མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གྲྭ་བ་བཞི་ལ་ལོ་ ༥ ནས་ ༢༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁྲིམས་ཀྱི་ཉེས་འགེལ་གང་ཡང་འགྲེལ་བརྗོད་མ་བྱས་པར་བོད་ནང་གི་དགེ་འདུན་པ་བཞི་ལ་ལོ་ ༥ ནས་ ༢༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

Human Right Watchཁ་སང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་ཤོག་ངོས་ ༦༩ ལྡན་པའི་བོད་དོན་སྐོར་གྱི་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་། ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༤ ཉིན་གྱི་མཚན་མོར་རྒྱ་གཞུང་ཉེན་རྟོག་པས། བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་རྒྱལ་ནོར་བྲག་ནག་གྲོང་ཚོ་དང་བཀྲ་ཤིས་སྟེང་འགྲོ་དགོན་པ་གཉིས་ལ་གློ་བུར་དུ་མཚན་མོ་ཞིག་ལ་སྔོག་བཤེར་བྱས་ཏེ། སྐྱ་སེར་གཉིས་ལ་གང་བྱུང་བཅར་རྡུང་བྱས་ཤིང་མི་གྲངས་ཁྱོན་ ༢༠ ཙམ་འཛིན་བཟུང་བྱས་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༢༠ ཟླ་ ༩ ནང་གཞིས་ཀ་རྩེ་མི་དམངས་འབྲིང་རིམ་ཁྲིམས་ཟེར་བས། གྲྭ་ཆོས་རྒྱལ་དབང་པོ་ལགས་སུ་ལོ་ ༢༠ བཙོན་འཇུག་དང་གྲྭ་བློ་བཟང་སྦྱིན་པ་ལགས་སུ་ལོ་ ༡༩། དེ་བཞིན་ནོར་བུ་དོན་འགྲུབ་ལགས་སུ་ ༡༥ བཙོན་འཇུག གྲྭ་ངག་དབང་ཡེ་ཤེས་ལགས་སུ་ལོ་ ༥ ཡི་བརྩོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད་ལ། ད་ལྟ་ཁོང་ཚོ་གཞིས་ཀ་རྩེའི་ཉེ་འཁྲིས་ཀྱི་ཉ་རི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྙན་ཐོ་ལྟར་ན། ཕྱི་ལོ་ ༢༠༡༩ ལོར་འཛིན་བཟུང་བྱས་པའི་མི་ཕལ་ཆེ་བ་བཀྲ་ཤིས་སྟེང་འགྲོ་དགོན་པའི་དགེ་འདུན་པ་ཡིན་ཞིང་། ཁོ་ཚོ་འཛིན་བཟུང་བྱེད་དོན་ནི་བཀྲ་ཤིས་སྟེང་འགྲོ་དགོན་པས་བལ་ཡུལ་ནང་དགོན་པ་ཞིག་བཙུགས་པ་དང་། གྲྭ་ཆོས་རྒྱལ་དབང་པོ་ལགས་ནས་དགོན་པའི་མིང་ཐོག་ནས་ཕྱི་ལོ་ ༢༠༡༥ ལོར་བལ་ཡུལ་གྱི་ས་འགུལ་སྐབས་རོགས་དངུལ་བཏང་སྟེ། བལ་ཡུལ་ནང་གི་དགོན་པ་དེ་དང་བོད་མི་ཚོར་རོགས་སྐྱོར་བྱས་པས་ཡིན་པ་རེད།

དེ་ཡང་། ཕྱི་ལོ་ ༢༠༡༩ ལོར་གྲྭ་ཆོས་རྒྱལ་དབང་པོ་ལགས་ལྷ་སར་ཕྱིན་སྐབས། རང་ཉིད་ཀྱི་ལག་ཐོགས་ཁ་པར་ཚུགས་ཇ་ཁང་ཞིག་ནས་ལྷག་པ་དང་། ཇ་ཁང་གི་སྦྱིན་བདག་གིས་ཁ་པར་ཉེན་རྟོག་པར་རྩིས་སྤྲད་པར་བརྟེན། ལྷ་ས་ཉེན་རྟོག་པས་གྲྭ་ཆོས་རྒྱལ་དབང་པོ་ལགས་ཀྱི་ཁ་པར་ལ་ཞིབ་བཤེར་བྱས་སྐབས། གྲྭ་དབང་པོ་ལགས་ནས་བལ་ཡུལ་དུ་གནས་སྡོད་དིང་རི་ཕྱོགས་ཀྱི་བོད་མི་ཁག་ཅིག་ལྷན་དུ་འབྲེལ་འདྲིས་བྱུང་བའི་འཕྲིན་ཐུང་དང་༧གོང་ས་མཆོག་གི་སྐུ་པར་རམ་ཡང་ན་བཀའ་སློབ་སོགས་ཡོད་པ་ཤེས་པས། གྲྭ་དབང་པོ་ལགས་དེ་མ་ཐག་འཛིན་བཟུང་བྱས་ཤིང་། ཉེན་རྟོག་རུ་ཁག་ཅིག་རྩ་འཛུགས་ཀྱིས། དིང་རི་ཕྱོགས་སུ་བསྐྱོད་དེ་མཚན་གཅིག་ལ་བཀྲ་ཤིས་སྟེང་འགྲོ་དགོན་པ་དང་བྲག་ནག་གྲོང་ཚོ་གཉིས་ལ་ཧོབ་འཛུལ་གྱིས། དགོན་གྲོང་གཉིས་ཀྱི་མི་མང་ལ་གང་བྱུང་བཅར་རྡུང་དང་མི་གྲངས་ཉི་ཤུ་ཙམ་འཛིན་བཟུང་བྱས་ཡོད་པ་རེད།

ཡང་སྙན་ཐོའི་ནང་། གང་བྱུང་རྡུང་རྡེག་དང་འཛིན་བཟུང་གི་རྗེས་ནས། རྒྱ་ནག་གིས་བཀྲ་ཤིས་སྟེང་འགྲོ་དགོན་པ་དང་བྲག་ནག་གྲོང་ཚོའི་སེར་སྐྱ་གཉིས་ལ་ཆབ་སྲིད་སློབ་གསོ་ཟེར་བའི་འོག ཕྱོགས་ཡོངས་ནས་ས་ཁུལ་དེའི་མི་མང་གི་ཉིན་རེའི་འཚོ་གནས་རང་དབང་སོགས་བཀག་སྡོམ་དྲག་པོ་བྱས་པར་བརྟེན། རྒྱ་ནག་གིས་དགོན་གྲོང་གཉིས་ལ་ཧོབ་འཛུལ་བྱས་པའི་ཉིན་གསུམ་པར་བཀྲ་ཤིས་སྟེང་འགྲོ་དགོན་པའི་གྲྭ་བློ་བཟང་བཟོད་པ་ལགས་ནས་རང་སྲོག་བཅད་དེ་རྒྱ་ནག་ལ་ངོ་རྒོལ་བྱས་ཡོད་ཅིང་། རྒྱ་ནག་གིས་དེ་མ་བྲག་ནག་གྲོང་ཚོའི་དྲ་ལམ་ཡོངས་བཀག་སྡོམ་བྱས་ཡོད་སྐོར་སོགས་བཀོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་སྙན་ཐོ་ལྟར་ན། རྒྱ་ནག་གིས་བོད་མི་གྲངས་ ༢༠ ཙམ་འཛིན་བཟུང་བྱས་པའི་ཁྲོད་རང་ལོ་ ༥༠ ཡིན་པའི་གྲྭ་ངག་དབང་བསམ་གཏན་དང་ལོ་ ༣༦ ཡིན་པའི་གྲྭ་བློ་བཟང་། དེ་བཞིན་རང་ལོ་ ༤༣ ཡིན་པའི་གྲྭ་ཉི་མ་བསྟན་འཛིན་བཅས་མི་གསུམ་དིང་རི་གྲོང་ཚོའི་ཉེ་འགྲམ་ཞིག་ཏུ་ཟླ་འགའི་རིང་ཁྲིམས་ཞིབ་མ་བྱས་པར་བཀའ་ཉར་འོག་བཞག་ཡོད་པ་དང་། ཕྱིས་སུ་ཁོ་ཚོས་རྒྱ་ནག་གི་ཆབ་སྲིད་འགལ་རིགས་ཟེར་བ་གཏན་ནས་མི་བྱེད་པའི་ཁས་བླངས་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། ཕྱིར་བཀྲ་ཤིས་སྟེང་འགྲོ་དགོན་པར་ཞུགས་མི་ཆོག་པར་བཟོས་ཡོད་འདུག

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། ད་རེས་བཀྲ་ཤིས་སྟེང་འགྲོ་དགོན་པའི་གྲྭ་བ་གསུམ་ལ་ནག་ཉེས་སོགས་ཀྱི་རྒྱུ་མཚན་འགྲེལ་བརྗོད་གང་ཡང་མེད་པར་དུས་ཡུན་ལོ་མང་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི་ཁྲིམས་འགལ་ཡིན་པ་དང་ད་སྔ་བར་བྱུང་མ་མྱོང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག་ལ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་རྒྱ་ནག་ཚན་པའི་འགན་འཛིན་སའོ་ཧྥེ་རེ་ཆཱ་ཌི་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་དགེ་འདུན་པ་དང་བཙུན་མ་རྣམས་ནི་སྲིད་གཞུང་མགོ་རྟིང་སློག་པ་དང་ས་མཚམས་བདེ་འཇགས་སོགས་ལ་ཉེན་ཁ་བསྐྲུན་མཁན་ཡིན་པར་ངོས་འཛིན་གྱིས། དྲ་ལམ་གྱི་འབྲེལ་ལམ་དང་ཆོས་ཀྱི་སྦྱིན་པ་གཏོང་མི་ཆོག་པ་སོགས་བློ་ཡུལ་ལ་མི་ཤོང་བའི་འགལ་འཛོལ་གྱི་ཁྲིམས་ཤིག་སྐྱེད་བསྲིང་གཏོང་གི་ཡོད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese