མགོ་ལོག་ཁུལ་གྱི་རྫོང་ཁག་ཁ་ཤས་ནང་སེར་བ་དང་དྲག་ཆར་བབས་ཏེ་མི་རྒྱུ་ཕྱུགས་གསུམ་ལ་གནོད་སྐྱོན་ཐེབས་ཡོད་འདུགརྒྱ་ནག་གཞུང་གིས་དེའི་སྐོར་ལ་གནས་ཚུལ་ཁ་གསལ་བཀོད་པ་གང་ཡང་མཐོང་རྒྱུ་མི་འདུག་ཀྱང་། རང་མིང་བརྗོད་འདོད་མེད་པའི་བོད་ནང་གི་བོད་མི་ཞིག་གིས་འདི་གའི་གསར་འགོད་པར་འབྲེལ་ཡོད་བརྙན་པར་དང་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁེ་ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྫོང་ཁག་ཁ་ཤས་ནང་སེར་བ་ཆུང་ཆུང་ཞིག་བརྒྱབས་ཡོད་པ་དང་། ཁ་སང་གློ་བུར་དུ་སྔར་བྱུང་མ་མྱོང་བའི་སེར་བ་དང་ཆར་པ་ཤུགས་ཆེན་པོ་བཏང་སྟེ། རྨ་སྟོད་རྫོང་གི་འཛོ་གན་ར་བ་གཙོ་བོར་གྱུར་བའི་ཆིག་སྒྲིལ་རྫོང་དང་པད་མ་རྫོང་། དར་ལག་རྫོང་། དགའ་བདེ་རྫོང་སོགས་ས་གནས་ཁག་ཅིག་ཏུ་ཆུ་ལོག་དང་རི་ཉིལ་བྱུང་བའི་ཁྲོད། ཁང་པ་དང་རླངས་འཁོར། ཕྱུགས་རིགས་མང་པོར་གནོད་འཚེ་ཕོག་ཡོད་པ་མ་ཟད། མི་ལའང་རྨས་སྐྱོན་བཤོས་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་། ད་ལྟའི་ཆར་མི་དང་ཕྱུགས་རིགས་ཅི་ཙམ་ལ་འཆི་སྐྱོན་བྱུང་ཡོད་མེད་གྲངས་ཚད་ཏག་ཏག་ཤེས་མ་སོང་། ཞེས་བརྗོད་བྱུང་ལ། ས་ཡོམ་གནོད་སྐྱོན་ཁྲོད་ཉེན་ཡོལ་སྡོད་གུར་ནང་དུ་ཡོད་མཁན་ཚོ་ཡང་ཆུ་ལོག་རྐྱེན་པས་ཁང་པའི་ནང་གནས་སྤོར་གྱི་ཡོད་འདུགགཞན་ཡང། ཉེ་ཆར་ཕྱི་ཟླ་༥ ཚེས་༢༢ ཉིན་མགོ་ལོག་ཁུལ་ལ་ས་ཡོམ་ཤུགས་ཚད་རིམ་པ་༧།༤ བརྒྱབ་ཏེ་མི་རྒྱུད་ཕྱུགས་གསུམ་ལ་གནོད་ཚེ་ཆེན་པོ་ཕོག་ཡོད་ཅིང་། ཕྱི་ཟླ་༥ཚེས་༢༦ཉིན་རྒྱ་ནག་གཞུང་གིས་གཉེར་བའི་མཚོ་སྔོན་བོད་སྐད་དྲ་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་ས་ཡོམ་གོད་ཆག་ཁྲོད་ཁྱོན་རྨ་སྟོད་རྫོང་དང་རྨ་ཆེན་རྫོང༌། པདྨ་རྫོང༌། དགའ་བདེ་རྫོང་། དར་ལག་རྫོང༌། སྐྱེ་རྒུ་མདོ་ཁུལ་ཆུ་དམར་ལེབ་རྫོང༌། ཁྲི་འདུ་རྫོང་བཅས་རྫོང་བདུན་དང་ཡུལ་ཚོ་བཞི་ཅུ་ནས་མི་ཁྲི་གསུམ་བདུན་སྟོང་ལྔ་བརྒྱ་ཉེར་གཅིག་ལ་རིམ་པ་འདྲ་མིན་གྱི་གནོད་པ་ཐེབས་ཡོད་པ་དང་། ཟླ་ལྔ་པའི་ཚེས་ཉེར་ལྔའི་བར་དུ་གསར་དུ་མིར་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་མེད། ཅེས་དང་༢༠༢༡ལོའི་ཟླ་༥ཚེས་༢༥བར་དུ་ཚད་རིམ་གསུམ་ཡན་གྱི་ས་ཡོམ་ཐེངས་ ༤༦ བྱུང་ཡོད་ཅེས་ཡོངས་བསྒྲགས་བྱས་ཡོད་པ་རེད།
འབྲེལ་ཡོད་གནས་ཚུལ། https://tibettimes.net/2021/06/15/213312/
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་གྲུབ་བཀྲིས།
ཁ་བྱང་མ་གཏོགས་པར་རིས་སོགས་གང་ཡང་མེད་ཅིང་སྟོང་པ་ཉིད་རེད་འདུག
ཁ་བྱང་གཅིག་མ་གཏོགས་མཐོང་ཡ་གང་མི་འདུག
ཁ་བྱང་མ་གཏོགས་གང་ཡང་མཐོང་ཡ་མི་འདུག
ཁ་བྱང་གཅིག་མ་གཏོགས་མཐོང་ཡ་གང་མི་འདུག