མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་དབང་ཀརྨ་པ་མཆོག་གང་མགྱོགས་རྒྱ་གར་ནང་ཕེབས་ཐུབ་པའི་རེ་བ་ཡོད་སྐོར་གསུངས་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་འབྲས་ལྗོངས་གཞུང་ནས་སྲིད་བློན་མོ་དྷི་མཆོག་ལ་རེ་སྐུལ་ཞུས་ཡོད་པ་ལྟར་གང་མགྱོགས་༧རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་ནང་ཆིབས་བསྒྱུར་བསྐྱང་ཆོག་པའི་བཟང་ཕྱོགས་ཀྱི་བཀའ་ལན་གནང་ཡོད་སྐོར་བསྒྲགས་འདུག

ཟླ་འདིིའི་ཕྱི་ཚེས་ ༡༤ ཉིན་རྒྱ་གར་གྱི་ཧིན་རྡུ་གསར་ཁང་ (The Hindu)གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༹༤ ཉིན་འབྲས་ལྗོངས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གི་ཐོག སྤྱི་ཁྱབ་བློན་ཆེན་པུ་རིམ་སིང་རྟ་མང་(Prem Singh Tamag) ལགས་ཀྱིས། གང་མགྱོགས་རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་ནང་ཆིབས་བསྒྱུར་བསྐྱང་ཐུབ་སྲིད་ཡོད་སྐོར་གསུངས་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་མཚུལ་ཕུ་བླ་བྲང་གི་དབུ་འཛིན་སྐལ་བཟང་བསོད་ནམས་ལགས་སུ། རྒྱ་གར་གཞུང་ནས་བཟང་ཕྱོགས་ཀྱི་བཀའ་ལན་གནང་བའི་གནས་ཚུལ་དེ་བླ་བྲང་ནས་མཁྱེན་རྟོགས་བྱུང་ཡོད་མེད་སྐོར་དྲིས་པར་ཁོང་གིས། འབྲས་ལྗོངས་བློན་ཆེན་གྱིས་གསར་འགོད་གསལ་བསྒྲགས་སྤེལ་ནས་༧རྒྱལ་དབང་ཀརྨ་པ་མཆོག་གདན་ཞུའི་སྐོར་དབུས་གཞུང་ལ་བཀའ་མོལ་གནང་ཡོད་པ་དང་། རྒྱ་གར་དབུས་གཞུང་གིས་བཟང་ཕྱོགས་ཀྱི་བཀའ་ལན་གནང་བའི་གསལ་བསྒྲགས་སྤེལ་བ་དེ་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་ཤེས་རྟོགས་བྱུང་བ་མ་གཏོགས། དོན་དངོས་སུ་འདིའི་སྐོར་གནས་ཚུལ་གང་ཡང་མ་བྱུང་། ཞེས་བཀའ་ལན་གནང་བྱུང་།

ཡང་༧རྒྱལ་དབང་ཀརྨ་པ་མཆོག་ནས་མགྱོགས་མྱུར་རྒྱ་གར་ནང་ཕེབས་ཐུབ་པར་ཐུགས་རེ་ག་འདྲ་གནང་གི་ཡོད་དྲིས་པར་ཁོང་གིས། ༧རྒྱལ་དབང་ཀརྨ་པ་མཆོག་བོད་ནས་རྒྱ་གར་དུ་ཕེབས་དགོས་དོན་གཙོ་བོ་ནི། ༧གོང་ས་མཆོག་རྒྱ་གར་ལ་བཞུགས་ཡོད་པ་དང་། རྒྱ་གར་ནི་སངས་རྒྱས་ཀྱི་འཕགས་པའི་ཡུལ་ཡིན་པ། སྐུ་གོང་མའི་གདན་ས་ལ་སོགས་པ་གཙོ་བོ་འབྲས་ལྗོངས་དང་རྒྱ་གར་ནང་ཆགས་ཀྱི་ཡོད་པའི་དགོས་དམིགས་ཐོག་ནས་རྒྱ་གར་དུ་ཕེབས་པ་དང་བཞུགས་པ་རེད། ཁོང་རྒྱ་གར་དུ་མ་ཕེབས་པའི་རྣམ་པ་རྩ་བ་ཉིད་ནས་ཡོད་མ་རེད་ལ། མུ་མཐུད་རྒྱ་གར་དུ་ཕེབས་རྒྱུ་དང་ཐུགས་འདོད། རེ་བ། འདོད་མོས་དེ་ག་རང་གནང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་གསལ་བསྒྲགས་ཐོག་འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་མཆོག་གིས། ང་ཚོས་རེ་སྐུལ་ཞུས་པ་ལྟར་༧རྒྱལ་དབང་ཀརྨ་པ་མཆོག་གང་མགྱོགས་འབྲས་ལྗོངས་སུ་ཕེབས་པར་བཟང་ཕྱོགས་ཀྱི་བཀའ་ལན་གནང་བྱུང་། ཞེས་དང་།མངའ་སྡེ་གཞུང་ནས་ཁོང་གི་དྲུང་དུ་སྐུ་ཚབ་མི་སྣ་ཆེད་མངགས་ཀྱིས། གནད་དོན་དེ་དང་འབྲེལ་བའི་ཐོག་ལ་བཀའ་མོལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཧིན་རྡུ་གསར་ཁང་གི་གསར་འགྱུར་ནང་། འབྲས་ལྗོངས་སྤྱི་ཁྱབ་བློན་ཆེན་མཆོག་གིས་སྲིད་འཛིན་མོ་དྷི་མཆོག་ལ་ཐུག་འཕྲད་གནང་ཚར་ཏེ་ཉིན་གཅིག་གི་རྗེས་སུ། འབྲས་ལྗོངས་གཞུང་ནས་ཆོས་རིག་བློན་ཆེན་བསོད་ནམས་བླ་མ་ལགས་ཕྱི་རྒྱལ་དུ་༧རྒྱལ་དབང་ཀརྨ་པ་ལ་དེ་འབྲེལ་བཀའ་མོལ་ཞུ་བར་ཆེད་དུ་གཏོང་བའི་ཐག་གཅོད་གནང་ཡོད་སྐོར་བཀོད་འདུག་ལ། ༧རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ཀྱི་གདན་ས་རུམ་ཐེག་དགོན་དུ་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུར་དད་ལྡན་སེར་སྐྱ་མི་མང་གིས་རེ་བ་ཆེན་པོ་ཞུ་ཡི་ཡོད་འདུག

༧རྒྱལ་དབང་ཀརྨ་པ་མཆོག་བོད་ཆབ་མདོ་ལྷ་ཐོག་གི་འབྲོག་ཁྱིམ་ཞིག་ཏུ་སྐུ་འཁྲུངས་ཡོད་པ་དང་། ཕྱི་ལོ་ ༡༩༩༩ ལོར་དགུང་ལོ་ ༡༤ བཞེས་སྐབས་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་རྗེས། བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་དགོན་དུ་ཡུན་རིང་བཞུགས་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོར་ཡུ་རོབ་དང་ཨ་རིའི་ནང་ཕེབས་རྗེས་ཕྱིར་ཆིབས་བསྒྱུར་བསྐྱངས་ཐུབ་མེད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 3

  1. Asanga says:
    ལོ་ 5 སྔོན།

    Good News! Wonderful and all the best! ༧རྒྱལ་དབང་ཀརྨ་པ་མཆོག་བོད་ནས་རྒྱ་གར་དུ་ཕེབས་དགོས་དོན་གཙོ་བོ་ནི། ༧གོང་ས་མཆོག་རྒྱ་གར་ལ་བཞུགས་ཡོད་པ་དང་། རྒྱ་གར་ནི་སངས་རྒྱས་ཀྱི་འཕགས་པའི་ཡུལ་ཡིན་པ། སྐུ་གོང་མའི་གདན་ས་ལ་སོགས་པ་གཙོ་བོ་འབྲས་ལྗོངས་དང་རྒྱ་གར་ནང་ཆགས་ཀྱི་ཡོད་པའི་དགོས་དམིགས་ཐོག་ནས་རྒྱ་གར་དུ་ཕེབས་པ་དང་བཞུགས་པ་རེད། ཁོང་རྒྱ་གར་དུ་མ་ཕེབས་པའི་རྣམ་པ་རྩ་བ་ཉིད་ནས་ཡོད་མ་རེད་ལ། མུ་མཐུད་རྒྱ་གར་དུ་ཕེབས་རྒྱུ་དང་ཐུགས་འདོད། རེ་བ། འདོད་མོས་དེ་ག་རང་གནང་གི་ཡོད་པ་རེད། 🙂

    Reply
  2. བློ་དོན། says:
    ལོ་ 5 སྔོན།

    ཁྱེད་ཀྱིས་གོང་ས་མཆོག་གི་དབུ་འོག་དཔུང་འདེགས་གནང་ཏེ།
    སྔར་གྱི་རྒྱལ་ཕྲན་འདྲ་བའི་ཆོས་རྒྱུན་ཁག་གི་གདུལ་བྱར་བཀའ་སློབ་ལམ་སྟོན་གནང་ཏེ་ཆོས་གང་བྱེད་རང་དབང་ཡིན་ནའང་གཞུང་ས་མཆོག་གཅིག་ལས་མེད་པ་ཉིད་ངེས་ཤེས་བརྟན་པོ་བཟོས་གནང་དགོས་གལ་ཡིན་པར་མ་གཏོགས།
    ད་ལྟ་ཡང་ཆོས་རྒྱུན་ཁག་ནི་སྔར་གྱི་རྒྱལ་ཕྲན་དང་མཚུངས་པའི་དབང་ཤེད་ཀྱིས་འཚོ་ཡོད།
    གཞུང་ལའང་ཀྱོག་འཐེན་འབའ་ཞིག་གིས་དུས་འདས་པར་བྱས་ཏེ་འདུག་ཡོད་པ་མཁྱེན་ནོ།

    Reply
  3. གཞུང་པ་ཚེ་དབང་བསོད་ནམས། says:
    ལོ་ 5 སྔོན།

    གཏམ་བཟང་རྣ་བའི་མགྲོན་དུ་བསུ་།
    དད་ལྡན་ཀུན་གྱིས་སྨོན་པ་འགྲུབ་།
    ལེགས་ཚོགས་རྩ་བ་དད་དམ་གཙང་།
    ཀརྨ་པ་མཁྱེན་ནོ་། ཀརྨ་པ་མཁྱེན་ནོ་། ཀརྨ་པ་མཁྱེན་ནོ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese