མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་སའི་སྨན་ཁང་ཞིག་ལ་རྒྱ་སྒོར་ཁྲི་ ༧༩ ཡི་ཆད་པ་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

མི་མང་གི་ལག་ནས་སྨན་རིན་གཡོ་ལེན་བྱས་པ་དང་སྨན་ལས་ཐོབ་ཐང་ཡི་གེ་མེད་པ་སོགས་ཀྱི་རྒྱུ་རྐྱེན་འོག་ལྷ་སའི་སྨན་ཁང་ཞིག་ནས་ཟླ་བཅུ་གཉིས་ལས་དོན་གཉེར་མི་ཆོག་པ་སོགས་ཀྱི་ཆད་པ་བཅད་འདུག

བོད་ལྗོངས་རིག་གནས་དྲ་བ་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་སྨན་དོན་འགན་ཁུར་ལས་ཁུངས་དང་ལྷ་ས་གྲོང་ཁྱེར་སྨན་དོན་འགན་ཁུར་དང་འཕྲོད་བསྟེན་ལས་ཁུངས་བཅས་ཀྱིས། བོད་ལྗོངས་དེང་རབས་བུད་མེད་ཀྱི་ན་ཚ་དང་བུ་བཙའ་སྨན་ཁང་ཟེར་བར་བརྟག་དཔྱད་བྱེད་སྐབས། སྨན་ཁང་དེས་ལྷ་ས་གྲོང་ཁྱེར་གྱི་གཏན་འཁེལ་སྨན་བཅོས་ལས་ཁུངས་ཀྱི་ལུས་ཟུངས་གསོ་ཁང་བེད་སྤྱད་ནས་མི་དམངས་ལ་མགོ་སྐོར་བཏང་བའི་གནས་ཚུལ་ཞིག་རྒྱུས་ལོན་བྱུང་སྟེ། སྨན་ཁང་དེར་རྒྱ་སྒོར་ཁྲི་ ༧༩ ཡི་ཉེས་ཆད་བཅད་ཡོད་པ་རེད།

དེ་འབྲེལ་གནས་ཚུལ་ནང་། ལྷ་ས་གྲོང་ཁྱེར་སྨན་དོན་འགན་ཁུར་ལས་ཁུངས་ཀྱིས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་སྲུང་ལྷན་ཁང་དང་། ལྷ་ས་གྲོང་ཁྱེར་ཚོང་རའི་དོ་དམ་ལས་ཁུངས་སོགས་ཀྱི་ལས་མི་ཆེད་མངགས་ཀྱིས། བརྟག་ཞིབ་བྱས་པ་བརྒྱུད། སྨན་ཁང་དེས་སྨན་བཅོས་བྱེད་ཐབས་ཀྱི་རྣམ་གྲངས་བརྗེ་བསྒྱུར་བྱས་པ་དང་། སྨན་པའི་ལས་དོན་མི་སྣར་ལས་ཀའི་ཐོབ་ཐང་ཡི་གེ་མེད་པ། དེ་བཞིན། ནད་པ་དང་ནད་ཚུལ། ནད་པའི་འཛིན་བྱང་སོགས་རྫུན་བཟོ་ཡིས་དངུལ་འབོར་ཆེན་ལྐོག་ཟ་བྱས་པ་དང་། སྨན་རིན་གཡོ་ལེན་བྱས་པ་སོགས་ཁྲིམས་འགལ་གྱི་གནད་དོན་ཡོད་པ་ཤེས་རྟོགས་ཐུབ་ཡོད་སྐོར་བཀོད་འདུག

ལྷ་ས་གྲོང་ཁྱེར་སྨན་དོན་འགན་ཁུར་ལས་ཁུངས་ཟེར་བས། སྨན་ཁང་དེའི་སྨན་པ་སོགས་ཀྱིས་ཟླ་ ༡༢ རིང་ལས་དོན་གཉེར་མི་ཆོག་པ་དང་། མི་སྒེར་གྱི་དངུལ་བྱང་བརྒྱུད་སྨན་རིན་གཡོ་ལེན་བྱས་པའི་རྒྱ་སྒོར་ཁྱོན་ ༣༩༧༤༨༥།༦ ཕྱིར་ལེན་བྱ་རྒྱུའི་མ་ཟད། སྨན་ཁང་དེས་དམངས་ལ་སྲི་ཞུ་སྒྲུབ་པའི་ལས་གནས་ལས་ལྡོག་སྟེ། མི་མང་གི་བདེ་སྡུག་ལ་བསམ་བློ་མི་བཏང་བར་མགོ་སྐོར་གཏོང་འཆལ་སྤྱོད་སྤེལ་ཡོད་པར་བརྟེན། ཁྲིམས་འགལ་གྱི་བྱས་ཉེས་དེའི་རིགས་མུ་མཐུད་མི་འབྱུང་བ་དང་བསྒྱུར་བཅོས་གཏོང་སླད་འབྲེལ་ཡོད་ལྟ་ཞིབ་ལས་ཁུངས་ནས་ལྟ་རྟག་བྱ་རྒྱུ་ཡིན་པ་དང་། མ་འོངས་པར་ཉེས་དོན་དེའི་རིགས་བྱུང་ཚེ། ལྷ་ས་གྲོང་ཁྱེར་གྱི་སྨན་དོན་ཁྲིམས་སྲུང་ལས་ཁུངས་ལ་གཏུགས་པ་བརྒྱུད་ཁྲིམས་མཐུན་གྱི་སྒོ་ནས་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པའི་ཉེས་བརྡ་སོགས་བཏང་ཡོད་འདུག

དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist