མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 བོད་རིགས་སློབ་མ་ ༤༠ ལ་དགའ་ལྡན་ཕོ་བྲང་གི་མཐོ་རིམ་སློབ་ཡོན་ཐོབ།

བོད་ཀྱི་དུས་བབ།
༢༠༢༡/༠༧/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ཚོགས་པ་ནས་སྙན་གྲགས་ཅན་གྱི་གཙུག་ལག་སློབ་ཆེན་ཁག་ཅིག་ནང་སློབ་གཉེར་བྱེད་བཞིན་པའི་བོད་རིགས་སློབ་མ་གྲངས་ ༤༠ ལ་འདི་ལོའི་དགའ་ལྡན་ཕོ་བྲང་གི་མཐོ་རིམ་སློབ་ཡོན་གནང་འདུག

His Holiness the Dalai Lama delivering the Keynote Address at the UCSD Commencement ceremony in San Diego, CA, on June 17, 2017.

ཟླ་འདིའི་ཕྱི་ཚེས་ ༧  གྱི་ཉིན་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་གསལ་བསྒྲགས་གནང་བ་ལྟར་ན། འཛམ་གླིང་ནང་སྙན་གྲགས་ཆེ་བའི་གཙུག་ལག་སློབ་ཆེན་ཁག་གི་ནང་སློབ་གཉེར་བྱེད་མཁན་བོད་རིགས་སློབ་མ་ ༤༠ ལ་ཕྱི་ལོ་༢༠༢༡ ལོའི་ཏྰ་ལའི་བླ་མའི་མཐོ་རིམ་སློབ་ཡོན་ཐོབ་ཡོད་འདུག་ལ། དགའ་ལྡན་ཕོ་བྲང་གི་སློབ་ཡོན་དེ་ནི་ཆེད་སྦྱོང་གཙུག་ལག་རབ་འབྱམས་པ་དང་། འབུམ་རམས་པའི་སློབ་གཉེར་བ་རྣམས་ལ་གཅོ་བོར་དམིགས་ཏེ།  རྩིས་རིག་དང་། ཀླད་པའི་ཚན་རིག   ཆབ་སྲིད་དང་ཁྲིམས་ལུགས། ཁོར་ཡུག་སོགས་ཀྱི་ཐོག་ནས་ཆེད་ལས་སློབ་སྦྱོང་ཐོན་ཐབས་དང་། སྤྱི་ཡོངས་ནས་བོད་མིའི་ནུས་པ་གོང་འཕེལ་དུ་གཏོང་ཆེད་གནང་གི་ཡོད་འདུག

བོད་རིགས་སློབ་མ་དེ་དག་ནི་སྙན་གྲགས་ཅན་གྱི་ཧར་ཝར་ཌི་གཙུག་ལག་སློབ་ཆེན་དང་། ནེའུ་ཡོག་གཙུག་ལག་སློབ་ཆེན།  སི་ཊན་ཧྥོར་ཌི་གཙུག་ལག་སློབ་ཆེན་(Stanford University)། ཀ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་ཆེན། ཀོ་ལིམ་བྷི་ཡ་གཙུག་ལག་སློབ་ཆེན། ཐའེ་ཝན་ནང་ཡོད་པའི་སིན་ཀཱ་ཞིབ་འཇུག་ཁང་ (Academia Sinca)། ཁ་ན་ཌིའི་ནང་ཡོད་པའི་མེག་གྷིལ་གཙུག་ལག་སློབ་ཆེན(McGill University)། དབྱིན་ཡུལ་གྱི་ཨོག་སི་ཧྥོར་ཌི་གཙུག་ལག་སློབ་ཆེན། ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཡོད་པའི་ལྷོ་བྷོ་ཧེ་མི་ཡ་(University of South Bohemia)བཅས་ནས་ཡིན་འདུག

དགའ་ལྡན་ཕོ་བྲང་གི་མཐོ་རིམ་སློབ་ཡོན་དེ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༢༠༡༡ ལོར་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་གི་དགེ་རྩ་ནས་མགོ་འཛུགས་གནང་ཞིང་།  ད་ལྟ་བར་དུ་སློབ་ཚན་བྱེ་བྲག་པའི་ཐོག་གྲུབ་འབྲས་འབུར་ཐོན་དང་། སློབ་ཡོན་ཐོག་དཀའ་ངལ་ཅན་གྱི་བོད་རིགས་སློབ་མ་ ༢༠༠ ཙམ་ལ་ཉུང་མཐར་ཨ་སྒོར་ས་ཡ་ ༢.༣ ལྷག་གི་འགྲོ་གྲོན་བཏང་ཟིན་ཡོད་འདུག

སྤྱིར་ཏྰ་ལའི་བླ་མའི་དགེ་རྩ་ཚོགས་པ་ནི། ༧གོང་ས་སྐྱབས་ཆེན་པོ་མཆོག་གིས་གཞི་རྩའི་འགྲོ་བ་མིའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ། ཞི་བདེ་དང་། འཚེ་མེད་ཞི་བ། ཁོར་ཡུག་སྲུང་སྐྱོབ་སོགས་ལ་གཙོ་བོར་དམིགས་ནས་བཙུགས་པ་ཞིག་ཡིན་ཞིང་། ཚོགས་པ་དེས་བོད་ཀྱི་ཆོས་རིག་ལ་སྲུང་སྐྱོབ་དང་བོད་མིར་རོགས་སྐྱོར། དེ་བཞིན་མི་རིགས་དང་ཆོས་ལུགས།  སྐྱེས་ཁུངས་སོགས་ལ་དབྱེ་བ་མེད་པར་མཁོ་ངེས་ཅན་ཚོར་རོགས་སྐྱོར་ཆེན་པོ་གནང་མུས་ཡིན་པ་རེད།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༡༠ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 1

  1. Sonam Gyaltsen says:
    ལོ་ 5 སྔོན།

    Great ? ? ? ? ? སློབ་ཕྲུག་ཚོ་ སློབ་སྦྱོང་ཡག་པོ་གནང་མ་གཏོགས། ཞབས་འདྲེན་མ་ཞུས་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese