རྒྱ་ནག་གཞུང་གིས་ཕྱི ་ཟླ་ ༩ ཚེས་མགོ་ནས་བཟུང་བོད་ཀྱི་ མངའ་རིས་ས་ཁུལ་གྱི་མཐོ་ལྡིང་གྲོ ང་ཚོ་དང་རྩ་མདའ་རྫོང་གི་ཡུལ་ཤོ ག་དྲུག་ཙམ་ནང་བོད་མི་ཚོའི་ཁ་ པར་ལ་ཞིབ་བཤེར་དང་ཨང་གྲངས་བསྡུ་ ཉར་སོགས་བྱས་ཏེ། མི་སུ་དང་སུ་ལ་ འབྲེལ་བ་བྱེད་བཞིན་ཡོད་པའི་སྐོ ར་སོགས་ལ་ཞིབ་བཤེར་དང་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག
འདི་ག་བོད་ཀྱི་དུས་བབ་ གསར་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས། གནས་ཚུལ་དེ་འདི་ལོར་ཡུལ་དེའི ་ནང་དམག་སྒར་གསར་འཛུགས་དང་འབྲེ ལ་ནས། ས་གནས་བོད་མི་ཚོར་རྒྱལ་ཁབ་ བདེ་འཇགས་ཞེས་པའི་མིང་ཐོག་ནས་བོ ད་མི་ཚོས་ས་མཚམས་ཀྱི་གནས་ཚུལ་ ཁག་ཕྱི་ལ་གཏོང་གི་ཡོད་མེད་ཀྱི་ དོགས་གཞིའི་རྐྱེན་གྱིས་བྱས་པ་ཞི ག་ཆགས་ཡོད་པ་དང་། ཁ་པར་ནང་དུ་ས་ གནས་ཀྱི་གནས་ཚུལ་དང་པར་རིས་སོ གས་ཡོད་མེད་ནས་རྩད་ཞིབ་ཤུགས་ཆེ ར་བྱེད་བཞིན་ཡོད་སྐོར་བརྗོད་བྱུ ང་།
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོ ད་གཞི་དང་འབྲེལ་ནས་བོད་ནང་གི་ས་ མཚམས་ཀྱི་ཡུལ་མི་ཚོར་རྒྱ་ནག་གཞུང་གི ས་དེ་སྔ་ནས་དམ་དྲག་དང་དོགས་ཟོན་ གྱི་ཞིབ་བཤེར་ཤུགས་ཆེན་བྱེད་བཞི ན་ཡོད་པ་མ་ཟད། འདས་ལོའི་ལོ་མཇུག་ཙམ་ ནས་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་ གི་མཐའ་མཚམས་ས་ཐིག་(LAC)ཕྱོགས་ སུ་ཁེལ་བའི་བོད་ཀྱི་གྲོང་ཚོ་ཁག་ གི་བྱིས་པ་དང་རྒས་འཁོགས་ཕུད་པའི ་གཞན་ཕོ་མོ་དབྱེར་མེད་ཀྱིས་གྲོ ང་མི་ཡོངས་ལ་དམག་སྦྱོང་སྤྲད་དེ། མཐའ་མཚམས་སྲུང་སྐྱོབ་སླད་དམག་ འཁྲུག་རྒྱག་དགོས་ཟེར་བའི་དམག་དོ ན་ལས་འགུལ་སྤེལ་ཡོད་སྐོར་བརྗོད་ པ་ལྟར། རྒྱ་གར་དུས་བབ་གསར་ཁང་སོ གས་ཀྱིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་བོད་ཀྱི་ས་ མཚམས་ཁག་གི་ཁྱིམ་ཚང་རེའི་ཁྱིམ་ མི་གཅིག་ངེས་པར་དུ་བཅིངས་གྲོལ་ དམག་མིར་ཞུགས་བཅུག་སྟེ། རྒྱ་དཀར་ ནག་བར་རྩོད་རྙོག་ཏུ་གྱུར་བའི་ས་ མཚམས་སྲུང་སྐྱོབ་བྱེད་དགོས་པའི་ ལས་གཞི་རིམ་པར་སྤེལ་་བཞིན་ཡོད་པ་རེད།
སྤྱིར་ན་རྒྱ་ནག་གཞུང་གིས་དེང་སྐ བས་བོད་མི་ཚོའི་ཁ་པར་ནང་ཕྱི་ཕྱོ གས་སུ་འབྲེལ་འདྲིས་བྱས་ཡོད་མེད་ དང་། ༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་ཡོད་མེད་ཐད་ཞིབ་བཤེར་ཤུ གས་ཆེན་བྱེད་བཞིན་པ་མ་ཟད། ཉེ་བའི ་ཉིན་ཤས་རིང་རྫ་དབོན་པོ་ཕྱོགས་ སུ་ས་གནས་ཡུལ་མི་ཚོའི་ཁྲོད་གང་ བྱུང་ཞིབ་བཤེར་དང་༧གོང་ས་མཆོག་ གི་སྐུ་པར་ཉར་ཚགས་བྱས་ཡོད་པའི་ཉེས་མིང་ འོག སྔ་གཞུག་ཏུ་བོད་མི་ ༡༡༣ ལྷག་སེར་ ཤུལ་རྫོང་དུ་བཙན་ཁྲིད་བཀག་སྐྱི ལ་བྱས་ཡོད་པ་མ་ཟད། ད་ལྟའི་ཆར་བོད་མི་དེ་དག་གི་གནས་ སྟངས་གོ་མེད་ཚོར་མེད་དུ་གྱུར་ཡོ ད་པ་རེད།
རྒྱ་གར་ལྷོ་ཕྱོགས་ཀྱི་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།