མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་འཐབ་རྩོད་ལས་འཕྲོས་པའི་བསམ་འཆར་གླེང་བ།

བོད་ཀྱི་དུས་བབ།
༢༠༢༡/༠༨/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཆབ་མདོ་ངག་ཕུན།

དེ་རིང་ངས་བཤད་འདོད་པ་ནི་དེང་སྐབས་རྒྱ་དམར་སྲིད་གཞུང་བཙུགས་ནས་ལོ་བརྒྱ་འཁོར་ཚུལ་ཟེར་བ་དང་། བོད་ལ་ཞི་བའི་བཅིངས་དགྲོལ་བཏང་ནས་ལོ་ངོ་བདུན་ཅུ་འཁོར་ཟེར་བ་སོགས་ཀྱིས་བོད་ཀྱི་ས་ཁུལ་གང་སར་རྒྱ་དམར་སྲིད་གཞུང་ལ་བསྟོད་གླུ་དང་གཞས་དང་ཞབས་བྲོ་སོགས་བཙན་དབང་གིས་ཁྲབ་བཅུག་གི་འདུག་ཅིང་། གཞིས་ལུས་བོད་མི་རྣམས་སེམས་ནང་དུ་མི་འདོད་བཞིན་དུ་གཞས་དང་ཞབས་བྲོ་མ་ཁྲབ་ཀྱི་ཡོད་པ་ནི་བརྗོད་མ་དགོས་པ་ཞིག་རེད། མི་མང་རྣམས་ཀྱིས་ལབ་འདོད་མེད་ནའང་བོད་ཞི་བའི་བཅིངས་འགྲོལ་བཏང་བ་ནས་བཟུང་སྟེ་བོད་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་ཡོད་ཟེར་བ་སོགས་ཁྱབ་བསྒྲགས་གང་སར་བྱེད་འཇུག་གི་འདུག་ཅིང་། དོན་དངོས་ཐོག་ཏུ་ཡག་པོ་ཞིག་ཉམས་ཞིབ་གནང་བ་ཡིན་ན་བོད་ལ་རྒྱ་དམར་དྲག་པོའི་བཙན་འཛུལ་བྱས་པ་ནས་བཟུང་སྟེ་བོད་རྒྱ་ཆེ་མང་ཚོགས་ཀྱི་སེམས་ནང་དུ་ཉིན་མོ་གཅིག་ཀྱང་བདེ་བར་མེད་ལ། བོད་མི་རྣམས་ལ་རང་དབང་གི་སོ་སོའི་ཆོས་ལུགས་དད་མོས་ཙམ་ཡང་བྱེད་འཇུག་གི་མེད། དེ་བཞིན་རང་དབང་གི་འགྲོ་འདུག་ཀྱང་ཚུལ་མཐུན་བྱེད་བཅུག་གི་མེད། དེ་འདྲའི་བོད་མི་རྣམས་ལ་རང་དབང་གི་འགྲོ་འདུག་མི་ཆོག་པ་སོགས་ཀྱིས་བོད་ཡུལ་འདི་ཉིད་བཙོན་ཁང་ཆེན་པོ་ཞིག་དང་ཅི་མི་མཚུངས།

རིག་གཞུང་དང་ཁོར་ཡུག་གཏོར་སྐྱོན།

བོད་ནང་ཕྱི་དངོས་པོའི་ཐོག་ནས་བལྟས་པ་ཡིན་ན་རླངས་འཁོར་འགྲོ་སའི་གཞུང་ལམ་སོགས་བཟོས་ཏེ་ཡར་རྒྱས་ཀྱི་རྣམ་པ་ཕྲན་བུ་མཐོང་རྒྱུ་ཡོད་རུང་། དེ་དག་ཞིབ་འཇུག་ཡག་པོ་ཞིག་གནང་བ་ཡིན་ན་གཞུང་ལམ་དེ་དག་བཟོས་ནས་ཁེ་ཕན་ནི་རྒྱ་དམར་སྲིད་གཞུང་ལ་རག་གི་ཡོད་པ་ལས་བོད་མིའི་མང་ཚོགས་་ལ་ཁེ་ཕན་རག་གི་མེད། དེ་ཡང་བོད་ནས་རིན་ཆེན་གཏེར་ཁ་བསྔོག་འདོན་དང་། ཤིང་ནགས་བཅོད་བྲེག་སོགས་ཀྱིས་དེ་དག་རྒྱ་ནག་ཏུ་འུར་འདྲེན་བྱ་སའི་ཆེད་དུ་དམིགས་ཡུལ་འཛིན་ནས་གཞུང་ལམ་བཟོས་པ་ལྟར་རྒྱ་ནག་གཞུང་ལ་ཁེ་ཕན་རག་གི་ཡོད་པ་རེད།   མཐོ་སྒང་དུ་བཟོ་གྲྭ་དང་། འཕྲུལ་འཁོར་སོགས་མང་དུ་ཕྱིན་པའི་དབང་གིས་དུ་རླངས་སོགས་ཀྱིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་འཐེབ་ཀྱི་ཡོད་ལ། བོད་ལ་ཉིན་རེ་བཞིན་ཚ་དྲོད་ཆེ་རུ་ཕྱིན་ནས་སྲིད་པ་ཆགས་པའི་གངས་རི་རྣམས་རིམ་པས་བཞུ་འགྲོ་ཡི་ཡོད། གླིང་ཆེན་ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་བོད་ཡིན་པས། ཨ་ཤ་ཡའི་གླིང་ཕྲན་ལ་མ་འོངས་པ་ཆུའི་དཀའ་ངལ་འཕྲད་སྲིད་པས་དཔྱད་ཞིབ་པ་ཚོས་སེམས་ཁྲལ་གནང་གི་ཡོད། ད་ལྟ་ནས་ཁོར་ཡུག་ལ་དོ་སྣང་བྱེད་དགོས་པའི་བསམ་ཚུལ་བཤད་ཀྱི་ཡོད། དམར་གཞུང་གིས་དེ་དག་ལ་དོ་སྣང་ཙམ་ཡང་བྱེད་ཀྱི་མེད་པས་བོད་ཀྱི་ཁོར་ཡུག་ཉེན་ཁ་ཆེན་པོ་སླེབས་ཡོད།

ལྷག་དོན་དོན་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་རྒྱ་དམར་བཙན་འཛུལ་བྱས་པ་ནས་བཟུང་སྟེ་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་གཏོར་བཤིག་ཚད་མེད་བཏང་ཡོད་པ་དང་། བོད་རིགས་རྒྱལ་ཞེན་ཅན་དུ་མ་ཞིག་དམར་བསད་བཏང་བ་དང་། ཉེས་མེད་བཙོན་འཇུག་གིས་སྡུག་སྦྱོང་ཚད་མེད་བཏང་བ། ཉིན་མོ་ངལ་རྩོལ་དང་། དགོང་ལྟར་ཏང་གི་སློབ་གསོ་སྤྲོད་ཀྱི་ཡོད་ཚུལ་བརྗོད་ནས་བཙོན་པ་རྣམས་མང་ཚོགས་ཚོགས་འདུ་འཚོགས་སའི་མདུན་དུ་ཁྲིད་ནས་བཙན་པོས་འཐབ་འཛིང་བཏང་བཅུག་པ་སོགས་བྱས་ཡོད། དེ་བཞིན་རྒྱ་ཆེ་ཞིང་འབྲོག་མི་དམངས་རྣམས་ལའང་སློབ་གསོ་སྤྲོད་ཀྱི་ཡོད་ཚུལ་གྱི་དགོང་ལྟར་ཚོགས་འདུ་ཚོགས་ནས་བོད་མི་ནང་ཁུལ་ཕན་ཚུན་འཐབ་འཛིང་བཏང་རེས་བྱེད་བཅུག་པ་སོགས་ལས་འགུལ་ཐབས་སྡུག་སྣ་ཚོགས་ཤིག་སྤེལ་ཡོད། བོད་མི་རྣམས་ལ་ཞལ་ནས་ཡིག་དྲུག་ཚིག་ཅིག་ཀྱང་འདོན་མི་ཆོག་པ་བཟོས་པ་དང་། གལ་སྲིད་བོད་མིའི་སུ་ཞིག་གིས་ཡིག་དྲུག་འདོན་པ་མཐོང་ཚེ་འཐབ་འཛིང་བཏང་གི་ཡོད། བོད་ཀྱི་རྒྱ་ཆེ་མང་ཚོགས་རྣམས་ལ་ཉིན་མོ་གཅིག་ཀྱང་སེམས་ནང་བདེ་སྐྱིད་མེད་བརྗོད་ན་མི་ཆོག་པ་གང་ཡང་མེད། དེ་འདྲའི་དཀའ་སྡུག་ཁྲོད་དུ་མི་ཚེའི་ཚོར་བ་རོལ་དགོས་ཐུག་གི་ཡོད།

དཔལ་འབྱོར་གྱི་བསླུ་ཁྲིད་ལ་མགོ་བོ་མ་འཁོར་ནས་བདེན་པའི་གད་རྒྱངས།

རིམ་པས་འཛམ་གླིང་ཆབ་སྲིད་འཕོ་འགྱུར་ཕྱིན་པ་དང་བསྟུན་བོད་ནང་ཆབ་སྲིད་ཕྲན་བུ་གུ་ཡངས་ཕྱིན་པ་དང་། གཞིས་བྱེས་ཕན་ཚུན་ཉེ་འཕྲད་འགྲོ་འོང་ཆོག་པའི་གོ་སྐབས་བཟང་པོ་ཞིག་ཤར།  དུས་སྐབས་དེར་རྒྱ་དམར་སྲིད་གཞུང་གིས་གཡོ་སྒྱུ་ངན་པ་ཞིག་བཤམས་ནས་བོད་དུ་ཡར་རྒྱས་ཀྱི་ཁ་གཡང་འཁྱེར་ནས་རྒྱ་རིགས་ལས་མི་འབོར་ཆེན་ཞིག་བོད་དུ་གནས་སྤོ་བྱས་དང་བྱེད་བཞིན་ཡོད་ལ། བོད་འདི་ཉིད་གྲངས་ཉུང་མི་རིགས་ཤིག་ཏུ་སྒྱུར་བཞིན་ཡོད། རྒྱ་དམར་གྱིས་ཆབ་སྲིད་ཀྱི་བྱེད་སྟངས་གཡོ་སྒྱུ་ངན་པ་དེ་དག་མ་བཟོད་ནས་གཞིས་ལུས་རྒྱ་ཆེ་མི་མང་གིས་སྙིང་སྟོབས་ཆེན་པོའི་ཐོག་ནས་གཞན་ལ་གནོད་འཚེ་མེད་པར་ཞི་བའི་ཐོག་ནས་རང་ལུས་མཆོད་མེ་སྒྲོན་ཡོད། ད་དུང་རྒྱ་དམར་གྱིས་བསམ་ཤེས་སྤུ་ཙམ་མེད་པས་མཁྲེགས་འཛིན་གྱིས་ལྟ་བ་ངན་པ་བཟུང་ནས་བོད་མིའི་ཉམ་ཆུང་ཐོག་ཏུ་དྲག་གནོད་མུ་མཐུད་དེ་བྱེད་བཞིན་ཡོད། འཛམ་གླིང་ནང་དུ་བོད་ནི་ཆེས་ཡ་ང་བའི་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ལ། བོད་ནང་གི་ཤེས་ཡོན་པ་དང་། སྒྲུ་རྩལ་པ། རྒྱལ་ཞེན་ལྷག་བསམ་ཅན་རྣམས་ལ་ཉེས་མིང་སྣ་ཚོགས་ཤིག་བཏགས་ནས་མེད་པ་བཟོ་བཞིན་ཡོད། དེ་དག་འཛམ་གླིང་མི་རྣམས་ཀྱི་ངེས་པར་མཁྱེན་དགོས་ཀྱི་འདུག །བོད་འདི་དྲག་པོའི་བཙན་བཟུང་བྱས་ནས་མི་ལོ་བདུན་ཅུ་འགྲོ་བཞིན་ཡོད།

རྒྱ་དམར་སྲིད་གཞུང་གིས་གཞིས་ལུས་རྒྱ་ཆེ་མང་ཚོགས་རྣམས་དཔལ་འབྱོར་གྱི་བསླུ་ཁྲིད་བྱ་སེམས་བྱས་རུང་། གཞིས་ལུས་རྒྱ་ཆེའི་མང་ཚོགས་རྣམས་ངན་གཡོ་དེ་དག་འོག་ཏུ་མགོ་བོ་མ་སྒུར་བའི་ཐོག་སྔ་རྗེས་ཡོད་ཚད་བློས་བཏང་གིས་ལས་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད་ལ། གཞིས་ལུས་བོད་མི་རྣམས་བློ་སེམས་འགྱུར་མེད་ཀྱིས་གནས་ཡོད། བོད་ཀྱི་དཀའ་རྙོག་དེ་ཙམ་ལོ་ངོ་མང་བ་འགོར་ན་དེ་ཙམ་གྱིས་རྒྱ་གཞུང་ལ་དཀའ་ངལ་ཆེ་རུ་འགྲོ་བ་ལས་ཆུང་དུ་དུས་ནམ་ཡང་འགྲོ་མི་སྲིད།  དེ་དག་རྒྱ་གཞུང་གི་གནད་ཡོད་མི་སྣ་ཚོས་ངེས་པ་ཤེས་པར་བྱེད་དགོས་པའི་གནས་སྟངས་ཤིག་རེད།

ཆིག་བསྒྲིལ་གྱིས་མདུན་བསྐྱོད་གནང་དགོས།

ད་ནི་རང་དབང་ལུང་པར་ཡོད་མཁན་བོད་པ་འགོ་འོག་ཚང་མས་རྣམ་རིག་བསྒྲིམ་ནས་བོད་དོན་བདེན་མཐའ་སེལ་ཐབས་སུ་ལས་་འགུལ་སྤེལ་དགོས་པ་ཞིག་ལས་ང་ཚོ་ནང་ཁུལ་ལ་ང་དང་ཁྱོད་ཅེས་རྩོད་ནས་བསྡད་ན་ཕན་ཐོགས་གང་ཡང་མེད། ད་སྐབས་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་དང་བསྟུན་ནས་ང་ཚོ་ཚང་མས་ལས་འགུལ་གྱི་མདུང་སོ་དེ་གཅེས་པའི་ཕ་ས་འཕྲོག་མཁན་གྱི་དགྲ་བོའི་མདུན་དུ་སྟོན་དགོས་པ་ལས་ང་ཚོ་ནང་ཁུལ་དུ་མདུང་སོ་ཚུར་བསྟན་མི་ཉན་སྙམ། ང་ཚོའི་ཕ་ས་འཕྲོག་མཁན་དེ་སྣང་མེད་ལྟ་བུ་བཞག་ནས་ནང་ཁུལ་ཚིག་སྐམ་པོ་བཤད་རེས་གནང་བསྡད་ན་ཕན་ཐོགས་གང་ཡང་མེད། ང་ཚོ་མི་ཡུལ་ལུང་པ་ལ་ས་ཆ་ལག་མཐིལ་ཙམ་ཡང་མེད་ཅིང་། མིའི་ལུང་པར་གནས་ཚང་གཡར་ནས་བསྡད་ཡོད་པ་ཤེས་དགོས་པ་ཞིག་ལས་རྒྱལ་ཁབ་ཡོད་པའི་མང་གཙོ་ནང་བཞིན་ཡིན་སྙམ་པའི་ལྟ་བ་འཁྱེར་ནས་ནང་ཁུལ་རྩོད་གླེང་གནང་ནས་བསྡད་ན་དགེ་ལས་སྐྱོན་ཆེ་བ་ཞིག་ཏུ་མཐོང་། རྒྱལ་ཁབ་ཡོད་པའི་མང་གཙོ་ལ་གཤིབ་བསྡུར་ནམ་ཡང་བྱེད་མི་རུང་སྙམ། རྒྱུ་མཚན་ནི་རྒྱལ་ཁབ་ཡོད་པའི་ལུང་པར་ཆབ་དཔལ་རིག་གསུམ་ཕུན་སུམ་ཚོགས་པ་ཡོད་ལ། ལས་དོན་གང་ཞིག་གནང་ནའང་དཀའ་ངལ་མེད། ང་ཚོ་ནི་རྒྱལ་ཁབ་མེད་པའི་མིའི་ལུང་པར་མགྲོན་པོ་ནང་བཞིན་གནས་ཚང་གཡར་ནས་བསྡད་ཡོད། དེ་དག་ང་ཚོས་ངེས་པར་ཤེས་དགོས་ཀྱི་འདུག །ང་ཚོ་ཚང་མ་རྒྱལ་ཁབ་གང་དུ་གནས་ཡོད་རུང་ང་ཚོ་སྐྱབས་བཅོལ་ཡིན་བསམ་པའི་འདུ་ཤེས་དེ་འཛིན་ནས་བོད་དོན་ལས་འགུལ་སྤེལ་དགོས་རྒྱུ་དེ་ནི་རང་བཞིན་གྱིས་གལ་ཆེའི་གནད་དོན་ཞིག་ཏུ་མཐོང་།

སྤྱི་ཡོངས་ནས་ད་ལྟའི་དུས་སྐབས་འདིར་འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་དམར་ཤོག་ཚོགས་པ་ལ་ལྟ་སྟངས་ཡག་པོ་མེད་པའི་དུས་སྐབས་འདིར་ང་ཚོའི་གོ་སྐབས་འདི་ཉིད་དམ་འཛིན་གྱིས་བོད་དོན་ལས་འགུལ་སྤེལ་དགོས་པའི་དུས་སྐབས་ཤིག་ཏུ་སླེབས་འདུག་སྙམ། གོ་སྐབས་དེ་ཉིད་འཐུས་ཤོར་ཕྱིན་ཚེ་རྗེས་ཕྱོགས་ང་ཚོ་ཚང་མ་གནོང་འགྱོད་བྱེད་དགོས་པའི་དུས་སྐབས་ཤིག་ཤར་དུས་དེ་དུས་བློ་འགྱོད་སྐྱེ་རུང་ཕན་ཐོགས་གང་ཡང་མེད། ད་སྐབས་ནས་གོ་སྐབས་དེ་དག་དམ་འཛིན་གནང་དགོས་པ་ཞིག་ཏུ་མཐོང་། ལྷག་དོན་ལས་ཀྱི་སྣེ་མོ་བ་ཚོས་ད་དུང་བཅའ་ཁྲིམས་དང་མཐུན་མིན་གྱི་རྩོད་གླེང་གནང་བསྡད་ཚེ་ཆབ་སྲིད་ཀྱི་གོ་སྐབས་བཟང་པོ་དེ་དག་ཉིན་རེ་བཞིན་ཤོར་བཞིན་འདུག་ཅིང་། ད་ནི་ལས་ཀྱི་སྣེ་བ་ཚོས་ངེས་པར་དགོངས་པ་བཞེས་དགོས་པའི་དུས་ལ་སླེབས་འདུག་སྙམ། ད་དུང་ང་དང་ཁྱོད་ཅེས་རྩོད་ནས་ཁྱུ་གཡག་ར་འཛིང་ཐུག་པ་ནང་བཞིན་བསྡད་ན་ཕན་པ་ལས་གནོད་ཚབ་ཆེ་བ་ཞིག་ལས་དགེ་མཚན་ཡོད་པ་ཞིག་ཏུ་མ་མཐོང་། ང་ཚོར་བོད་རྒྱ་ཞི་གྲོས་མོས་བྱེད་པའི་བློ་སྟོབས་དང་ནུས་ཤུགས་ཡོད་ན་ང་ཚོའི་ནང་ཁུལ་གྱི་དཀའ་ངལ་གྲོས་མོས་ལམ་ནས་ཐག་གཅོད་མི་ནུས་པ་ཞིག་ག་ལ་ཡོད།

ན་གཞོན་ནི་ང་ཚོའི་མི་རིགས་ཀྱི་མ་འོངས་པའི་སོན་རྩ་ཡིན།

རྒྱལ་ཁབ་དང་མི་རིགས་ཡར་རྒྱས་འགྲོ་མིན་ནི་ཤེས་ཡོན་ལ་ཐུག་ཡོད་ཟེར་བ་ལྟར་གོང་འོག་ཚང་མས་ཤེས་ཡོན་ཐོག་ཏུ་ནུས་པ་གཅིག་ཏུ་སྤུངས་ནས་ལས་དོན་གནང་བའི་གྲུབ་འབྲས་སུ་གཟེངས་སུ་ཐོན་པ་བྱུང་ཡོད། དེ་དག་དགའ་འོས་པའི་གཏམ་བཟང་ཞིག་རེད། ལོ་འདི་དག་ནང་དུ་རྒྱ་ནག་ཝུ་ཧན་ནས་ཏོག་དབྱིབས་ནད་དུག་བཅུ་དགུ་པ་ཁྱབ་གདབ་ཏུ་བྱུང་ནས་ནད་ཡམས་ངན་པས་འཛམ་གླིང་གི་ས་ཁུལ་ཡོངས་སུ་ཆབ་དཔལ་རིག་གསུམ་ལ་གྱོང་གུད་ཚད་མེད་འཐེབ་པའི་སྐབས་དེར་ང་ཚོའི་བོད་ཕྲུག་ཚོས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་ཚད་གཟེངས་སུ་ཐོན་པ་བྱུང་ཡོད། སྲིད་སྐྱོང་གི་གཟེངས་རྟགས་བཞེས་མཁན་སློབ་མ་ཉེར་བདུན་བྱུང་ཡོད་པ་དང་། དེའི་ནང་ནས་མ་སུ་རིའི་བོད་ཁྱིམ་སློབ་གྲྭ་ནས་སློབ་མ་ཉེར་གསུམ་བྱུང་ཡོད་ཅིང་། དེ་དག་ནི་དགའ་འོས་པའི་གཏམ་བཟང་གི་གནས་སྟངས་ཤིག་ཀྱང་ལོས་ཡིན། མ་སུ་རིའི་འབྲེལ་ཡོད་དགེ་ལས་ཡོངས་ལ་རྗེས་སུ་ཡི་རངས་ཞུ་དགོས་པ་དང་ཞུ་འདོད་པ་ཞིག་ཀྱང་བྱུང་། རྒྱུ་མཚན་ནི་དགེ་ལས་རྣམ་པས་སྐུ་ལས་ཚད་མེད་སྐྱོན་ནས་སློབ་མར་སློབ་ཁྲིད་གནད་ལ་འཁེལ་བ་གནང་བར་བརྟེན་འགྲུབ་འབྲས་གཟེངས་སུ་ཐོན་པ་དེ་དག་བྱུང་བ་ཞིག་རེད། དེ་དག་ནི་དགའ་འོས་པའི་གཏམ་བཟང་ཞིག་ཀྱང་རེད་སྙམ། ང་ཚོའི་ལས་ཀྱི་སྣེ་མོ་ཚོས་སློབ་ཕྲུག་སེམས་ཤུགས་འཕར་བའི་བཀའ་མོས་གནང་དགོས་པ་ཞིག་ལས་སློབ་ཕྲུག་སེམས་ཤུགས་ཆགས་པའི་བཀའ་མོས་དེ་འདྲའི་རིགས་གཏན་ནས་གནང་མི་ཉན་སྙམ།

ལྷག་པར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མཁན་ལས་ཀྱི་སྣེ་མོ་བ་ཚོས་བཀའ་མོས་གནང་དུས་ཡིད་གཟབ་གནང་ནས་བཀའ་མོས་གནང་དགོས་ཀྱི་མ་གཏོགས་སེམས་ནང་དུ་དྲན་ཚད་བཤད་ན་དགེ་ལས་གནོད་སྐྱོན་ཆེ་བ་ཞིག་ཏུ་མཐོང་ལ། ངེས་པར་བཀའ་མོས་གནང་དུས་ཡིད་གཟབ་གནང་དགོས་ཀྱི་འདུག་སེམས་ཚོར་ཆེན་པོའི་ཐོག་ནས་ཞུ་བཞིན་ཡོད་པ་བཅས།  དེ་དག་ནི་རང་ཉིད་ཀྱི་སེམས་ནང་དུ་གང་དྲན་པ་ཞིག་ཀཡིན་པ་ལས་གཞན་ལ་དམའ་འབེབས་ཀྱི་སྐད་ཆ་དེ་འདྲའི་གང་ཡང་མིན། ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༥ ཉིན་མོར་བྲིས་པའོ།

མཆན། གོང་བཀོད་བསམ་ཚུལ་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་ལྟ་བ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༡ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese