མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་པའི་སེམས་ཁམས་རིག་པས་འཛམ་གླིང་སྤྱི་ལ་ཕན་པའི་ཞབས་འདེགས་འགྲུབ་བཞིན་པ་དེ་ཡང་༸རྒྱལ་བའི་བཀའ་དྲིན་ཡིན།

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

པདྨ་རིག་འཛིན།

༄༅། །དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཚན་རིག་དང་ནང་པའི་ལྟ་གྲུབ་བར་བགྲོ་གླེང་ཐེངས་སུམ་ཅུ་ཙམ་གནང་བའི་མཛད་ཆེན་འདིའི་དམིགས་ཡུལ་ནི། ནང་པའི་གཞུང་ནས་བཤད་པའི་གཞི་དངོས་པོའི་རྣམ་གཞག་སྤྱི་དང། རྟེན་འབྲེལ་གྱི་ལྟ་གྲུབ། ཁྱད་པར་ནང་པའི་སེམས་ཁམས་རིག་པ་ལ་བརྟེན་ནས་རྙེད་དོན་ཟབ་མོ་གང་ཡོད་པ་རྣམས་དེང་རབས་ཀྱི་ཚན་རིག་པ་དག་དང་ཕན་ཚུན་བགྲོ་གླེང་ཚུལ་བཞིན་བྱེད་ཐུབ་ཚེ། མཉམ་སྦྲེལ་གྱི་ནུས་པའི་ཐོག་ནས་ཤེས་བྱ་ཡར་རྒྱས་འགྲོ་བ་དང་། དེ་ལ་བརྟེན་ནས་འགྲོ་བ་སྤྱིའི་བདེ་དོན་ལ་སྨན་པའི་ཞབས་འདེགས་རླབས་ཆེན་པོའང་སྒྲུབ་ཐུབ། དེ་བཞིན་ནང་ཆོས་ཀྱི་རྣམ་གཞག་ནས་སེམས་ཀྱི་བདེ་སྐྱིད་ཀྱི་བསླབ་བྱ་ཕར་ལེན་ཐབས་དང། དེང་སྐབས་ཚན་རིག་གི་གྲུབ་དོན་ལས་ལེགས་ཆ་མང་པོ་ཞིག་ཚུར་ལེན་ཐུབ་པའང་འོང་བ་བཅས་ཀྱི་དམིགས་ཡུལ་གཙོ་བོ་གཉིས་སུ་གནས་པར་མཐོང་ཞིང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་བློ་གཟུར་བོར་གནས་པའི་ཚན་རིག་མཁས་པ་མང་པོ་ཞིག་ནང་ཆོས་ཀྱི་གནད་འགག་ཤེས་ཐབས་སུ་དོ་སྣང་ཤུགས་ཆེན་བྱེད་ཀྱི་འདུག

ཕྱིའི་ལུས་ལ་བརྟེན་པའི་སྡུག་བསྔལ་སེལ་བར་ཚན་རིག་གིས་ད་བར་ཕན་ཐོགས་ཆེན་པོ་བྱེད་བཞིན་ཡོད་ཀྱང། ནང་སེམས་ཀྱི་དཀའ་སྡུག་བསམ་བློ་གཏོང་སྟངས་ཁོ་ནར་བརྟེན་ནས་གདོང་ལེན་བྱེད་དགོས་སྟབས། མིའི་བྱམས་བརྩེ་སོགས་གོང་མཐོར་གཏོང་རྒྱུ་ནི་མིའི་སྤྱི་ཚོགས་ནང་བདེ་སྐྱིད་ཀྱི་རྩ་་བ་མེད་དུ་མི་རུང་བ་ཞིག་ཡིན། དེ་ལྟར་ཚན་རིག་པས་ནང་པའི་སེམས་ཁམས་རིག་པ་ལ་རྟོག་ཞིབ་དང་།  ལྷག་པར་དུ་ཡ་རབས་བཟང་སྤྱོད་ལ་དོ་སྣང་བྱེད་བཞིན་ཡོད། དེ་བཞིན་དུ་སྙིང་རྗེའི་བསམ་པ་སྦྱོང་ཚུལ་སོགས་ལ་དོ་སྣང་བྱེད་པ་ཙམ་དུ་མ་ཟད། ནང་པས་བཤད་པ་དེ་དག་ལ་བློ་སྐྱེད་བླངས་ཏེ། སོ་སོའི་ཚན་རིག་སྡེ་ཚན་གྱི་ཞིབ་འཇུག་སྟེང་དུ་ཁྱེར་བ་སོགས་ཀྱི་སྲོལ་རིམ་ལག་ལེན་དུ་བསྟར་བཞིན་པ་དངོས་མཐོང་ལྟར་ཡིན།

དཔེ་མཚོན་གཅིག་ཞུས་ན། རྩ་བ་ཤེས་རབ་ཀྱི་ཚིག་སྦྱོར་དང། དབུ་མའི་ལྟ་བར་སྦྱང་མ་མྱོང་བ་ཨ་རི་བའི་ཚན་རིག་སྤོ་བོ་རང་ལོ་བརྒྱད་ཅུ་གྱ་ལྔར་སླེབས་པ་དེ། ཁོང་གིས་བསམ་བློ་བཏང་ནས་བརྟག་དཔྱད་བྱས་པ་ན། ང་ཚོར་ཆགས་སྡང་གི་བློ་སྐྱེ་བའི་ཚེ་ཡུལ་དེ་ལ་བཟང་ངན་དུ་རྟོག་པ་ན། བརྒྱ་ཆ་དགུ་བཅུ་ཐམ་པ་ནོར་ཡོད་པ་དེ། ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་གིས་སྒྲོག་བཏགས་པ་རེད་འདུག་ཅེས་ཧ་ཅང་གསལ་པོ་ཞིག་བཤད་སོང། ཆགས་སྡང་གི་བློ་སྐྱེ་ན་དོན་གྱི་ངོ་ནས་གྲུབ་པ་ལྟར་འཛིན་གྱི་ཡོད་པ་རེད། དེ་ཡང་ནང་པའི་ཚན་རིག་པ་འཕགས་པ་ཀླུྲ་སྒྲུབ་དགོངས་པ་དང་མཐུན་པ་དེ་ཡང་དབུ་མ་རྩ་ཤེས་ལས། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །དེ་ལྟར་ཆོས་རྣམས་རྟོག་པའི་དབང་གིས་བཞག་པར་གསུངས་པ་བཞིན་སྐབས་འདིར་ཚན་རིག་པས་ཀྱང་རྣམ་རྟོག་ལས་ཆགས་སྡང་སྐྱེ་བ་ཁས་ལེན་པ་དང། ཆགས་སྡང་གི་གཉེན་པོ་སྟོང་ཉིད་ཁས་ལེན་མེད་ཅིང། གང་ལྟར་ཚིག་རྐང་འདི་གསུམ་གྱིས་སྟོང་ཉིད་སྟོན་པའི་དགོས་པ་བསྟན་པ་ཡིན།

ལྷག་པར་དེང་དུས་འཛམ་གླིང་མི་འབོར་དུང་ཕྱུར་བདུན་ཅུའི་ནང་ནས་ཚན་རིག་པ་ཤེས་ཡོན་ཅན་དང། ཆབ་སྲིད་པ། རྒྱལ་སྤྱིའི་མཐོ་སློབ་ཁག་དང། གཞན་ཡང་ཚོགས་པ་ཁག་གིས་༸གོང་ས་མཆོག་ལ་ཛ་དྲག་གི་སྐབས་འདིར་ནང་པའི་སེམས་ཁམས་རིག་པས་འགྲོ་བ་ཡོངས་ལ་སེམས་ཀྱི་བདེ་སྐྱིད་སྤེལ་ཐབས་ཀྱི་སློབ་སྟོན་བཀའ་སློབ་དང་བཅར་འདྲི་སྣ་ཚོགས་ཤིག་དྲྭ་བརྙན་བརྒྱུད་ནས་ཞབས་འདེགས་ཇེ་སྙེད་ཅིག་གནང་དང་གནང་མུས་བཞིན། ༸གོང་ས་མཆོག་གི་མཁས་བཙུན་བཟང་གསུམ་དང། མཁྱེན་བརྩེ་ནུས་གསུམ་གྱི་སྐུ་ཡོན་རྣམས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གཟེངས་སུ་ཐོན་པ་ཡོངས་སུ་གྲགས་པ་དངོས་མཐོང་ལྟར་རེད།

ཆེད་བརྗོད་འདི་མཁས་པ་ཡིན་པའི་དབང་དུ་བྱས་ནས་བྲིས་པའང་མ་ཡིན། དེ་བཞིན་སྡེབ་སྦྱོར་ལེགས་པའང་བདག་ལ་མེད། གང་ལ་ཞེ་ན་རྒྱལ་སྤྱིའི་ནང་ནང་ཆོས་ལ་དོ་སྣང་བྱས་ནས་བོད་མིའི་མངོན་འདོད་ལ་རྒྱབ་སྐྱོར་དཔུང་གྲོགས་བགྱིས་པ་དེ་ལ་དགའ་ཚོར་བརྟས་ནས་བྲིས་པ་ཞིག་ཡིན།

ཆེད་གཏད་དབུ་ཚད་རིགས་པའི་གཞུང་ལུགས་སོགས།།

ཆེས་ཟབ་ནང་པའི་ལྟ་གྲུབ་ཚན་རིག་མཉམ།།

རིགས་པའི་སྲང་ལ་བསྐྱོན་ནས་བགྲོ་གླེང་གིས།།

རྒྱལ་སྤྱིའི་རིགས་པའི་སྡིངས་སྟེང་མཉམ་ལྕོགས་མཛད།།

གཟུར་གནས་མཁས་མཛངས་ཡོངས་ཀྱིས་ངོ་མཚར་བརྟས།།

བཀའ་དྲིན་ཆེའོ་བསྟན་འཛིན་རྒྱ་མཚོ་ལ།།

སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ།།   །།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese