མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་བོད་མིའི་གཞིས་ཆགས་ཤིག་ལ་རྒྱ་ནག་གིས་སྐྱོབ་གསོ་སྤྲད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༢
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་གཞིས་ཆགས་སྔ་ཤོས་གྲས་ཡིན་པའི་བལ་ཡུལ་ཕོ་ལེ་བསམ་འཕེལ་གླིང་གཞིས་ཆགས་ལ་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་ས་མཚམས་དང་རྒྱ་མཚོའི་ཚན་པས་སྐྱོབ་གསོ་སྤྲད་པ་མི་ཚང་ཁག་ཅིག་གིས་བླངས་ཟིན་པ་དང་ཁག་ཅིག་གིས་ལེན་དགོས་མིན་གྱི་ཐག་མ་ཆོད་པར་ལྷག་ཡོད་པ་རེད།

དེ་རིང་ས་གནས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་བོད་དང་ས་འབྲེལ་ཡིན་པའི་བལ་ཡུལ་བྱང་ཤར་བརྒྱུད་དུ་ཆགས་པའི་ཝ་ལུང་ཁུལ་གྱི་ཕོ་ལེ་བསམ་འཕེལ་གླིང་བོད་མིའི་གཞིས་ཆགས་ནང་སྐམ་ཟས་རིགས་ཀྱི་སྐྱོབ་གསོ་སྤྲད་ཡོད་འདུག

ས་གནས་ཀྱི་བོད་མི་དེས། གཞིས་ཆགས་ཀྱི་བོད་མི་རེ་འགས་རྒྱ་ནག་གཞུང་གི་སྐྱོབ་གསོ་དེ་བླངས་ཟིན་པ་དང་། རེ་འགས་ལེན་དང་མི་ལེན་གྱི་མཚམས་སུ་ལྷག་ཡོད་སྐོར་འགྲེལ་བརྗོད་གནང་སོང་ལ། རྒྱ་ནག་གཞུང་གིས་བསྐུར་བའི་སྐྱོབ་གསོའི་ཤོག་སྒམ་སྟེང་ཝ་ལུང་ཞེས་བཀོད་འདུག་ལ། སྐྱོབ་གསོ་དེ་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་ས་མཚམས་དང་རྒྱ་མཚོའི་ལས་དོན་ཚན་པ་ (Department of Boundary and Ocean Affairs) བརྒྱུད་སྤྲད་པ་ཞིག་ཡིན་པ་གསལ་འདུག

སྤྱིར་ཕོ་ལེ་བསམ་འཕེལ་གླིང་བོད་མིའི་གཞིས་སྒར་དེ་ཝ་ལུང་ཁུལ་གྱི་བོད་མི་གཞིས་སྒར་ལྟེ་བ་དེ་ཡིན་ཞིང་། དེ་མིན་ཝ་ལུང་ཁུལ་གྱི་ཡང་དམག་དང་། དགུན་ས། ཐུགས་དམ་སོགས་ས་གནས་བཞིའི་ནང་བོད་མི་ཁ་འཐོར་རེ་ཤས་གནས་སྡོད་བྱེད་ཀྱི་ཡོད་ཅིང་། ཝ་ལུང་ནང་གནས་སྡོད་བོད་མི་རྣམས་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་གྲུར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཤ་ཝ་ར་གསུམ་ས་གནས་མགོ་འཛིན་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཡོད་པ་རེད།

བལ་ཡུལ་གྱི་ཞིང་ཆེན་དང་པོའི་ཏབ་ལེ་ཇུང་ (Taplejung) རྫོང་ཁོངས་སུ་གཏོགས་པའི་ཝ་ལུང་ཞེས་པ་དེ་ནི་བལ་ཡུལ་གྱི་ཆེས་མཐའ་འཁོབ་ས་ཁུལ་ཀྱི་གྲས་ཤིག་ཡིན་ཞིང་། དེའི་བྱང་ཕྱོགས་ནི་བོད་ཀྱི་གཏིང་སྐྱེས་རྫོང་ལ་ཐུག་ཡོད་ཅིང་། ཤར་ཕྱོགས་དེ་འབྲས་ལྗོངས་དང་ས་འབྲེལ་ཆགས་ཡོད། ད་ལྟའི་ཆར་ཝ་ལུང་བར་ལ་རླངས་འཁོར་གྱི་ལམ་ཁ་མེད་པར་བརྟེན། ཏབ་ལེ་ཇུང་རྫོང་ཐོག་ནས་ཉིན་གྲངས་ ༣ ནས་ ༤ བར་རྐང་ཐང་དུ་འགྲོ་དགོས་ཀྱི་ཡོད་པ་རེད། དེ་བཞིན་ཝ་ལུང་དེ་བོད་དང་ས་འབྲེལ་ཡིན་པའི་ཆ་ནས་བཟའ་འབྲུ་ལ་སོགས་པའི་དགོས་ངེས་ཅན་གྱི་དངོས་རིགས་ཕལ་ཆེ་བ་བོད་ནས་འབྱོར་གྱི་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བའི་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཕོ་ལེ་བསམ་འཕེལ་གླིང་བོད་མིའི་གཞིས་སྒར་དེ་ཉིད་ཕྱི་ལོ་ ༡༩༦༧ ལོར་གསར་འཛུགས་བྱས་པ་ཞིག་དང་། དེ་སྔ་གཞིས་ཆགས་ནང་བོད་པའི་སློབ་གྲྭ་ཞིག་ཡོད་ནའང་ལོ་ཤས་གོང་སློབ་གྲྭ་དེ་སྒོ་བརྒྱབ་ཟིན་པར་བརྟེན། བོད་ཕྲུག་རྣམས་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཏུ་གཏོང་གི་ཡོད་འདུག འཚོ་ཐབས་ཀྱི་ཕྱོགས་ནས་སྐྱེས་པ་ཚོ་དབྱར་ཁ་བོད་ནང་ཚོང་རྒྱག་པར་འགྲོ་བ་དང་རི་འཛེག་པ་ཚོའི་ཅ་ལག་དབོར་འདྲེན་བྱེད་པ་སོགས་ཀྱི་ཚོང་ལས་ཙག་ཙིག་གཉེར་ནས་སྡོད་ཀྱི་ཡོད་འདུག

འདི་འབྲེལ་གྱི་གསལ་བཤད་ལ་གཟིགས་རོགས། https://tibettimes.net/2021/08/03/214245/

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༡༦ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

ཆུ་ཚོད་ ༡༦ སྔོན་ལ།
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    སྤྲོད་ཡ་དེ་ རྒྱ་དམར་ཇག་གཞུང་གི་སྤྲོད་པ་མ་གཏོགས། རྒྱུ་ང་ཚོས་བོད་པའི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese