མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ནི་བསྙེན་བཀུར་སྤངས།

བོད་ཀྱི་དུས་བབ།
༢༠༢༡/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp

གཙང་པ་དུར་ཁུང་།

ད་ནས་ཡར་བརྩིས་པའི་ལོ་ངོ་བཅུ་ཕྲག་གཅིག་གི་གོང་སྟེ། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་གི་སྲིད་ཕྱོགས་ཀྱི་མཛད་འགན་བཤོལ་ནས་སྐུ་དབང་མང་གཙོའི་ཀ་བ་གསུམ་ལ་ཆ་བགོས་གནང་བ་དང་། སྔར་དང་མི་འདྲ་བར་འཛིན་སྐྱོང་བཀའ་ཤག་གི་སྣེ་ཁྲིད་ཆ་ཚང་བྱེད་དགོས་པའི་བཀའ་ཁྲི་མི་མང་གིས་ཐད་ཀར་འོས་འདེམས་ཞུས་པ་བཅས་མ་འོངས་ཕུགས་རྒྱང་རིང་བའི་དགོངས་གཞི་ལ་དགའ་དད་སྤྲོ་གསུམ་གྱི་ངང་ནས་བཀའ་དྲིན་རྗེས་དྲན་ཞུ།

འོན་ཀྱང་སྐབས་དེ་ནས་བཟུང་། བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་ཅེས་པའི་དཔེ་ལྟར། ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་ཡོ་ལང་གི་འཁྲུག་ཆ་ཧ་ཅང་དོད། མཇུག་འབྲས་ངན་པ་རྣམས་མུ་མཐུད་ཐོན་མུས་མཆིས། འདས་པའི་མི་ལེགས་པའི་གནས་ཚུལ་ངོས་འཛིན་ཐོག་ནས་རང་རང་སོ་སོས་ལག་ལེན་བསྟར་ནས་ལེགས་བཅོས་རེ་འོང་ཨེ་ཐུབ་བལྟ། དེ་ནི་ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ། ཞེས་པ་ལྟར་རེད། ངས་འདས་པའི་ལོ་ངོ་དེ་དག་ནང་ཧ་ཅང་ཐལ་ཆ་ཆེ་བའི་མི་ལེགས་པའི་གནས་ཚུལ་ཁག་གསུམ་མཐོང་། དེ་ནི་ན་གཞོན་རྣམས་ཀྱི་བསམ་བློ་གཏོང་ཕྱོགས་དང་། བཅའ་ཁྲིམས་ལ་བརྩི་བཀུར་བྲལ་བ། ཆོལ་ཁའི་ཕྱོགས་ལྷུང་བཅས་ཡིན།

གོང་གི་གནས་དོན་གསུམ་པོ་དེར་ཞིབ་ཏུ་བསམས་ན། བོད་སྡེ་པ་གཞུང་གི་བརྒྱུད་འཛིན་བཙན་བྱོལ་སྒྲིག་འཛུགས་འདི་གཏོར་བཤིག་གཏོང་མི་ཐུབ་ཀྱང་། སྤྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་བཞག་པའི་ཆོལ་ཁ་གསུམ་ཆིག་སྒྲིལ་བྱེད་རྒྱུའི་མནའ་གན་མཐུ་མོ་ཆེ་ཐལ་བའི་རྡུལ་དུ་བརླག་པའི་སྟ་གོན་ལ་གཞོལ་ཞིང་འདུག

དེར་ཡིད་མ་ཆེས་ན་ཁྱིམ་མཚེས་བལ་ཡུལ་རྒྱལ་ཁབ་ནས་རྒྱ་གར་དང་། ཐའེ་ཝན། ཨོ་སི་ཀྲོ་ལི་ཡ། ཡོ་རོབ། ཁེ་ན་ཊ། ཨ་རི་བཅས་ཀྱི་རང་རིགས་ལ་ཁྲ་ཆུང་སྤྱན་གྱིས་གཟིགས་དང་། སྤྱན་གྱིས་མ་བསྙབ་ན། དར་ལུང་རྣ་བས་རིང་པོ་ནས་གསོན། ཆོལ་ཁ་མི་མཐུན་ཚེ་སེམས་ཐག་ཉེ་བའི་སྐད་ཆ་མི་ཤོད་ལ། ལྷག་པར་བོད་དོན་ཆབ་སྲིད་ཐོག་དེ་བས་ཀྱང་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་ཀྱི་གོ་སྐབས་ཚང་མ་འགག་འདུག  སྤྱི་པའི་ཆབ་སྲིད་དང་འབྲེལ་བའི་ལས་འགུལ་སྤེལ་སྟངས་རེར་རྩོད་རྙོག་གི་འདམ་རྫབ་ནང་ཐེངས་རེ་མཆོངས་འགྲོ།  ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་དགྲ་བོ་རྒྱ་དམར་ལ་ཡང་མེར་ཚིག་མེར་གཏུག་གྲོས་མོལ་ཐོག་ནས་ཞི་འགྲིག་ཐུབ་པའི་ཐུགས་རེ་རྩེ་གཅིག་བཅངས་ཡོད་ཀྱང་། ང་ཚོའི་ཁ་ཐབས་ནི་ནང་ཁུལ་གཅིག་གིས་གཅིག་ལ་འཛེམས་གཟོན་བྱས་ཏེ། སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་མི་བྱེད་ལ། སྡུག་གི་འཁུར་པོ་ཡང་མཉམ་འཁུར་མི་བྱེད།

གནས་སྟངས་དེ་ལྟ་བུར་གྱར་བ་ནི། དགྲ་བོས་ཆེད་དུ་དཀྲུགས་མི་དགོས་པར་འདས་པའི་ལོ་ངོ་བཅུ་ཕྲག་ནང་ང་ཚོའི་དབུ་ཁྲིད་ཚོས་བསྟན་པ་འགོ་ནས་བཤིགས་ཤིང་། དེའི་གཤམ་དུ་རང་ཉིད་མཁས་དབང་དང་བསམ་བློ་བར་རློམས་པའི་དང་བླང་གི་དྲ་དཔོན་འགའ་དང་། ཁྱི་འཁྱམས་བཞིན་ཉིན་མཚན་ལྟོས་མེད་འདུར་རྒྱུག་གིས་དཀྲོག་གཏམ་སྤེལ་བའི་ཀླད་སྟོང་ལས་མེད་འགའ་ཞིག་བཅས་ལ་འགན་ཡོད། སྐབས་དེ་ཤེད་ནས་ད་བར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ཁས་བླངས་པའི་དགེ་འདུན་པས་རང་ཉིད་ཀྱི་སེམས་བསྐྱེད་བཞིན། ཆར་པ་ཆུ་གྲོགས་དང་ཉི་མ་མེ་གྲོགས་སུ་འགྱུར་བ་མཛད་ནས་རབ་བྱུང་གི་མཚན་དོན་མཚུངས་པའི་ཞི་དུལ་བག་ཡོད་ངང་སྣུམ་བགས་ཅན་གྱི་མཛད་པ་ཞིག་བསྐྱངས་དགོས་ཀྱང་། ལས་མ་དག་པ་ངའི་ཆུ་ལྦུར་མིག་ལ་སྣང་བ་ནི། དགེ་འདུན་པ་མང་པོ་ཞིག་སྲིད་སྤྱིའི་འོས་ལ་ཆོལ་ཁའི་ཞེན་ཁོག་དབང་དུ་ཐེ་ཚོམ་དང་ནེམ་ནུར་སྤུ་ཙམ་མེད་པ་ཐལ་ཚུབ་འཁྱིལ་ལེར་ཕེབས་རྐྱང་གནང་སྟེ། སྤྱི་ཚོགས་དུམ་བུ་ནས་དུམ་བུར་འགྲོ་བའི་ལམ་དུ་དངོས་ཤུགས་བརྒྱུད་གསུམ་ནས་ནན་གྱིས་ཞུགས་སོང་། ད་དུང་མཛད་པ་འགའ་ཞིག་འཇིག་རྟེན་ཁྱིམ་པའི་སྐྱེ་བོ་ལས་ཧ་ཅང་ཐབས་རྡུགས།

གྲོས་ཚོགས་ར་བའི་ནང་ཆོས་ལུགས་སྤྱི་མཐུས་རྣམས་ཀྱི་བྱ་སྤྱོད་ལ་གཟིགས་དང་། གྲོས་ཚོགས་འཐུས་མི་བཞི་བཅུ་ཞེ་ལྔ་ནས་ཁོ་ཚོ་ལས་མ་རབས་དང་། རང་ཤེད། ཆོལ་ཞེན་ཆེ་བ་སུ་ཞིག་འདུག གནས་དུས་གང་དུ་ཡང་སྤྱི་དོན་དཀྲུགས་ཤིང་། རྒྱལ་བའི་དགོངས་པ་དང་མི་མཐུན་པའི་ཕྱོགས་ཁོ་ནར་གཞོལ། གལ་ཏེ་གྲོས་ཚོགས་ནང་ཁ་མ་གཤིན་པར་གྱུར་ཡོད་ཚེ། དེའི་མི་མཐུན་པའི་ཕྱོགས་སམ་ལམ་ནོར་དུ་ཁྲིད་མཁན་གཏེ་དཔོན་ཆོས་བརྒྱུད་སྤྱི་མཐུས་ཡིན་པ་གཏན་ཁེལ། མི་སྡེ་ཡར་རྒྱས་གཏོང་བའི་ཆབ་སྲིད་ལ་སོགས་ཀྱི་བསམ་ཚུལ་འདོན་པའི་སློབ་སྦྱོང་མེད་པར་བརྟེན། ཅང་མི་སྨྲ་བར་སྡོད་མ་ཚུགས་པར་འཁྲུག་སློང་གི་སྣེ་ཞིག་བྱུང་མ་ཐག་གོ་སྐབས་བླ་མེད་དུ་བསམས་ཏེ། ཤི་འཐམ་རོ་འཐམ་བྱེད་པ་ཆོས་ལུགས་སྤྱི་མཐུས་རྣམས་ལ་ཡུན་རིང་ནས་འཇགས་པའི་ངན་གཤིས་ཤིག་རེད། ད་སྐབས་ཀྱི་གནས་ཚུལ་ལ་གཞལ་སྐབས་ཀྱང་། ཐོག་མ་ཁྲིམས་ཞིབ་པ་གསུམ་འཕོ་འགྱུར་གྱི་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་མཁན་ཆོལ་ཁ་གསུམ་གའི་སྤྱི་འཐུས་ཡོད་ཀྱང་། རྗེས་སུ་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཁྲི་ཟུར་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་ལ་བཅར་འདྲི་ཞུས་པ་དང་། ཁྲིམས་ཞིབ་པ་ཟུར་པ་རྣམ་པ་ལ་སོགས་ཀྱིས་ལམ་ནོར་ཟློག་ཤེས་དགོས་པའི་ལམ་སྟོན་མཛད་པར་བརྟེན།  དབུས་གཙང་གི་ཕོ་རོག་དཀར་པོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་དང་ཨ་རིའི་བསྟན་འཛིན་འཇིགས་མེད་མ་གཏོགས་སྤྱི་འཐུས་གཞན་རྣམས་ཀྱིས་ནོར་བ་ནོར་བར་ངོས་བཟུང་སྟེ་བཅའ་ཁྲིམས་དགོངས་དོན་བཞིན་ཤར་བསྐྱོད་བགྱིས་ཀྱང་། འདེམས་ཐོན་ཆོས་བརྒྱུད་སྤྱི་འཐུས་རྣམས་སྡིག་པ་མིག་བཙུམ་གྱིས་འདེམས་ཐོན་མདོ་སྟོད་སྤྱི་འཐུས་དང་ལྷན་དུ་ཁ་མཆུ་བོགས་མར་བཞེས་དགོས་པ་ཡ་ཆའོ།

༸གོང་ས་མཆོག་གིས་མང་གཙོ་གསོལ་སྩལ་སྐབས་ཆོལ་ཁ་དང་ཆོས་ལུགས་ཀྱི་སྤྱི་འཐུས་སྲོལ་གཏོད་པ་དང་བཅའ་ཁྲིམས་ནང་དུ་ཡང་གཏན་འབེབས་མཛད། དེ་ལྟར་གཏན་འབེབས་གནང་བར་དགོངས་གཞི་དགོས་པ་མང་པོ་ཞིག་ནས་གཅིག་ནི། གལ་ཏེ་ཆོལ་ཁ་གསུམ་པོའི་སྤྱི་འཐུས་བར་ལྗིད་སྙོམ་སྟངས་འཛིན་མ་ཐུབ་ཚེ། ཆོས་ལུགས་སྤྱི་འཐུས་ཀྱིས་ལྗིད་སྙོམ་སྟངས་འཛིན་ལ་ནུས་པ་འདོན་པའི་ཐུགས་རེ་གནང་ཡོད་ཚོད། ད་ནི་སྐབས་དེ་དུས་ཀྱི་དགོས་མཁོ་ལྟར་མེད་ཅིང་། དེ་ལས་ལྡོག་སྟེ་ཆོས་བརྒྱུད་སྤྱི་འཐུས་ཀྱི་མིང་འཁུར་ནས་སྐྱབས་ཡུལ་དགེ་འདུན་པའི་སྡེ་ལ་བཀུར་འདེབས་ཞུ་བའི་གཞི་ལ་བརྟེན། ཆོས་འཇིག་རྟེན་གཉིས་བྲལ་གྱི་ཆོས་བརྒྱུད་སྤྱི་འཐུས་ཀྱི་ལམ་ལུགས་མཇུག་བསྒྲིལ་དགོས། ཆབ་སྲིད་ནི་འགྱུར་བའི་རང་བཞིན་ཞིག་ཡིན་པར་བརྟེན་དེ་ནི་ང་ཚོའི་ལོ་ངོ་དྲུག་ཅུའི་རིང་གི་བསྒྱུར་བཅོས་གཅིག་ལ་བརྩི་འོས།

སྤྱིར་རབ་བྱུང་པ་ཆབ་སྲིད་ཀྱི་ལས་དོན་ལ་དང་དུ་གཞོལ་བ་ནི།  སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ་དང་འགལ་ཞིང་། ལྷག་པར་དེང་དུས་ང་ཚོའི་དགེ་འདུན་པའི་ཆབ་སྲིད་ཀྱི་བྱེད་ཕྱོགས་མི་ལེགས་པ་དེས་རང་ཉིད་ཁྱིམ་པ་སུན་འབྱིན་གྱི་ལས་ཚབས་པོ་ཆེ་བསགས་ཤིང་ད་བར་སྤྱི་དོན་ཐོག་ཕན་ལས་གནོད་ཆེ། འཇིག་རྟེན་སྲིད་ལུགས་སྐྱོང་བའི་ཆབ་སྲིད་དང་། དངུལ་རྩིས། ཕྱི་འབྲེལ་སོགས་ཀྱི་ཤེས་ཡོན་ཏིལ་འབྲུ་ཙམ་མེད་ཀྱང་ཧམ་ཤེད་ཁོ་ནས་ད་དུང་ཤེས་འཇོན་གཉིས་ལྡན་གྱི་མི་བུའི་དཔའ་མཛངས་བློ་གྲོས་ལ་འགལ་རྐྱེན་བཟོས་ཏེ། སྐབས་རེ་ལྟས་ངན་དེ་དག་གི་དབང་བསྒྱུར་འོག་འགྲོ་དགོས་པ་དང་། མི་མང་གིས་དང་བླངས་དཔྱ་དངུལ་དང་ཞལ་འདེབས་ཕུལ་ནས་བརླང་སྤྱོད་ཅན་དེ་དག་གསོ་དགོས་པ་དངོས་གནས་ལས་མ་དག་པ་རེད།

ལོ་རྒྱུས་ཐོག་ཆོས་སྦག་གྱོན་པའི་སྡིག་ཏོ་ཅན་གྱིས་བརྒྱུད་སྐུལ་ཏེ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་དང་མི་བུ་རྣམ་དཔྱོད་ཅན་འགའ་ཞིག་གི་གཟིགས་རྒྱང་རིང་བའི་གསར་གཏོད་ཀྱི་ལམ་བུ་བཙན་གྱིས་བཤིགས་ཏེ་ང་ཚོ་ཆབ་སྲིད་ཐོག་ད་ལྟའི་གནས་སྟངས་འདི་མུར་གྱར་བར་གཞོགས་འདེགས་ཚད་མེད་བྱས།

དེ་དག་ལ་ཞིབ་ཏུ་བསམས་སྐབས་གཞུང་ས་དགའ་ལྡན་ཕོ་བྲང་པའི་བཀའ་བཀོད་འོག་ང་ཚོའི་མེས་པོ་ཚོས་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་སུ་རེ་ནས་ཁྲག་དང་རྔུལ་ཆུས་བསགས་པའི་ཞིང་འབྲོག་གི་ཐོན་སྐྱེད་མི་རབས་ནས་མི་རབས་འཇལ་ཏེ། ཆོས་བརྒྱུད་བཞི་དང་གཡུ་དྲུང་བོན་དང་བཅས་པའི་བརྒྱུད་འཛིན་པ་གསོས་པ་མང་པོ་ཞིག་རང་མགོ་ཆུ་འདྲེན་དུ་སོང་ཡོད་པ་གསལ་བཤད་བྱས་ཡོད། གོང་གི་གནས་ཚུལ་དེ་དག་ལ་བརྟེན། ཆོས་སར་ཆོས་དང་གཞས་སར་གཞས། ཞེས་པའི་དཔེ་ལྟར། འཛམ་གླིང་རྒྱལ་ཁབ་ཀུན་དང་མཐུན་པར་ཆོས་སྲིད་གཉིས་ལོགས་སུ་དབྱེ་འབྱེད་གསལ་པོ་དགོས་ལ་ཆོལ་ཁའི་ཞེན་འཁོགས་དབང་གིས་ཆབ་སྲིད་ཀྱི་ལམ་དུ་ནན་གྱིས་ཞུགས་པའི་དགེ་འདུན་པར་ད་ནས་བཟུང་གུས་པས་བསྙེན་བཀུར་སྤངས་པ་ཡིན།

རྒྱུ་མཚན་གང་ལགས་ཤེ་ན། བློ་གྲོས་ལྡན་པའི་མི་བུ་སུ་ཞིག་ཡིན་རུང་རང་མགོ་རྡུང་བའི་ཐོ་བ་བཟོ་སྐྲུན་མི་བྱེད། གལ་ཏེ་ང་ལ་ཤི་གསོན་གཉིས་ཀྱི་སྐྱབས་ཞུའི་ཆེད་དབུལ་བྱའི་དད་རྫས་ཁ་གང་སྐར་མ་ལས་མེད་ཀྱང་དགོན་པ་དང་དགོན་པ། གྲྭ་ཚང་དང་གྲྭ་ཚང་། ཁང་ཚན་དང་ཁང་ཚན། གྲྭ་པ་དང་གྲྭ་པ་དབྱེ་བ་ཕྱེ་སྟེ་དོན་དམ་པའི་དགོན་པ་དང་། དོན་དམ་པའི་ཁང་ཚན།  དོན་དམ་པའི་དགེ་འདུན་པ་རྣམས་ལ་བསྙེན་བཀུར་ཞུ་རྒྱུ་ཡིན།།     ཤཀྱྰའི་དགེ་འདུན་རྣམ་དག་རྒྱལ་གྱུར་ཅིག

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ཚེ་དཔག་རིག་འཛིན། says:
    ལོ་ 5 སྔོན།

    ༧གོང་ས་བཅུ་གསུམ་པ་ཆེན་པོའི་སྐབས་སུ།. ཚ་རོང་དབང་ཕྱུག་རྒྱལ་པོ་དང་ཨ་ཕྲུག་ཚོས་ཕུ་འདེད་ཀྱིས། འབྲས་བློ་གླིང་ནས་གྱེན་ལོག་པ་ལྟེ་བོ། ཚ་ཕྱག་ཕུ་ཕྱག་ཀོང་ཕྱག་གསུམ་དང་། གཞན་ཡང་། གྲྭ་པ་སྡོད་མ་ཚུགས་བསྟན་གཤིགས་པ། བཅོ་ལྔ་རྒྱ་བོ་དང་། ཉག་རེ་རྒྱ་བོ། ཨ་འཇམ་སྣ་ལེབ་ཟེར་བ་ལ་སོགས་པ་བྱུང་འདུག་པས། བསམ་ཞིབ་ཅིག་བྱེད་དུས། ད་ལྟའི་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་དང་། གོ་བོ་བློ་བཟང་ཕན་བདེ་ཟེར་བ་ལ་སོགས་པའི་ཆོས་ལུགས་སྤྱི་འཐུས་འདི་ཚོ། སྨོན་ལོག་ཕྱག་མཛོད་དེ་ཚོ་དང་། བསྟན་གཤིགས་པ་ཨ་འཇམ་སྣ་ལེབ་ལ་སོགས་པའི་སྐྱེ་སྤྲུལ་དུ་བཞག་ན་ཤིན་ཏུ་འོས་ཤིང་མཚམས་པ་ཞིག་རེད་མི་འདུག་གམ། ལོ་རྒྱུས་རྒྱས་པ། ཤེས་རབ་དར་རྒྱས་ཀྱིས་བརྩམས་བསྒྲིགས། ཉེ་རབས་བོད་ཀྱི་ལོ་རྒྱུས་དང་ལྷ་སྲས་རྒྱལ་ལོ་དོན་གྲུབ། ཅེས་པའི་སྟོད་ཆའི་ལེའུ་ ༡༡ “བློ་གྲྭའི་གྱེན་ལོག་དོན་རྐྱེན།” ཟེར་བ་བཀླག་ན། འབྲེལ་ཡོད་ཚང་མས། ད་ཆ་ནི། ཆག་སྒོ། དེ་འདྲས་བློ་ཕམ་པ་ལ་ཨང་། ཟེར་རྒྱུ་དང་། ད་ང་ཚོས་དེ་ལས་བསླབ་བྱ་བསླང་དགོས་ཟེར་རྒྱུ་ལས་མ་འདས།། །།

    Reply
  2. བསོད་ནམས་སྨྨྱྱོན་པ་ says:
    ལོ་ 5 སྔོན།

    བྱམ་སྙིང་རྗེའི་མངའ་བདག་གིས་ནམ་བཟའ་བསྣམས་ནས་ང་ཚོ་བོད་མི་རྣམས་དུས་ངེན་གཉན་འཕྲེང་ཅན་འདི་འདྲའི་སྐབས་སུ་དགྲ་དགའ་གཉེན་སྡུག་བཟོས་བ་ཧ་ཅང་བློ་ཕམ་བྱུང་ངོ།་་་་་་་་་་་་་སྤྱི་འཐུས་གྲ་པ་ཆོས་པ་རློམས་པ་་ཁྱེད་རྣམས་་བྱུང་ན་ཀུན་བཟང་བླ་མའི་ཆ་དཔེ་དེ་ཐེང་ཅིག་་ཀློག་རོགས་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese