མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ཏོག་དབྱིབས་ཀྱི་ཛ་དྲག་རིམ་པ་གསུམ་པ་ཚབས་ཆེན་འབྱུང་སྲིད་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་འཕྲོད་བསྟེན་ལྷན་ཁང་གིས་རྒྱ་གར་ནང་གི་འགོས་ཁྱབ་སླ་ཞིང་རྒོལ་ནུས་ཆེ་བའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ཀྱི་ནད་འབུར་རྒྱ་གར་གྱི་མངའ་སྡེ་ཁག་ནས་གདོང་ལེན་བྱ་དགོས་པའི་ཉེན་བརྡ་བཏང་འདུག

རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་ཆར་རྒྱ་གར་གྱི་མངའ་སྡེ་མང་ཆེ་བ་ཏོག་དབྱིབས་གཉན་རིམས་ཀྱི་རིམ་པ་གཉིས་པའི་ཛ་དྲག་གི་དཀའ་ངལ་ལས་ཐར་ཙམ་བྱུང་སྟེ། མངའ་སྡེ་ཕལ་ཆེ་བས་ཐེམ་སྤང་བཀའ་རྒྱ་ལྷོད་ཡངས་སུ་བཏང་བ་ཙམ་མ་ཟད། མངའ་སྡེ་ཁག་ཅིག་གིས་མངའ་སྡེ་ཕན་ཚུན་བར་གྱི་འགྲིམས་འགྲུལ་སྒོ་འབྱེད་དང་ཚོང་ཁང་དང་ཟ་ཁང་ལ་སོགས་ཁྲོམ་ར་ཕྱོགས་ཡོངས་ནས་ཧ་ལམ་རྒྱུན་ལྡན་ལྟར་སྒོ་ཕྱེས་ཡོད་ཀྱང་། ད་ལྟའི་ཆར་རྒྱ་གར་ནང་ངོ་བོ་བརྗེ་འགྱུར་བྱུང་བའི་ཏོག་དབྱིབས་གཉན་རིམས་ཌེལ་ཊ་ (Delta plus variant) ཞེས་པ་འགོས་ཁྱབ་འབྱུང་གི་ཡོད་པར་བརྟེན། ཁ་སང་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་གིས། རྒྱ་གར་གྱི་མངའ་སྡེ་ཁག་ནས་ནད་འབུ་གསར་པ་དེའི་བྱེད་ནུས་ལ་བརྟག་དཔྱད་གཏོང་བ་དང་སྦྲགས་ནས་ནད་འབུར་གདོང་ལེན་བྱེད་དགོས་པའི་སྔོན་བརྡ་དང་ཉེན་བརྡ་བཏང་ཡོད་པ་རེད།

རྒྱ་གར་འཕྲོད་བསྟེན་ལྷན་ཁང་གི་གནས་ཚུལ་ལྟར་ན། ནད་འབུ་གསར་པ་ཌེལ་ཊ་ཡི་འགོས་ཁྱབ་ཧ་ཅང་མྱུར་བ་དང་གློ་བར་འཇུ་ཤུགས་ཆེ་བ། དེ་བཞིན། ལུས་པོའི་ནུས་ཟུང་གིས་ཁ་གཏད་གཅོག་རྒྱུ་ཁག་པོ་ཡིན་སྟབས། རྒྱ་གར་གྱི་མངའ་སྡེ་ཁག་ནས་མགྱོགས་མྱུར་ནད་འབུའི་བྱེད་ནུས་ལ་བརྟག་དཔྱད་ཀྱི་ལམ་ནས་གདོང་ལེན་བྱེད་པ་དང་། ད་ལྟའི་ཆར་ནད་འབུ་དེ་རྒྱ་གར་མངའ་སྡེ་རཱ་ཇའེ་སི་ཐན་དང་ཏཱ་མལ་ན་ཌོ། པན་ཇབ། ཁར་ན་ཊ་ཀ ཧར་ཡ་ན་དང་ཇ་མུ་དང་ཀ་ཤི་མིར། གྷའོ་ཇཱ་རེ་ཊི། ཨན་ཌི་ར་སོགས་ཁྱོན་མངའ་སྡེ་ ༡༡ ནང་འགོས་ཁྱབ་བྱུང་དང་འབྱུང་གི་ཡོད་པ་རེད།

རྒྱ་གར་འཕྲོད་བསྟེན་ལྷན་ཁང་གི་འབྲེལ་ཡོད་ལས་བྱེད་ཅིག་གིས། ནད་འབུའི་ངོ་བོ་གསར་པ་ཌེལ་ཊ་ཡིས་སྨན་དང་སྨན་བཅོས། དེ་བཞིན་འགོག་ཁབ་སོགས་ལ་རྒོལ་ཤུགས་ཆེན་པོ་གཏོང་གི་ཡོད། དེར་བརྟེན། ནད་འབུ་འདིས་ད་སྔ་བར་འགོག་ཁབ་བརྒྱབ་ཟིན་པའི་མི་མང་ལ་གནོད་ཤུགས་སྤྲོད་ཀྱི་ཡོད་པ་མ་ཟད། སྨན་ཁང་དུའང་སྡོད་དགོས་པའི་གནས་སྟངས་འབྱུང་གི་ཡོད། འགོག་ཁབ་བརྒྱབ་ཟིན་པའི་མིའི་ལུས་ཟུང་གིས་ནད་འབུ་འདི་སྔོན་འགོག་བྱེད་པའི་ནུས་པ་ནད་འབུ་སྔོན་མ་དག་དང་བསྡུར་ན་བརྒྱ་ཆ་ལྔ་ལས་ཆུང་བ་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལྟ་ནད་འབུ་གསར་པ་ཕོག་ཡུལ་གྱི་མངའ་སྡེ་ཁག་ཅིག་གི་སྨན་ཁང་དང་ཛ་དྲག་མྱུར་སྐྱོབ་ཁང་སོགས་སུ་འཆི་གསོན་ལ་ཐུག་པའི་ནད་པ་མང་པོ་འབྱུང་གི་ཡོད་པ་རེད།

རྒྱ་གར་གྱི་སྨན་སྦྱོར་ཉམས་ཞིབ་ཁང་ (ICMR) དང་ལོན་ཌོན་བཙན་རྒྱལ་མཐོ་སློབ་གཉིས་ཀྱིས། ནད་འབུ་གསར་པ་ཌེལ་ཊའི་སྐོར་ལ་ཉམས་ཞིབ་བྱས་ཏེ། རྒྱ་གར་གྱི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་རིམ་པ་གསུམ་པ་དེ། ཏོག་དབྱིབས་ཛ་དྲག་གི་གནས་སྟངས་གཉིས་པ་ནང་བཞིན་མ་ཡིན་པར་སྔར་ལྷག་གི་རྒོལ་ཤུགས་ཆེ་བ་ཡོད་པས། རྒྱ་གར་རྒྱལ་ཡོངས་སུ་འགོག་ཁབ་རྒྱག་རྒྱུ་གལ་ཆེན་པོ་ཡིན་སྐོར་བརྗོད་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ནས་རྒྱ་གར་མངའ་སྡེ་མ་ཧཱ་ར་ཤི་ཊ་ར་དང་ཏ་མལ་ན་ཌོའི་ནང་ནད་འབུ་དེས་རྐྱེན་བྱས་ཏེ་ཤི་རྐྱེན་ཐེབས་ཡོད་སྟབས། སྒོ་ཕྱེས་མ་ཐག་པའི་གྲོང་ཁྱེར་ཁག་གི་ཚོང་དང་ཟ་ཁང་སོགས་སྒོ་བརྒྱབ་བཅུག་ཡོད་འདུག

ད་ལྟའི་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལྟ་བུར་མཚོན་ན་ཚོང་ཁང་དང་ཟ་ཁང་སོགས་ཕྱེད་ཀ་རེས་མོས་བྱས་ཏེ་ཁྲོམ་རའི་སྒོ་ཕྱེས་ཀྱང་། འགོས་ཁྱབ་སླ་བའི་ནད་འབུ་དེའི་གནས་སྟངས་འོག་ལྡི་ལི་གཙོས་པའི་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་རྣམས་མི་རིང་བར་སྒོ་རྒྱག་རྒྱུ་ཡིན་པའི་སེམས་འཚབ་བྱེད་ཀྱི་ཡོད་ཅིང་། དབྱེ་ཞིབ་པ་མང་པོས་མི་འགྱང་བར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་གསུམ་པ་འབྱུང་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist