེ་ཁྲིམས་འགལ་རེད། ཉེས་པ་མེད་པར་འཕོ་འགྱུར་གཏོང་མི་ཆོག།
    ཁྲིམས་འགལ་གྱི་ཡིག་ཆ་ཨང་39དེ་བཅའ་ཁྲིམས་དོན་ཚན་ལྔ་པས་རང་བཞིན་གྱིས་་རྩིས་མེད་བཏང་
    ཟིན་པས། ད་ཤོག་སྙིགས་དེ་མེ་ལ་འདེབས་རྒྱུ་ལྷག་ཡོད་ན་མ་གཏོགས་གཞན་གང་ཡང་ལྷག་མེད།
    ཐབས་ལམ་དེ། གསར་འགྱུར་རྒྱུད་ལམ་ཁག་ནང་དུ། ཁྲིམས་ཞིབ་པ་ལས་ཟུར་ཚོ་དང་།
    སྐབས་བཅུ་དྲུག་པས་ཚོགས་ཟུར་གཙོས་འབྲེལ་ཡོད་ཚོ།
    སྲིད་སྐྱོང་ཟུར་པ། ཁྲིམས་རྩོད་པ། ཟུར་པ་ཚོ། སྐད་བཏང་ནས། མི་མང་ལ་མངོན་གསལ་དོད་པོས།
    གོ་རྟོགས་སྤེལ་དགོས། དེ་མིན་གསར་ཤོག་དང་དྲྭ་ཐོག་གླེང་བ་ཙམ་གྱིས་མི་མང་ལ་ཁྱབ་ཐུབ་ཀྱི་མི་འདུག། གཞོན་སྐྱེས་རེ་ཟུང་ཙམ་ལ་འཕན་པ་ཙམ་རེད།
    མི་མང་པོ་ཞིག་མདོ་སྟོད་འཐུས་མི་དེ་ཚོས་བཤད་པ་ལ་བདེན་རྫུན་ཤེས་མ་ཤེས་པར་མགོ་འཁོར་ཡོད།
    དེ་ཐབས་ལམ་གཅིག་རེད།
    དེ་མིན་ན། ཆོས་རྒྱུུད་ཁག་གི་བླ་ཆེན་ཚོས་བཀའ་གནང་ནས།
    དགེ་ལུགས་གཙོས་པའི་གྲྭ་ས་ཁག་གིས་ཆོས་བརྒྱུད་སྤྱི་འཐུས་ཚོར།
    དམ་བཅའ་ཚད་ལྡན་མ་ཕུལ་ན། ཁོ་ཚོ་ཕུད། སྒུག་ཐོར་ལ་ཕེབས།
    ཡང་ན། ནམ་རིང་ན་རྨི་ལམ་མང་རོགས་རེད། ༸གོང་ས་མཆོག་ལ་གང་མགྱོགས་
    གནས་ཚུལ་ཆ་ཚང་ཞུས་ནས་བཀའ་སློབ་ཞུས། བོང་འཐུས་ཚོས་སྤྱོད་ངན་ཙམ་ལས།
    མདོ་སྟོད་མི་མང་གིས་བོད་མིའི་སྒྲིག་འཛུགས་གཏོར་འདོད་ཡོད་མི་སྲིད།
    མདོ་སྟོད་མི་མང་ཁ་གྲག་དགོས། མི་རྩ་མ་ཚང་བ་དང་མགོ་མ་ཚོས་པ།
    རྒྱ་དོལ་སོགས་ཀྱི་འཆལ་གཏམ་མང་དྲགས་སོང་། མགྱོགས་པོར་བཟང་ཐག་ངན་ཐག་ཆོད།བ

    Reply
  2. གཞུང་པ་ཚེ་དབང་བསོད་ནམས་། says:
    ལོ་ 5 སྔོན།

    བཅའ་ཁྲིམས་དོན་ཚན་ ༥༩ འོག་དམིགས་བསལ་ཚོགས་ཆེན་འདུ་བསྐོང་གི་ཚོགས་ཆེན་ནས་ཐག་གཅོད་དགོས་པ་དེ་ཁྲིམས་མཐུན་ངོ་མ་ལ་ངོས་འཛིན་ཞུ་གི་ཡོད་།

    Reply
  3. བུ་ཆུང་ཚེ་རིང་། says:
    ལོ་ 5 སྔོན།

    གྲོས་ཆོད་ཡིག་ཆ་ཨང་ ༣༩ པ་དེ་བཞིན་ཉེར་སྔོན་རྒྱུན་ལས་མིང་ཅན་དག་གིས་ལག་བསྟར་དང་མཇུག་བསྐྱོང་ཐབས་མེད་ལུགས་ཀྱིས་གསལ་བསྒྲགས་སྤེལ་ཟིན་ཀྱང་། ཁ་སེང་དེ་རིང་རྡོ་རྗེ་ཚེ་རྟེན་གྱིས་དེར་གཛིན་མདོག་གིས་སྐད་ཆ་བཤད་པ་ནི་ངོ་ཚ་མེད་པ་དང་། འུ་ཐུག་ཐབས་ཟད་ཀྱིས་གདོང་རིས་ངོ་མ་དེ་མ་རེད་དམ།

    Reply
  4. བུ་ཆུང་ཚེ་རིང་། says:
    ལོ་ 5 སྔོན།

    རྙོག་གླེང་འདི་དག་ནི་བཅའ་ཁྲིམས་ཁ་གསལ་མེད་པ་དང་མཐུས་སྒོ་མ་ཚང་བས་རྙོག་གླེང་ཞིག་མིན་པར། སྤྱི་མཐུས་སྐབས་བཅུ་དྲུག་པས་ཁྲིམས་འགལ་བྱས་པ་དང་། ཁྲིམས་ཡིག་ལ་རྒྱུས་མངའ་མེད་པའི་བོང་རྒན་ཁྱུ་གཅིག་གི་བྱས་ཉེས། ཤེས་བཞིན་བཞིན་དུ་གནས་དུས་ཚོད་རྩིས་བྱས་པ། བོད་སོག་ལས་ཁུངས་ནས་མཆུ་ཨང་༢༠་པའི་བར་གྱི་སྙིང་ནད་མངོན་དུ་གྱུར་པ་སོགས་ཡིན།

    Reply
  5. ཚེ་རིང་རྒྱལ། says:
    ལོ་ 5 སྔོན།

    པར་དེ་་སི་ཌིན་་ཐད་ཀར་དམངས་གཙོའི་་་་་མི་མང་གོ་འོས་འཐེན་ཐག་གཅོད་ཀྱི་པར་ཤིག་རེད། འཛམ་གླིང་གི་ཐད་ཀར་དམངས་གཙོ་དཔེ་མཚོན་ཙམ་དུ་བཀོད་པ་ཡིན།

    Reply
  6. བསོད་ནམས་སྨྨྱྱོན་པ་ says:
    ལོ་ 5 སྔོན།

    ༄།་གོང་གི་གནད་དོན་དག་ཤིན་ཏུ་བདེན་པ་རེད་འདུག་པས་འཕྲལ་དུ་ལས་དོན་སྒྲུབ་རྒྱུ་རྒྱབ་སྐྱོར་ཡོད་དོ་།

    Reply
  7. ཆོས་འགྱུར says:
    ལོ་ 5 སྔོན།

    ༄༅།། །ཚེ་རིང་རྒྱལཁྱེད་རང.ཁྱབ་སྒྲགས་དེ་ལ་ཕྱི་རྒྱལ་མི་རིགས་པར་དེ་གང་མཚོན་ཐུབ་བམ།
    བོད་བཙན་འབྱོར་བསྒྲིགས་འཛུགས་ཡོད་བཞིན་དུ་བོད་མི་ས་ཡ་དྲུག་ཚོན་རྟགས་ཡོད་། བོད་མི་པར་མ་བཞག་་གང་ཡིན་ནམ།

    Reply
    • དུང་དཀར་ཚང་གི་བུ says:
      ལོ་ 5 སྔོན།

      ཧཧཧ་ད་ལབ་ཡ་རྫོགས་སོང་བའི

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese