མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གྲོང་ཁྱེར་ཞིག་ཏུ་༧རྒྱལ་བ་རིན་པོ་ཆེའི་དཔེ་མཛོད་དང་འགྲེམས་སྟོན་ཁང་གསར་རྒྱག

བོད་ཀྱི་དུས་བབ།
༢༠༢༡/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཆོས་ཚོགས་ཀྱིས་ཨ་རིའི་གྲོང་ཁྱེར་ཨེ་ཐེ་ཀའི་ནང་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་དམིགས་པའི་༧རྒྱལ་བ་རིན་པོ་ཆེའི་དཔེ་མཛོད་དང་འགྲེམས་སྟོན་ཁང་ཞིག་གསར་རྒྱག་གནང་གི་ཡོད་པ་རེད།

Namgyal Monastery-Ithaca

ཕྱི་ལོ་ ༢༠༡༦ ཡས་མས་ཙམ་ནས་ཨ་རིའི་མངའ་སྡེ་ནེའུ་ཡོག་གི་གྲོང་ཁྱེར་ཨེ་ཐེ་ཀར་རྟེན་གཞི་བྱས་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཆོས་ཚོགས་ཀྱིས།  བྱམས་བརྩེ་དང་བཟོད་པ། འདོད་ཆུང་ཆོག་ཤེས་སོགས་ཡ་རབས་བཟང་སྤྱོད་ཀྱི་བརྗོད་སྙིང་གཙོ་བོར་བཟུང་སྟེ་མིའི་རིགས་ཀྱི་གཞི་རྩའི་རིན་ཐང་གོང་མཐོར་དམིགས་པའི་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་ཞིག་གསར་བསྐྲུན་གནང་རྒྱུའི་ལས་འཆར་གསལ་བསྒྲགས་བསྐྱངས་ཡོད་པ་ལྟར། ཉེ་སྔོན་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་དང་བསྟུན། ༧རྒྱལ་བའི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་གི་ལས་འཆར་དེར་ཨ་སྒོར་ས་ཡ་ ༥ ཡི་གྲོན་འཆར་མཁོ་ཡི་ཡོད་པའི་གསལ་བསྒྲགས་བསྐྱངས་ཏེ། ད་ལྟའི་ཆར་ལས་འཆར་དེའི་སླད་ཞལ་འདེབས་ཁྱོན་ཨ་སྒོར་ས་ཡ་གཉིས་དང་ཕྱེད་ཀ་ཙམ་བསྡུ་རུབ་ཐུབ་ཡོད་པ་རེད།

ཁ་སང་ཨ་རིའི་ (EIN Presswire) གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། འགྲོ་བ་མིའི་རིགས་ཀྱི་གཞི་རྩར་སྨན་པའི་རྣམ་རྒྱལ་གྲྭ་ཚང་གི་ལས་གཞི་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་གི་ཤེས་བྱ་རིག་པའི་གནས་ལ་མཛད་རྗེས་དཔག་མེད་དུ་བསྐྱངས་ཡོད་པའི་གནས་བབ་རྒྱ་སྐྱེད་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་མི་རིགས། སྐད་ཡིག་དང་རྩོམ་རིག སྒྱུ་རྩལ་དང་རྣམ་ཐར། དེ་བཞིན་བཟོ་བཀོད་ཀྱི་རིག་གནས་སོགས་སྲུང་སྐྱོབ་གནང་བར་དམིགས་པ་ཞིག་ཡིན་པ་མ་ཟད། དམིགས་བསལ་༧གོང་ས་སྐུ་ཕྲེང་བཞི་བ་༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་དང་༧གོང་ས་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཉར་ཚགས་གནང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དེ་འབྲེལ་གནས་ཚུལ་ནང་། གྲོང་ཁྱེར་ཨི་ཐེ་ཀའི་རྣམ་རྒྱལ་གྲྭ་ཚང་གི་ཆོས་ཚོགས་ཀྱི་འགན་འཛིན་བསྟན་འཛིན་ཆོས་བཟང་ལགས་ཀྱིས། ང་ཚོས་འགྲོ་བ་མིའི་བདེ་རྩར་སྨན་པའི་༧རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་གསར་རྒྱག་སླད་རྒྱབ་སྐྱོར་སློང་གི་ཡོད། ཅེས་བརྗོད་ཡོད་པ་དང་། ༧རྒྱལ་བའི་ཤེས་ཡོན་བསྟི་གནས་ཁང་དེས། རིགས་རིས་ལ་ཁྱད་མེད་ཀྱིས་འགྲོ་བ་མིའི་གཞི་རྩའི་རིན་ཐང་གོང་མཐོར་སྨིན་སླད་བྱམས་སྙིང་རྗེ་དང་ཞི་བདེ་སྙིང་བོར་བཟུང་བའི་དྲ་ཐོག་དང་ཡུལ་དངོས་ནས་སྒོམ་སྒྲུབ་དང་ཟབ་སྦྱོང་། འཆད་འཁྲིད་སོགས་ཀྱི་ལས་རིམ་སྒྲིག་སྟེ་འཛམ་གླིང་མི་མང་ཡོངས་ལ་ཕན་བདེ་བསྐྲུན་ཐབས་བྱ་རྒྱུ་ཡིན་པ་དང་། དམིགས་བསལ་༧གོང་ས་མཆོག་ནས་ནམ་རྒྱུན་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་གཅིག་ལ་གཅིག་བརྟེན་ཡིན་པའི་ངེས་ཤེས་རྙེད་པའི་ཐོག་ནས་འཛམ་གླིང་གི་དཀའ་ངལ་སེལ་དགོས་གསུངས་པའི་བཀའ་སློབ་ཀྱི་དགོངས་པ་རྒྱ་སྐྱེད་གཏོང་འཆར་ཡོད་འདུག

Namgyal Monastery-Ithaca

དཔེ་མཛོད་དང་འགྲེམས་སྟོན་ཁང་གསར་རྒྱག་གི་ལས་གཞི་དེར་༧སྐུ་སྒེར་ཡིག་ཚང་ནས་ཨ་སྒོར་ས་ཡ་ ༡།༣ ཞལ་འདེབས་གནང་ཡོད་པ་དང་། ད་སྔ་བར་མི་མང་སྟོང་ཕོད་ཅན་མང་དག་ཅིག་གིས་ཁྱོན་ཨ་སྒོར་ས་ཡ་ ༡།༢ ཀྱི་ཞལ་འདེབས་ཕུལ་ཡོད་འདུག་ལ། ལས་གཞི་དེར་སྤྱི་ཡོངས་ནས་ཨ་སྒོར་ས་ཡ ༡༣ གྱི་འགྲོ་གྲོན་གཏོང་འཆར་ཡོད་པ་དང་། ལས་གཞིའི་ཆེད་ཨ་སྒོར་ ༡༠༠༠༠ དང་ཡང་ན་དེ་ལས་བརྒལ་བའི་ཞལ་འདེབས་གནང་མཁན་བྱུང་ཚེ། ལས་གཞི་གྲུབ་རྗེས་ཚེ་གང་རིན་མེད་ཀྱིས་ནང་འཛུལ་དང་དེ་མིན་གྱི་དགོས་མཁོའི་མཐུན་རྐྱེན་ཡང་གནང་འཆར་ཡོད་པ་དང་། ད་རེས་ཀྱི་ཞལ་འདེབས་བསྡུ་སློང་དེ་ནི་དཔེ་མཛོད་དང་ཤེས་ཡོན་བསྟི་གནས་ཁང་ཁོ་ནའི་གྲོན་འཆར་ཡིན་པ་དང་། འགྲེམས་སྟོན་ཁང་གི་འགྲོ་གྲོན་སླད་ཁྱོན་ཨ་སྒོར་ས་ཡ་ ༡༠ ཙམ་གནས་ཀྱི་ཡོད་འདུག

ལས་གཞི་དེ་ནི་དྷ་སར་ཡོད་པའི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་མ་དགོན་དང་ཨི་ཐི་ཀ་ཆོས་ཚོགས་གཉིས་བར་གྲོས་བསྡུར་གནང་བ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་པ་བརྒྱུད་གསར་རྒྱག་གི་ལས་འཆར་སྒྲིག་རྗེས།  ཕྱི་ལོ་༢༠༡༦ ཟླ་༤ ཚེས་༢༨ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཤེས་ཡོན་ལྟེ་གནས་ཁང་གསར་པ་དེར་ཏཱ་ལའི་བླ་མའི་དཔེ་མཛོད་དང་འགྲེམས་སྟོན་ཁང་ཞེས་མཚན་གསོལ་གནང་ཡོད་འདུག

གཞན་ཡང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཨི་ཐི་ཀའི་དུས་འཁོར་ཆོས་གླིང་ནི། ཕྱི་ལོ་ ༡༩༩༢ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་རྒྱ་གར་ནང་རྟེན་གཞི་བྱས་པའི་མ་དགོན་རྣམ་རྒྱལ་གྲྭ་ཚང་གཉིས་ཀྱི་སློབ་སྟོན་འོག རྒྱ་གར་ནང་གསུང་ཆོས་ཞུ་བར་བཅར་མི་ཐུབ་པའི་ནུབ་ཕྱོགས་པའི་དད་ལྡན་སྐྱེ་བོ་རྣམས་ཀྱི་ཆེད་དུ་དམིགས་ནས་བཙུགས་ཡོད་ཅིང་། ཡུལ་དེའི་དད་ལྡན་དོན་གཉེར་ཅན་རྣམས་ཀྱི་ཆེད་དུ་རྣམ་རྒྱལ་གྲྭ་ཚང་གི་མདོ་སྔགས་སློབ་མཐར་ཕྱིན་པའི་དགེ་འདུན་པ་བཞི་ཆེད་གཏོང་གིས་སློབ་འཁྲིད་གནང་བཞིན་ཡོད་འདུག་ལ། ཕྱི་ལོ་ ༢༠༠༤ དང་ ༢༠༠༦ བསྟུད་མར་དུས་འཁོར་ཆོས་གླིང་རྒྱ་སྐྱེད་ཀྱིས། ཐོག་མའི་དམིགས་འདུན་བཞིན་བོད་ཀྱི་གནའ་བོའི་བཟོ་བཀོད་ལྡན་པའི་ཆོས་སྒར་ཞིག་ཏུ་བསྒྱུར་ཐུབ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༢༡ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 1

  1. Asanga says:
    ལོ་ 5 སྔོན།

    ཏཱ་ལའི་བླ་མའི་དཔེ་མཛོད་དང་འགྲེམས་སྟོན་ཁང་། Wonderful!!! Thanks.:)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese