མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཏེ། ཉེ་ལམ་ལ་དྭགས་ཀྱི་ཕྱོགས་སྐྱོད་དང་དམིགས་བསལ་ད་བར་གྱི་ལས་དོན་ཁག་གི་སྐོར་ལ་སྙན་གསེང་ཞུས་ཡོད་འདུག

Sikyong Penpa Tsering is updating the CTA’s work to His Holiness The 14the Dalai Lama.
དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་དྲ་ལམ་བརྒྱུད་མཇལ་ཁ་ཞུས་ཏེ། སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་ལ་དྭགས་སླེ་བྱང་ཁུལ་དུ་ཉིན་གྲངས་བརྒྱད་རིང་བསྐྱངས་པའི་སྐོར་གྱི་གནས་ཚུལ་ཁག་ཅིག་སྙན་གསེང་ཞུས་ཡོད་པ་རེད།

དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་དེབ་སྟེང་སྤེལ་བའི་བརྙན་ཞིག་གི་ནང་། སྐབས་དེར་སྲིད་སྐྱོང་མཆོག་ནས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་སྒོ་གསུམ་གུས་པའི་ཕྱག་གསུམ་དང་མཇལ་དར་ཕུལ་གནང་ཞིང་། ༧གོང་ས་མཆོག་ནས་སྲིད་སྐྱོང་ལ་འཚམས་འདྲི་ཞུས་གྲུབ་མཚམས། སྲིད་སྐྱོང་མཆོག་ནས། ཕྱི་ཚེས་ ༢༠ ནས་ཉིན་གྲངས་བརྒྱད་དང་ཕྱེད་ཀའི་རིང་འོས་བསྡུའི་སྐབས་ནས་གཞིས་ཆགས་ཁག་ལ་སྐོར་ར་བརྒྱབ་པ་ཡིན་ན་ཐོག་མར་དྭགས་ལ་བསྐྱོད་རྒྱུའི་ཁས་ལེན་བྱས་པ་གཞིར་བཟུང་ལ་དྭགས་ལ་ཕྱིན་པ་ཡིན་ལ།  ལ་དྭགས་ནི་བོད་མིའི་གཞིས་ཆགས་ཆེན་པོ་ཞིག་དང་གལ་ཆེན་ཞིག་ཡིན་པས། བོད་མི་འདུས་སྡོད་ཀྱི་ས་ཁུལ་གཅིག་ཀྱང་མ་ལུས་པར་ཚང་མར་སྐོར་ར་བརྒྱབ་ཡིན། ཞེས་སྙན་གསེང་ཞུས་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལྟར་ན། ད་རེས་སྲིད་སྐྱོང་སྤེན་པ་མཆོག་གིས་༧གོང་ས་མཆོག་ལ་ལ་དྭགས་ཀྱི་ཕྱོགས་སྐྱོད་སྐོར་དང་ལས་ཁུར་ཞུས་པ་ནས་ད་བར་གྱི་ལས་དོན་ཁག་གི་སྐོར་སྙན་གསེང་ཞུས་ཡོད་འདུག་ལ། འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་སྦྲ་གཉིས་ཚེ་རྒྱལ་ལགས་སུ་ཁ་པར་བརྒྱུད་འབྲེལ་བ་གནང་ཐབས་ཞུས་ནའང་མཐུད་ཐུབ་མ་སོང་།

ད་རེས་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལས་ཁུར་ཞུས་ཏེ༧གོང་ས་མཆོག་གི་མཇལ་ཁ་ཐོབ་པ་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་ལྟར། ཉེ་ལམ་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་སྲིད་སྐྱོང་གསར་རྙིང་དབར་གྱི་དམ་འབུལ་མཛད་སྒོའི་སྐབས་སྲིད་སྐྱོང་གསར་རྙིང་གཉིས་ལ་༧གོང་ས་མཆོག་ནས་མཇལ་ཁ་གནང་ཡོད་པ་དང་། དེ་བཞིན། ཕྱི་ཟླ་ ༦ ཚེས་ ༢ ཉིན་༧གོང་ས་མཆོག་ནས་བོད་རིགས་གཞོན་སྐྱེས་ཚོར་དམིགས་པའི་ཆོས་འབྲེལ་གྲུབ་རྗེས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྒེར་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་ཡོད་པ་རེད།

ཕྱི་ཟླ་ ༨ ཚེས་ ༢༠ ནས་ཉིན་གྲངས་བརྒྱད་དང་ཕྱེད་ཀ་ཙམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་དྭགས་ལ་ཕྱོགས་སྐྱོད་དུ་ཕེབས་ཏེ། ས་གནས་བོད་རིགས་མི་མང་གི་གནས་སྟངས་ལ་རྒྱུས་ལོན་གཙོས་ས་གནས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་མི་མང་བཅས་ལ་དྭགས་ཕྱོགས་ཀྱི་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཡོངས་ལ་ཕྱོགས་སྐྱོད་གནང་སྟེ་ཕྱིར་བཞུགས་སྒར་དུ་ཕེབས་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།
Mobile App

ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་རྣམ་གཉིས་ལ་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་ཅེས་གསུངས་སོང་།

༢༠༢༥/༡༢/༠༦
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཉམས་ཞིབ་པ་རྣམ་པས་་གཏམ་བཤད་གནང་བ། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།
Mobile App

ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་བཅོས་སྒྲིག་དང་རྫུན་བཟོས་བྱས་ཡོད་སྐོར་བརྗོད།

༢༠༢༥/༡༢/༠༦
Photo Credit : Free Tibet
Mobile App

ཚེ་རིང་མཚོ་ལགས་བཟང་བཙོན་འོག་བཅུག་ཡོད་འདུག

༢༠༢༥/༡༢/༠༦
Mobile App

རྒྱ་ནག་གཞུང་གི་མདའ་སྐད་གླིང་བསྒྱུར་གྱི་མི་རིགས་སྲིད་ཇུས་གསར་བ། 

༢༠༢༥/༡༢/༠༦
Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༠༥
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

༢༠༢༥/༡༢/༠༥

མཆན། 1

  1. མེ་དམར་པོ། says:
    ལོ་ 4 སྔོན།

    དམ་འབུལ་རྗེས་སུ་སྲིད་སྐྱོང་མཆོག་གིས་སྔ་རྗེས་ཐེངས་གཉིས་ལ་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་ཚུལ་ཉེ་ཆར་གསར་འགོད་ལྷན་ཚོགས་སྐབས་གསུངས་སོང་། དེ་ལྟར་ན་དེ་རིང་གི་མཇལ་ཁ་འདི་དམ་འབུལ་རྗེས་ཀྱི་མཇལ་ཐེངས་གསུམ་པ་ཆགས་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese