མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་བཟོ་ཚོང་ཁང་ཞིག་གིས་བོད་ནང་ཉི་འོད་གློག་ནུས་གསོག་ཉར་གྱི་ལྟེ་གནས་ཤིག་བཙུགས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གློག་ནུས་རླངས་འཁོར་བཟོ་ཚོང་ཁང་(electric vehicle maker Tesla Inc)གིས་ལྷ་ས་རུ་ཉི་འོད་གློག་ནུས་གསོག་ཉར་ལྟེ་གནས་ཤིག་བཙུགས་ཡོད་པ་དང་བཟོ་ཚོང་ཁང་དེས་བོད་དང་རྒྱ་ནག་ནང་ལྟེ་གནས་དེ་བཙུགས་པ་ཐེངས་དང་པོ་ཡིན་སྐོར་བསྒྲགས་འདུག

ད་ལྟའི་ཆར་ཨ་རིའི་གློག་ནུས་རླངས་འཁོར་བཟོ་ཚོང་ཁང་དེར་བོད་ནང་ཆེད་གཉེར་ཚོང་ཁང་མེད་ཀྱང་། འདས་ལོར་བཟོ་ཚོང་ཁང་དེས་རྒྱ་ནག་ཧྲང་ཧེ་གྲོང་ཁྱེར་དུ་ཚོང་ལས་གཉེར་སྐབས་ཉི་འོད་གློག་ནུས་གསོག་ཉར་གྱི་ལས་གཞིའི་ཆེད་འགན་འཛིན་ལས་མི་བསྡུ་རྒྱུ་ཡིན་པའི་གསལ་བརྡ་བཏང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཉི་འོད་ཆེས་བཟང་བའི་བོད་མཐོ་སྒང་དུ་ཉི་འོད་གློག་ནུས་གསོག་ཉར་གྱི་ལྟེ་གནས་དང་པོ་བཙུགས་ཡོད་པའི་གསལ་བསྒྲགས་ཤིག་བཟོ་ཚོང་ཁང་དེའི་སྤྱི་ཚོགས་དྲ་ལམ་དུ་སྤེལ་ཡོད་པ་མ་ཟད། མུ་མཐུད་ཉི་འོད་གློག་ནུས་ཀྱི་ཚོང་འབྲེལ་ཡར་རྒྱས་སུ་གཏོང་འདོད་ཡོད་སྐོར་བརྗོད་ཡོད་པ་རེད།

རྒྱ་ནག་ནི་ཨ་རིའི་རླངས་འཁོར་བཟོ་ཚོང་ཁང་དེའི་ཁྲོམ་ར་ཆེ་ཤོས་གཉིས་པ་དེ་ཆགས་ཡོད་ཀྱང་། ཨ་རྒྱ་གཉིས་བར་ཚོང་དོན་གསང་བ་རྐུ་འཁྱེར་བྱས་ཡོད་པའི་སྐྱོན་འཛུགས་དང་བཀག་སྡོམ་རིགས་རིམ་པར་བྱུང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་རྒྱ་ནག་གི་དམག་སྡེ་འགའ་ཤས་ནང་བཟོ་ཚོང་ཁང་དེས་བཟོས་པའི་པར་ཆས་ཅན་གྱི་རླངས་འཁོར་དེ་བེད་སྤྱོད་ལོག་པར་གཏང་སྟེ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ལ་གནོད་སྐྱོན་བཟོ་ཉེན་ཡོད་པའི་དོགས་གཞིའི་འོག་བཀག་སྡོམ་བྱས་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༡ ཉིན་དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། པེ་ཅིན་དང་ཧྲང་ཧེ་སོགས་ཀྱི་གཞུང་ཞབས་པ་ཚོས་ཨ་རིའི་རླངས་འཁོར་དེ་སྲིད་གཞུང་གི་ས་ཁོངས་སུ་འཇོག་མི་ཆོག་པའི་བཀའ་བཏང་ཡོད་འདུག

ཉི་འོད་གློག་ནུས་ནི་དེང་རབས་ཀྱི་འཚོ་བའི་ཁྲོད་ཁ་འབྲལ་ཐབས་མེད་པ་ལྟ་བུའི་ཐོན་ཁུངས་གལ་ཆེན་ཞིག་ཆགས་ཡོད་ཀྱང་། གནམ་གཤིས་རིག་པ་བ་ཁག་ཅིག་ནས་ཉི་འོད་འགྱེད་འཕྲོ་ནི་ས་ཁམས་ཁོར་ཡུག་གྲུབ་ཚུལ་དང་འགྱུར་ལྡོག་གི་རྐྱེན་རྩ་གཙོ་བོ་ཞིག་ཡིན་སྟབས།  ཉི་འོད་གློག་ནུས་འབོར་ཆེན་གསོག་ཉར་དང་བེད་སྤྱོད་གཏོང་བ་དེས་གནམ་གཤིས་ཀྱི་ཚ་དྲོད་རྒྱས་ཤིང་ཆར་ཆུ་ཇེ་ཉུང་དུ་འགྲོ་བའི་གནོད་སྐྱོན་ཡོང་བ་དང་། ཉི་འོད་གློག་ནུས་ཀྱིས་བཟོ་སྐྲུན་བྱས་པའི་ཐོན་རྫས་ཀྱིས་རང་བྱུང་ཁོར་ཡུག་འབག་བཙོག་དང་མིའི་རིགས་ཀྱི་འཕྲོད་བསྟེན་ལའང་གནོད་སྐྱོན་ཡོང་གི་ཡོད་སྐོར་རྗོད་ཀྱི་ཡོད་པ་རེད།

བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist