མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་བལ་ཡུལ་བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་ནད་པ་མང་དུ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་ནད་གཞི་ཕོག་པའི་མི་གྲངས་ ༡༨༢ བྱུང་ཡོད་པ་དང་། ནད་པ་ལོ་ན་ཆུང་ཤོས་ལོ་གཅིག་དང་མི་ ༣ རྐྱེན་འདས་སུ་ཕྱིན་ཡོད་འདུག

CTA COVID-19 Emergency Relief Committee’s 69th press conference

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༦༩ པའི་ཐོག་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་འགྲུབ་ལགས་ཀྱིས། ནད་རླབས་གསུམ་པའི་ཆེད་དུ་ས་གནས་སོ་སོའི་མི་འབོར་ལ་དཔག་པའི་སྔོན་འགོག་གི་གྲ་སྒྲིག་དང་སྨན་བཅོས་ཀྱི་གྲ་སྒྲིག་གི་ཆེད་དུ་ཅ་དངོས་གང་དགོས་པ་དེའི་ཐོ་གཞུང་དང་འགྲོ་སོང་ག་ཚོད་ཕྱིན་ཡོད་པ་དེ་གཏོང་དགོས་པ་ཞུས་པ་ལྟར། ས་གནས་མང་ཆེ་བས་ཐོ་གཞུང་གནང་བ་ལྟར་ས་གནས་སོ་སོར་མཐུན་རྐྱེན་སྦྱར་ཟིན་པ་ཡིན། དེ་རིང་སླར་ཡང་ས་ཁུལ་ཡོངས་རྫོགས་ཀྱི་ས་གནས་མགོ་འཛིན་དང་སྨན་ཁང་འགན་འཛིན་ཚང་མ་ལ་ནད་རླབས་གསུམ་པ་མ་བསླེབ་གོང་དུ་ས་གནས་སོ་སོར་སྔོན་འགོག་གི་མཐུན་རྐྱེན་གང་དགོས་པ་ད་ལྟ་ནས་གཟིགས་ཏེ་ཉོ་རོགས་གནང་། ས་གནས་སོ་སོའི་ཏོག་དབྱིབས་ལས་དོན་ཚོགས་ཆུང་གིས་འགན་འཁྱེར་བའི་ཐོག་ནས་སྔོན་འགོག་འཐུས་ཚང་བ་བྱས་ནས་ནད་རླབས་གསུམ་པ་ས་གནས་ལ་མ་བསླེབས་པའི་འབད་བརྩོན་གནང་རོགས། གལ་ཏེ་ནད་རླབས་གསུམ་པ་བསླེབས་པ་ཡིན་ན་རྒྱ་ཁྱབ་ཏུ་མ་ཕྱིན་པའི་འབད་བརྩོན་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་ཡི་ཡིན། ནད་རླབས་གསུམ་པ་མ་བསླེབ་གོང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྨན་བཅོས་དང་སྔོན་འགོག་གི་མཐུན་རྐྱེན་ཆ་ཚང་བསྐྲུན་གནང་ཡོད། བོད་མིའི་སྒྲིག་འཛུགས་དང་ཏོག་དབྱིབས་གཉན་རིམས་ ༡༩ ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་མིང་ཐོག་ནས་ཕྱི་རྒྱལ་དུ་བཞུགས་མཁན་བོད་རིགས་སྤུན་ཟླ་ཚང་མར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་ཡི་ཡིན། རྣམ་པ་ཚོའི་ངོས་ནས་རྒྱ་གར་དང་བལ་ཡུལ་ནང་དཀའ་ངལ་ཆེན་པོ་བྱུང་བའི་སྐབས་སུ་ཕྱག་དངུལ་བཏང་སྟེ་ནང་མི་སོ་སོའི་དཔལ་འབྱོར་གྱི་གནས་སྟངས་ལ་དཀའ་ངལ་འཕྲད་མ་བྱུང་། གལ་ཏེ་རྣམ་པ་ཚོས་རོགས་རམ་གནང་མེད་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ལྟ་ཡོད་པའི་དངུལ་ཆ་ཚང་བཏང་རུང་གདང་གི་མེད་པའི་གནས་སྟངས་ཆགས་ཀྱི་ཡོད་པར་བརྟེན། ཛ་དྲག་གི་གནས་སྟངས་སྐབས་སུ་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོས་ཕྱག་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། དེ་བཞིན་ས་གནས་མགོ་འཛིན་ལས་ཁུངས་དང་སྨན་ཁང་ལ་ཐད་ཀར་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་གནང་ཞུ་འདོད་བྱུང་། ཞེས་བརྗོད་སོང་།

དེ་ནས་སྨན་པ་མཚམས་གཅོད་ལགས་ཀྱིས། བདུན་ཕྲག་འདིའི་ནང་རྒྱ་གར་ནང་དུ་ས་གནས་གྲངས་ ༡༡ དང་བལ་ཡུལ་ནང་དུ་ས་གནས་གྲངས་ ༤ ལ་རང་ཁྱིམ་དུ་ཟུར་བཀག་ལ་བཞུགས་པའི་མི་གྲངས་ ༣༦༣ དང་ཚོགས་སྡེའི་ཟུར་བཀག་ནང་བཞུགས་པའི་མི་གྲངས་ ༣༦༤ ཆགས་ཀྱི་འདུག  གསོ་རིག་ལུས་སེམས་ནུས་གསོའི་སྨན་དེ་ད་ལྟ་བར་དུ་སྟོང་ཕྲག་ ༣༨།༧༣༦ བགོ་འགྲེམས་ཞུས་འདུག  ལོ་ ༤ ནས་ ༡༨ བར་གྱི་བྱིས་པ་ ༡༣༣༠ ཙམ་ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་བགོ་འགྲེམས་ཞུས་ཐུབ་པ་བྱུང་འདུག  བདུན་ཕྲག་འདིའི་ནང་རྒྱ་གར་གྱི་ས་གནས་གྲངས་ ༡༡། བལ་ཡུལ་གྱི་ས་གནས་གྲངས་ ༢ ལ་མི་གྲངས་ ༧༩༢ བརྟག་དཔྱད་བྱས་འདུག  བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་པའི་མི་གྲངས་ ༦༣ ལ་འབྲེལ་བ་བྱས་པའི་ཐོག་ནས་སེམས་ཁམས་འཕྲོད་བསྟེན་གྱི་སློབ་གསོ་གནང་ཐུབ་པ་བྱུང་འདུག  རྒྱ་གར་ནང་གི་མི་གྲངས་སྟོང་ཕྲག་ ༢༨།༣༧༨ ལ་འགོག་ཁབ་དང་པོ་ཐོབ་ཡོད་པ་དང་མི་གྲངས་ ༢༠།༢༣༩ ལ་འགོག་ཁབ་གཉིས་པ་ཐོབ་འདུག  བལ་ཡུལ་ནང་དུ་བརྒྱ་ཆ་ ༩།༤༤ ལ་འགོག་ཁབ་དང་པོ་ཐོབ་ཡོད་པ་དང་བརྒྱ་ཆ་ ༡༢།༩༤ ལ་འགོག་ཁབ་གཉིས་པ་ཐོབ་འདུག  བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པའི་མི་གྲངས་ ༡༨༢ བྱུང་ཡོད་པ་དང་། འདིའི་ནང་ནས་སྐྱེས་པ་གྲངས་ ༩༡ དང་བུད་མེད་གྲངས་ ༩༡། ལོ་ན་མཐོ་ཤོས་ ༩༡ ཡིན་པ་དང་ལོ་ན་ཆུང་ཤོས་བྱིས་པ་ལོ་གཅིག་ཆགས་ཀྱི་འདུག  བདུན་ཕྲག་འདིའི་ནང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༣ འདུག  ཅེས་བརྗོད་སོང་།

མཐར་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ད་ལྟའི་ཆར་རྒྱ་གར་ནང་དུ་འདས་པའི་ཆུ་ཚོད་ ༢༤ ནང་ཏོག་དབྱིབས་ནད་གཞི་གསར་པ་ཕོག་པའི་མི་གྲངས་སྟོང་ཕྲག་ ༤༡།༣༨༣ ཆགས་ཀྱི་འདུག  དེར་བརྟེན་རྣམ་པ་ཚོས་མུ་མཐུད་གཟབ་གཟབ་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་ཡི་ཡིན། ད་ལྟའི་ཆར་འགོག་ཁབ་གཉིས་ཀ་བརྒྱབ་ཚར་ཡིན་ཟེར་ནསཕྱི་ལོགས་ལ་འགྲོ་བའི་སྐབས་སུ་ཁ་རས་མ་གྱོན་པ་དང་བར་ཐག་མ་བཞག་པའི་དཀའ་ངལ་འཕྲད་དེ་སྣང་མེད་བཏང་སྟེ་འཐུས་ཤོར་ཕྱིན་གྱི་ཡོད་རེད་བསམ་གྱི་འདུག  དེ་བཞིན་ང་ཚོའི་འཚོ་བའི་གནས་སྟངས་ལ་བརྟེན་ནས་ཕྱི་ལ་འགྲིམ་འགྲུལ་བྱེད་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད། འདིའི་རྐྱེན་གྱིས་ཕྱི་ནས་གཞིས་ཆགས་ལ་ལོག་གི་ཡོད་ན་ཉིན་ལྔ་ཟུར་བཀག་ལ་བཞུགས་ནས་བརྟག་དཔྱད་བྱ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག  ནད་རྟགས་ཡོད་པའི་སྐབས་སུ་ཆམ་པ་རེད་བསམ་ནས་སྣང་མེད་བཏང་བ་ཡིན་ན་འདིས་སྤྱི་ཚོགས་ལ་དཀའ་ངལ་ཆེན་པོ་བཟོ་ཡི་འདུག  དེར་བརྟེན་རྣམ་པ་ཚོས་རང་ངོས་ནས་སྔོན་ནས་བརྟག་དཔྱད་བྱས་ན་གཞིས་ཆགས་དང་མང་ཚོགས་ལ་མ་ཁྱབ་པའི་དགེ་མཚན་འདུག  གལ་ཏེ་རང་ཉིད་ལ་ནད་རྟགས་ཡོད་ན་ཆང་ས་ལ་གདན་འདྲེན་ཞུ་བའི་སྐབས་སུ་མ་ཕེབས་རོགས་གནང་། འགོག་ཁབ་གཉིས་བརྒྱབ་ཚར་རུང་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ལག་བསྟར་གནང་རོགས་གནང་། ད་ལྟ་བར་དུ་གནས་སྟངས་བཟང་པོ་ཆགས་ཡོད་རུང་སོ་སོའི་ངོས་ནས་འཐུས་ཤོར་མ་ཕྱིན་པའི་འབད་བརྩོན་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་ཡི་ཡིན། ཞེས་ལམ་སྟོན་གནང་འདུག

རྒྱ་གར་དང་བལ་ཡུལ་ནང་བོད་མི་ཏོག་ནད་ཅན་ ༥༥༣༨ དང་དྲག་སྐྱེད་སོང་བའི་མི་གྲངས་ ༥༠༢༢། རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༡༣༥། ནད་མནར་བཞིན་པ་ ༣༨༡ འདུག  ཕྱི་རྒྱལ་དུ་བོད་མི་ཏོག་ནད་ཅན་ ༢༡༣ དང་དྲག་སྐྱེད་སོང་བའི་མི་གྲངས་ ༡༦༥། རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ ༩ ། ནད་མནར་བཞིན་པ་ ༣༩ བྱུང་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. Kongtul says:
    ལོ་ 5 སྔོན།

    ས་གནས་དང་དེར་ནད་པའི་ཁ་གྲངས་ཀ་སོགས་གསལ་ཆ་མེད་པར་ཆར་ཅན་དེ་འདྲ་བཤད་སྡད་པ་ནི་སུན་སྣང་སྐྱེ་རོགས་མ་རེད་བ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese