མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་རྡུལ་རྩེད་མོའི་ནང་བོད་དར་ཤར་བར་སྐྱོན་བརྗོད་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གློག་རྡུལ་རྩེད་མོ (video Game) བཟོ་སྐྲུན་ཁང་ཌེག་ནེན་ (Deck Nine) གྱིས་བཟོ་སྐྲུན་བྱས་ཞིང་ཉི་ཧོང་གི་སི་ཁོ་ཝེར་ཨེ་ནིག་སི་ (Square Enix) གློག་རྡུལ་རྩེད་མོ་བཟོ་གྲྭས་ཚོང་འགྲེམས་བྱས་པའི་སྒྲུང་གི་རྣམ་པར་བཅོས་པའི་བརྙན་རྩེད་ཅིག་གི་ནང་བོད་ཀྱི་རྒྱལ་དར་འཆར་བ་དེར་རྒྱ་རིགས་རྩེད་མོ་བ་ཚོས་ངོ་རྒོལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་རྩེད་མོ་བ་སྤྱི་བྱིངས་ནས་སྐྱོན་བརྗོད་དེ་དག་རྒྱུ་མཚན་དང་གནས་ལུགས་མེད་པ་ཞིག་ཏུ་རྩི་བཞིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་གློག་རྡུལ་བརྙན་རྩེད་ Life is Strage: True Colors ཞེས་པ་ཞིག་རྒྱལ་སྤྱིའི་ཁྲོམ་རར་ཐོན་པ་དེར་མཆན་ ༦༠༥ སྤེལ་ཡོད་པ་དང་། མཆན་ཕལ་ཆེ་བའི་ནང་བརྙན་རྩེད་དེར་དགའ་མོས་བྱུང་བའི་རྣམ་པ་བསྟན་ཡོད་ནའང་། རྒྱ་ཡིག་སྟེང་ནས་སྤེལ་བའི་མཆན་ ༡༦༠ ལྷག་གི་ཁྲོད་ནས་མཆན་ ༡༡༨ ལྷག་གིས་རྩེད་མོ་དེའི་ནང་བོད་ཀྱི་རྒྱལ་དར་འཆར་ཡོད་པ་དེར་ངོ་རྒོལ་སྐྱོན་བརྗོད་སྤེལ་འདུག དེ་ཡང་མཆན་མང་པོའི་ནང་ “བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན།” ཞེས་པའི་ཆབ་སྲིད་དྲིལ་བསྒྲགས་རང་བཞིན་གྱི་ཚིག་བརྗོད་སྤེལ་ཡོད་ཅིང་། མཆན་ཞིག་གི་ནང་། གློག་རྡུལ་རྩེད་མོ་བཟོ་སྐྲུན་ཁང་དེས་སྤྱི་ཡོངས་ནས་བརྙན་རྩེད་ཚད་ལྡན་དང་འདོད་བློ་ཁེངས་པ་བསྐྲུན་ཡོད་ནའང་། ཆབ་སྲིད་ཀྱི་གནད་དོན་ཆེད་དུ་བཅུག་སྟེ་རྒྱ་ནག་ལ་ཟུར་ཟ་བྱས་པ་དེར་ངོ་རྒོལ་ཡོད་སྐོར་དང་། རྒྱ་ནག་ཁ་བྲལ་ལ་གཏོང་བའི་བྱ་སྤྱོད་ལ་ནམ་ཡང་གུ་ཡངས་བྱ་རྒྱུ་མིན་པ་དང་། བརྙན་རྩེད་དེས་བོད་རང་བཙན་ལ་སྐུལ་སློང་བྱེད་ཀྱི་ཡོད་ཚུལ་སོགས་བཀོད་འདུག་པ་མ་ཟད། བརྙན་རྩེད་དེ་ཇི་ལྟར་ལེགས་ནའང་རྒྱ་རིགས་ཚང་མས་མཆན་ངན་པ་སྤེལ་དགོས་སྐོར་གྱི་སྐུལ་སློང་ཡང་བྱས་འདུག

བརྙན་རྩེད་དེ་ནི་རྟོག་བཟོའི་སྒྲུང་གི་རྣམ་པར་བཅོས་པའི་བརྙན་རྩེད་ Life is Strange ཞེས་པའི་འདོན་ཐེངས་ལེའུ་གསུམ་པ་དེ་ཡིན་འདུག་པ་དང་། བརྙན་རྩེད་ནང་གི་རྟོག་བཟོའི་གྲོང་ཚོ་ཧེ་ཝན་སི་པི་རིང་ (Haven Springs) ཞེས་པ་རྒྱ་ལམ་གྱི་གཡས་ཕྱོགས་སུ་བོད་ཀྱི་བང་མཛོད་ (Treasures of Tibet) ཅེས་པའི་ཚོང་ཁང་ཆུང་ཆུང་ཞིག་ཡོད་ཅིང་། ཚོང་ཁང་དེའི་སྒོ་བྱང་སྟེང་དབྱིན་ཡིག་ཐོག་བོད་ཀྱི་བང་མཛོད་ཅེས་པའི་མིང་དང་བོད་ཀྱི་རྒྱལ་དར་གྱི་རི་མོ། སྒོའི་མདུན་ཐོག་དེར་ཚོན་མདོག་ལྔ་ཅན་གྱི་རླུང་རྟ་དར་ལྕོག་དང་། ད་དུང་ཚོང་ཁང་གི་གཡས་ཕྱོགས་སུ་བོད་ཀྱི་རྒྱལ་དར་ཞིག་ཀྱང་དཔྱངས་ཡོད་འདུག

ད་ལྟའི་ཆར་ཌེག་ནེན་གློག་རྡུལ་རྩེད་མོ་བཟོ་སྐྲུན་ཁང་གི་ངོས་ནས་ད་ལན་གྱི་གནས་ཚུལ་དེར་གསལ་བཤད་སོགས་གང་ཡང་བྱས་མེད་ཀྱང་།  Steam (https://store.steampowered.com/) ཞེས་པའི་བརྙན་རྩེད་དང་འབྲེལ་བའི་དྲ་རྒྱ་དེར་རྒྱ་རིགས་མཆན་འདེབས་པ་རྣམས་ཀྱི་མཆན་ལ་ཕར་རྒོལ་གྱི་མཆན་འདེབས་མཁན་མང་པོ་འདུག་པ་མ་ཟད། མང་པོ་ཞིག་གིས་རྒྱ་རིགས་རྣམས་ཀྱི་མཆན་རྣམས་ “རྩེད་མཚར་ (Funny)” ཞེས་པའི་སྡེ་ཚན་ནང་བཅུག་ཡོད་འདུག དེ་ནི་མཆན་དེ་དག་བརྙན་རྩེད་རང་དང་འབྲེལ་མེད་དོན་གཞན་ཡིན་པ་དང་། མཆན་ནང་འཁོད་པའི་གནས་ཚུལ་ལ་ངོས་ལེན་མེད་པའི་དོན་ཡིན་འདུག དེ་བཞིན་གྷུ་གྷལ་ (Google) ནང་བརྙན་རྩེད་དེར་སྐར་མ་ ༥ ནས་ ༤།༣ ཐོབ་ཡོད་ཅིང་། གྷུ་གྷལ་བཀོལ་སྤྱོད་པ་བརྒྱ་ཆ་ ༩༣ གྱིས་དགའ་རྟགས་སྤྲད་ཡོད་འདུག

རྒྱལ་སྤྱིའི་བཟོ་སྐྲུན་ཁང་དང་སྤྱི་གཉེར་ཁང་གང་རུང་ཞིག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ཚིག་བརྗོད་དང་རྣམ་འགྱུར་བསྟན་པའི་ཚེ། དེར་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོའི་ཐོག་ནས་ངོ་རྒོལ་བྱེད་པ་དང་། རྒྱ་རིགས་མང་ཚོགས་ངོས་ནས་དྲ་ལམ་སྟེང་ནས་སྤྱི་གཉེར་ཁང་དེར་ཁ་བརྡུང་དང་ཟུར་ཟ། སྐབས་རེར་སྤྱི་གཉེར་ཁང་དེའི་ཐོན་རྫས་བཀོལ་སྤྱོད་མི་བྱ་རྒྱུའི་ལས་འགུལ་སྤེལ་བ་སོགས་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་ཟུར་ལྔའི་དྲ་དམག་གིས་རྒྱ་ནག་ཕྱི་ནང་གཉིས་སུ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་པ་ནི་རྒྱུན་གཏན་ལྟ་བུ་ཡིན་པ་རེད། དེ་ཡང་ཕྱི་ལོ་ ༢༠༡༩ ལོར་ཐའེ་ཝན་ནས་བཟོ་སྐྲུན་བྱས་པའི་བརྙན་རྩེད་ཅིག་ངི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ནི་འགུལ་བརྙན་ནང་གི་ Winnie the Pooh ཞེས་པའི་དོམ་སེར་དེ་ཡིན་སྐོར་འཁོད་པར་བརྟེན། རྒྱ་ནག་ནང་གི་རྩེད་མོ་བ་རྣམས་ཀྱིས་སྐྱོན་བརྗོད་དང་ངོ་རྒོལ་ཤུགས་ཆེན་པོ་བྱས་ཡོད་ཅིང་། མཐར་བརྙན་རྩེད་བཟོ་སྐྲུན་ཁང་དེས་བརྙན་རྩེད་ཀྱི་ཆ་ཤས་དེ་ཕྱིར་འཐེན་བྱེད་དགོས་ཁེལ་ཡོད་པ་རེད། གཞན་ཡང་འདས་ལོའི་ཕྱི་ཟླ་ ༤ པའི་ནང་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་རྣམས་ཀྱིས་རྒྱལ་སྤྱིའི་བརྙན་རྩེད་བཟོ་སྐྲུན་ཁང་ཆེ་གྲས་ནིན་ཊན་ཌོ་ (Nintendo) ཡིས་བཟོ་སྐྲུན་བྱས་པའི་བརྙན་རྩེད་ Animal Crossing ཞེས་པ་དེ་ཉིད་བརྒྱུད་ཧོང་ཀོང་གི་དམངས་གཙོ་དྲིལ་བསྒྲགས་ཀྱི་ཆེད་དུ་བཀོལ་སྤྱོད་བྱས་པར་བརྟེན། བརྙན་རྩེད་དེ་ཉིད་རྒྱ་ནག་གི་ཁྲོམ་རའི་ནང་བཀག་སྡོམ་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༩ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese