མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་ཁུལ་དུ་དྲག་ཆར་འབབ་བཞིན་ཡོད་པས་ཡིད་གཟབ་དགོས་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་ལྔ་ཙམ་རིང་བསྟུད་མར་དྷ་ས་ཁུལ་དུ་ཆར་པ་འབབ་རྒྱུ་ཡིན་པས་ཆུ་ལོག་དང་ས་རུད་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཁ་སང་མཚན་གུང་ནས་དྷ་རམ་ས་ལ་ཁུལ་དུ་དྲག་ཆར་ཡུན་རིང་འབབ་བཞིན་ཡོད་པའི་རྐྱེན་གྱིས། དེ་རིང་སྔ་དྲོར་བྷག་སུའི་ཁྲོམ་གཞུང་སོགས་སུ་ཆུ་ལོག་རྒྱུག་ནས་རླངས་འཁོར་སོགས་ཆུས་དེད་པ་དང་། ཉེ་ཁུལ་གྱི་རྒྱུག་ཆུ་རྣམས་རྒྱས་ཏེ་གཞུང་ལམ་འགག་པ་སོགས་ཀྱི་ཆུ་ལོག་གནོད་སྐྱོན་གང་ཙམ་ཡོང་གི་ཡོད་ཀྱང་། སྟབས་ལེགས་པ་ཞིག་ལ་ད་ལྟའི་ཆར་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་ཐོན་མི་འདུག

དྷ་སའི་དྲག་ཆར་གྱི་ཛ་དྲག་གནས་སྟངས་དང་བསྟུན་ས་གནས་ཀངྒ་ར་གྲོང་སྡེ་ལས་ཁུངས་ནས་ཛ་དྲག་ཉེན་བརྡའི་བཀོད་ཁྱབ་ཅིག་བཏང་བའི་ནང་། དེ་རིང་དང་སང་ཉིན་བཅས་ཉིན་གཉིས་རིང་ཀངྒ་ར་ཁུལ་དུ་དྲག་ཆར་ཤུགས་ཆེན་འབབ་རྒྱུ་ཡིན་པ་དང་། དེའི་རྗེས་ཉིན་གྲངས་གསུམ་རིང་ཆར་པ་རན་འཚམ་འབབ་རྒྱུ་ཡིན་སྟབས། འབྱུང་འགྱུར་ཉིན་གྲངས་ལྔའི་རིང་རྫོང་ཁོངས་ཀྱི་སྡེ་ཚན་འགན་འཛིན་ཚང་མས་དོ་དོ་ནན་ཏན་བྱ་དགོས་པ་མ་ཟད། སྒེར་གྱི་ལག་ཐོགས་ཁ་པར་རྣམས་སྒོ་ཕྱེས་ནས་འཇོག་དགོས་པ། ད་ལྟའི་ཆར་མི་སྲོག་སྐྱོབ་རྒྱུ་དེ་ཨང་དང་པོར་བརྩི་དགོས་ཤིང་། མི་མང་ངོས་ནས་ཀྱང་ཛ་དྲག་བྱུང་ན་ལས་རང་ཁྱིམ་ནས་ཕྱིར་མི་ཐོན་རྒྱུའི་ལམ་སྟོན་གནམ་འདུག

དེ་རིང་ཞོགས་པར་སྤྱི་ཚོགས་དྲ་ལམ་ཁག་ཏུ་དྷ་སར་དྲག་ཆར་ཤུགས་ཆེར་འབབ་བཞིན་པའི་བརྙན་པར་འགྲེམ་སྤེལ་བྱེད་བཞིན་པའི་ནང་། བཞུགས་སྒར་དྷ་སའི་མེག་གྷན་ཁྲོམ་གཞུང་ནས་སྤྱི་ལེ་ ༣ ཙམ་གྱི་སར་ཡོད་པའི་བྷག་སུ་ཁུལ་དུ་དྲག་ཆར་འབབ་ཤུགས་ཆེ་བའི་རྐྱེན་གྱིས། རྒྱ་ལམ་ཟུར་གྱི་ས་གནས་ཡུལ་མིའི་གླ་འཁོར་དང་ཡུལ་སྐོར་སྤྲོ་འཆམ་པའི་རླངས་འཁོར་ཆེ་གྲས་ཤིག་བཅས་ཁྱོན་རླངས་འཁོར་བཞི་ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་ཆུས་དེད་ནས་སྐྱོན་ཆག་ཆེན་པོ་བྱུང་འདུག་ལ། དེ་བཞིན་བོད་མི་གནས་སྡོད་བྱ་ས་ཨ་མདོ་གྲོང་གསེབ་ཀྱི་ཡུར་བུའི་ཆུ་རྣམས་རྒྱས་པ་མ་ཟད་ས་རུད་བརྒྱབ་པའི་གནས་ཚུལ་ཡང་ཐོན་འདུག

དེ་རིང་བཞུགས་སྒར་དྷ་ས་ཙམ་དུ་མ་ཟད། ཧི་མ་ཅལ་མངའ་སྡེའི་ས་ཁུལ་མི་ཉུང་བ་དང་། ཁྱིམ་མཚེས་ཨུ་ཊ་ར་ཁན་ཌི་མངའ་སྡེའི་ས་ཁུལ་མང་པོའི་ནང་དྲག་ཆར་འབབ་བཞིན་ཡོད་པའི་རྐྱེན་གྱིས་ཆུ་ལོག་དང་ས་རུད་བྱུང་རྗེས་གཞུང་ལམ་འགག་པ་སོགས་ཀྱི་གནས་ཚུལ་ཐོན་བཞིན་འདུག་ལ། དེ་རིང་ཧི་མ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལར་རྟེན་གཞི་བྱས་པའི་གཞུང་གི་གནམ་གཤིས་བརྟག་དཔྱད་ཁང་གིས་ཀྱང་། དྲག་ཆར་གྱི་རྐྱེན་པས་ཤིང་སྡོང་འགྱེལ་བ་སོགས་འབྱུང་སྲིད་པ་དང་། མང་ཚོགས་སུ་གང་རྒྱུག་ཆུའི་འགྲམ་དུ་བསྐྱོད་མི་ཉན་པའི་ཉེན་བརྡ་བཏང་ཡོད་འདུག

དེང་སྐབས་རྒྱ་གར་གྱི་བྱང་ཕྱོགས་ཁུལ་དུ་ཆར་དུས་མགོ་བརྩམས་པ་དང་བསྟུན། ས་ཁུལ་མང་པོའི་ནང་ས་རུད་དང་ཆུ་ལོག་བརྒྱབ་པའི་གནས་ཚུལ་བསྟུད་མར་ཐོན་བཞིན་པ་ལྟར། དེ་རིང་རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཞིག་ཐོན་བཞིན་པ་ལྟར་ན། འདས་པའི་ཉིན་གྲངས་གཅིག་ནང་རྒྱ་གར་གྱི་ནུབ་ཕྱོགས་མངའ་སྡེ་རཱ ཇི་སི་ཐན་(Rajasthan) ནང་ཐོག་བརྒྱབ་པའི་རྐྱེན་གྱིས་ཉུང་མཐར་མི་གྲངས་ ༣༨ རྐྱེན་འདས་ཕྱིན་འདུག་ཅིང་། དེའི་ཁྲོད་ནས་མི་གྲངས་ ༡༡ ནི། མངའ་སྡེ་དེའི་བྱང་ཕྱོགས་གྲོང་ཁྱེར་ཇེ་པུར་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་འཁོར་སའི་ཨ་མེར་ (Amer Fort) ཞེས་པའི་གནའ་ཤུལ་མཁར་རྙིང་གི་རྩིག་གྱང་སྟེང་འཛེགས་སྐབས་ཐོག་བརྒྱབ་སྟེ་རྐྱེན་འདས་སུ་ཕྱིན་ཡོད་འདུག

སྤྱིར་རྒྱ་གར་ནང་ཐོག་བརྒྱབ་པའི་རྐྱེན་གྱིས་ལོ་ལྟར་ཆ་སྙོམས་ཀྱིས་མི་གྲངས་ ༢༠༠༠ ལྷག་རྐྱེན་འདས་སུ་འགྲོ་ཡི་ཡོད་སྟབས། ཐོག་རྒྱག་བཞིིན་པའི་སྐབས་ཁང་པའམ་ཡང་ན་རླངས་འཁོར་སོགས་ནང་འཛུལ་དགོས་བ་དང་། གཞན་འཛུལ་སའམ་གབ་ས་མེད་པའི་གནས་སྟངས་འོག་ལྷག་ཚེ། རང་གི་རྐང་ལག་སོགས་བརྐུམས་ཏེ་རང་ཉིད་ཀྱི་གཟུགས་བོངས་གང་ཐུབ་ཀྱིས་ཆུང་དུ་གཏོང་ཐབས་ལ་འབད་དགོས་པ། གཞན་ཡང་ཐོག་རྒྱག་སྐབས་གུང་ཡངས་ས་དང་ས་སྟོང་། ལྷག་པར་དུ་ལ་ངོགས་སྟོང་པ་རིགས་ལ་གཡོལ་དགོས་ཤིང་། ཤིང་སྡོང་རིང་པོ་དང་། ཁེར་སྐྱེས་ཤིང་སྡོང་འོག་ཏུ་ནམ་ཡང་སྡོད་རྒྱུ་མེད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

ཆུ་ཚོད་ ༡༧ སྔོན་ལ།
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

༢༠༢༦/༠༥/༢༦
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese