མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པའི་བདུན་གཅིག་རིང་བོད་མི་ ༡༣༢ ལ་ཏོག་དབྱིབས་གཉན་རིམས་ཕོག་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་འཛམ་གླིང་གི་ཡུལ་ལུང་ཁག་ཅིག་དང་དམིགས་བསལ་རྒྱ་གར་གྱི་མངའ་སྡེ་ཁག་ཅིག་ཏུ་ཏོག་དབྱིབས་ནད་པའི་གྲངས་འབོར་འཕར་གྱི་ཡོད་སྟབས། བོད་མི་ཚོས་ནད་ཡམས་སྔོན་འགོག་གི་ལས་དོན་ལྷོད་མེད་ཐོག་འཕྲོད་བསྟེན་དང་བདེ་ཐང་སྲུང་རྒྱུ་གལ་ཆེན་ཡིན་པའི་ལམ་སྟོན་གནང་གི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ COVID19 ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༢ པ།

དེ་རིང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཝུ་ཧན་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༧༢ སྟེང་། ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་དང་སྨན་པ་མཚམས་གཅོད་སྒྲོལ་མ་ལགས་གཉིས་ནས། འདས་པའི་བདུན་ཕྲག་གཅིག་རིང་གི་རྒྱལ་སྤྱིའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་གནས་སྟངས་སྤྱི་དང་དམིགས་བསལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཏོག་དབྱིབས་འགོས་ཁྱབ་ཀྱི་གནས་སྟངས་སྐོར་གསལ་བསྒྲགས་གནང་སྐབས། འདས་པའི་བདུན་ཕྲག་གཅིག་རིང་རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་གསར་པ་འགོས་ཁྱབ་བྱུང་བའི་མི་གྲངས་ ༡༣༢ དང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་  ༤ བྱུང་ཡོད་སྐོར་བསྒྲགས་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་པ་མཚམས་གཅོད་སྒྲོལ་མ་ལགས་ཀྱིས། ད་རེས་འདས་པའི་བདུན་ཕྲག་གཅིག་རིང་རྒྱ་གར་དང་བལ་ཡུལ་ནང་ཏོག་དབྱིབས་གཉན་རིམས་ནད་གསར་པ་ཕོག་མཁན་མི་གྲངས་  ༡༣༢ བྱུང་ཡོད་པའི་ཁྲོད། སྐྱེས་པ་ ༦༣ དང་བུད་མེད་ ༦༩། ལོ་ན་མཐོ་ཤོས་དགུང་ལོ་ ༩༥ དང་ཆུང་ཤོས་ཟླ་གཅིག་ཅན་གྱི་བྱིས་པ་ཞིག་ཡིན་པ་དང་། སྟབས་མ་ལེགས་པ་ཞིག་ལ་མི་ ༤ འདས་གྲོངས་སུ་ཕྱིན་ཡོད་པ་རེད། ད་ལྟའི་ཆར་རྒྱ་བལ་གཉིས་ནང་ཏོག་དབྱིབས་ན་མནར་བཞིན་པའི་མི་  ༣༠༥ ཡོད།  ཅེས་བརྗོད་སོང་།

སྨན་པ་མཚམས་གཅོད་སྒྲོལ་མ་ལགས་ཀྱིས་གསུངས་པ་ལྟར་ན། ད་ལྟའི་ཆར་རྒྱ་གར་གྱི་ས་གནས་ ༡༥ དང་བལ་ཡུལ་གྱི་ས་གནས་ ༥ ཡི་ནང་རང་ཁྱིམ་དུ་འགོག་དབྱེ་ཟུར་བཀག་ཏུ་བཞུགས་མཁན་མི་གྲངས་ ༨༨༦ དང་ཚོགས་སྡེའི་ཟུར་བཀག་ཁང་དུ་བཞུགས་མཁན་མི་གྲངས་ ༣༦༧ བཅས་ཁྱོན་བསྡོམས་མི་གྲངས་ ༡༢༥༣ ཟུར་བཀག་འོག་བཞུགས་ཡོད་པ་དང་། ད་བར་བོད་ཀྱི་སྨན་རྩིས་ཁང་ནས་རིན་མེད་ཐོག་གསོ་རིག་ལུས་སེམས་ནད་གསོའི་སྨན་ ༤༢༨༡༩ བགོ་འགྲེམས་དང་། དམིགས་བསལ་བྱིས་པ་རྣམས་ལ་ལུས་སེམས་ནད་གསོའི་སྨན་ ༤༢༨༢ བགོ་འགྲེམས་བྱུང་ཡོད་ཅིང་།  འདས་པའི་བདུན་ཕྲག་གཅིག་རིང་མི་གྲངས་ ༩༧ ལ་སེམས་ཁམས་འཕྲོད་བསྟེན་ལམ་སྟོན་གནང་ཡོད་པ་དང་། དེ་བཞིན། རྒྱ་གར་གྱི་ས་གནས་ ༡༧ ནང་གི་མི་གྲངས་ ༢༥༣༩ དང་བལ་ཡུལ་གྱི་ས་གནས་ ༣ གྱི་མི་གྲངས་ ༢༠ བཅས་ལ་ཏོག་དབྱིབས་བརྟག་དཔྱད་གནང་ཡོད་པ་རེད།

ད་བར་རྒྱ་གར་ནང་ཏོག་དབྱིབས་འགོག་ཁབ་ཚར་གཉི་ག་བརྒྱབ་ཟིན་པའི་མི་གྲངས་ ༢༡༠༨༧ དང་ཐེངས་དང་པོ་བརྒྱབ་ཟིན་པའི་གྲངས་འབོར་ཁྱོན་  ༢༨༦༨༩ ཆགས་ཡོད་པ་དང་། བལ་ཡུལ་ནང་འགོག་ཁབ་གཉི་ག་བརྒྱབ་ཟིན་པ་མི་ ༢༦༣༠ དང་ཁབ་ཚར་དང་པོ་ཐོབ་མཁན་མི་གྲངས་ ༨༣༦ ཆགས་ཡོད་འདུག་ལ། ད་བར་རྒྱ་བལ་གཉིས་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་གྲངས་འབོར་ནི་ ༦༠༨༠ ཡིན་པའི་ཁྲོད། མི་གྲངས་ ༥༦༣༡ དྲག་སྐྱེད་བྱུང་ཡོད་པ་དང་། རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ཁྱོན་ ༡༤༤ བྱུང་ཡོད་འདུག

དེ་རྗེས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ཉེ་ལམ་ནས་འཛམ་གླིང་ཡུལ་གྲུ་གང་སར་སྤྱི་ཚོགས་ཀྱི་གནས་བབ་རྒྱུན་ལྡན་རིང་བཞིན་དུ་གྱུར་ཏེ། ལྷོད་ཡངས་ཞེ་དྲགས་ཕྱིན་པ་ལ་བརྟེན་ནས། ད་ལྟའི་ཆར་རྒྱ་ནག་དང་ཨ་རི། ཨིན་ཌོ་ནེ་ཤི་ཡ། ཧྥ་རན་སི་སོགས་ཀྱི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་འཕར་གྱི་ཡོད་པའི་གནས་སྟངས་འགྲེལ་བརྗོད་གནང་བ་དང་བསྟུན།  རྒྱ་གར་ནང་ཉིན་རེར་ནད་པ་གསར་བ་ཁྲི་བཞི་ཡས་མས་འབྱུང་གི་ཡོད་པ་དང་། རྒྱ་གར་གྱི་མངའ་སྡེ་ཀེ་རེ་ལཱ་དང་ཁར་ན་ཊ་ཀ ཏ་མུལ་ན་ཌོ ཨན་ཌི་ར། ཨོ་རེ་ཟ་སོགས་ཀྱི་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་རིམ་བཞིན་འཕར་གྱི་ཡོད་སྟབས། བོད་མི་ཚོས་རང་ངོས་ནས་སྔོན་འགོག་གི་ཐབས་ལམ་བསྟེན་རྒྱུ་གལ་ཆེན་པོ་ཡིན། ཞེས་དང་། ད་ལྟ་འཛམ་གླིང་ཡོངས་གྲགས་སུ་སྔོན་འགོག་གི་ཐབས་ལམ་ཡག་ཤོས་ནི་ཏོག་དབྱིབས་འགོག་ཁབ་རྒྱག་རྒྱུ་དེ་ཡིན་པ་ལྟར། བཞུགས་སྒར་ཁུལ་གྱི་མི་མང་ལ་བདེ་ལེགས་སྨན་ཁང་ངོས་ནས་རིན་མེད་ཐོག་བདུན་ཕྲག་གཅིག་ནང་འགོག་ཁབ་ཐེངས་ ༢ རིང་རྒྱག་གི་ཡོད་སྟབས། འགོག་ཁབ་བསྐྱོན་རྒྱུ་གལ་ཆེན་པོ་ཞེ་དྲགས་ཡིན་སྐོར་དང་། གཞན་ཡང་ནམ་རྒྱུན་ལྟར་ཁ་རས་གྱོན་པ་དང་ལག་པ་ཡང་སེ་ཁྲུས་པ། དེ་བཞིན། རྒྱང་ཐག་འཇོག་རྒྱུ་སོགས་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཅས་གནང་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

མཆན། 1

  1. Gendun says:
    ལོ་ 4 སྔོན།

    ཏོག་དབྱིབས་ཛ་དྲག་ཚོགས་ཆུང་ལ་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese