མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་སྲིད་བློན་མུ་དྷི་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་དགུང་གྲངས་ ༧༡ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་ཏེ་སྲིད་བློན་མཆོག་སྐུ་གཟུགས་བདེ་ཐང་ཡོང་བའི་ཐུགས་སྨོན་གནང་།

His Holiness the Dalai Lama with Narendra Modi.

དེ་རིང་རྒྱ་གར་གྱི་སྲིད་བློན་ན་རེན་དྷ་ར་མུ་དྷི་མཆོག་གི་འཁྲུངས་སྐར་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་བློན་མཆོག་ལ་འཚམས་འདྲིའི་ཕྱག་ཡིག་ཅིག་བསྐུར་གནང་བའི་ནང་། སྲིད་བློན་མཆོག་གིས་ཏོག་དབྱིབས་གཉན་རིམས་ལྟ་བུའི་དཀའ་ངལ་ལ་མ་ལྟོས་པར། རྒྱ་གར་གྱི་མང་ཚོགས་ལ་གདེང་སྤོབས་སྔར་ལྷག་སྦྱིན་པ་དེར་ཡི་རང་དང་སྦྲགས། སྲིད་བློན་མཆོག་སྐུ་གཟུགས་བདེ་ཐང་ཡོང་བའི་ཐུགས་སྨོན་མཛད་འདུག

༧གོང་ས་མཆོག་གི་འཚམས་འདྲིའི་གསུང་འཕྲིན་གྱི་མགོར། ངོས་ནས་ཁྱེད་ཀྱི་འཁྲུངས་སྐར་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་ཡི་ཡོད་ལ། ཁྱེད་ཉིད་ནད་མེད་ཚེ་རིང་ཡོང་བར་ཤོག ཅེས་གསུངས་པ་དང་འབྲེལ། མགོན་པོ་མཆོག་རྒྱ་གར་གྱི་རྒྱལ་ཁབ་ལ་དགའ་ཞེན་ཆེན་པོ་བྱེད་མཁན་གྱི་གང་ཟག་ཅིག་ཡིན་པའི་ཆ་ནས། ཏོག་དབྱིབས་གཉན་རིམས་ལྟ་བུའི་དཀའ་ངལ་ལ་མ་ལྟོས་པར། སྲིད་བློན་མཆོག་གིས་མང་ཚོགས་ལ་གདེང་སྤོབས་སྔར་ལྷག་སྦྱིན་པར་དགའ་བསུ་ཞུ་ཡི་ཡོད། འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་ཀྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། རྒྱ་གར་ལ་ལེགས་གྲུབ་གང་བྱུང་བ་དེས་རྒྱ་གར་གྱི་ཡུལ་མི་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱི་ཡར་རྒྱས་གོང་འཕེལ་ལའང་ཕན་ཐོགས་ཐུབ་ངེས་རེད། ཅེས་གསུངས་གནང་འདུག

ཡང་མགོན་པོ་མཆོག་གིས། རྒྱ་གར་གྱི་གནའ་བོའི་སྙིང་རྗེས་རྒྱབ་རྟེན་བྱས་པའི་འཚེ་མེད་ཞི་བའི་རིག་གཞུང་དེ་ཉིད། དེང་གི་འཇིག་རྟེན་ལ་རན་འཚམ་ཡོད་པ་ཙམ་དུ་མ་ཟད་མཁོ་གལ་ཆེ་བ་ཞིག་ཡིན་པར་ཡིད་ཆེས་རྙེད་ཡོད་པ་དང་། དེ་བཞིན་འགྲོ་བ་མིའི་རིགས་སྤྱི་ཡི་ཕན་བདེའི་ཆེད་དུ་འཚེ་མེད་ཞི་བའི་རིག་གཞུང་དེ་ཉིད་དེང་རབས་ཤེས་ཡོན་དང་ཟུང་འབྲེལ་བྱ་ཆོག་པ་ཞིག་ཡིན་སྟབས། གོ་སྐབས་ནམ་བྱུང་ལ་རྒྱ་གར་གྱི་རྩལ་སྟོབས་རྒྱས་པའི་དམངས་གཙོ་དང་། ཆོས་ལུགས་སྣ་མང་འདུས་པའི་ཁྱད་ཆོས། དེ་བཞིན་རྒྱ་གར་གྱི་མཛའ་མཐུན་དང་བརྟན་བརླིང་བཅས་ལ་བསྔགས་བརྗོད་གནང་གི་ཡོད་སྐོར་གསུངས་འདུག

འཚམས་འཕྲིན་གྱི་མཇུག་དེར་མགོན་པོ་མཆོག་གིས། ང་ཚོ་བོད་མི་བཙན་བྱོལ་བ་རྣམས་ལ་མཚོན་ན། རྒྱ་གར་འདིའི་ནང་སེམས་ཀྱི་རྟེན་ས་ཙམ་མིན་པར། འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ནས་ཕྱི་ལུས་པོ་རྟེན་སའི་ཁྱིམ་ལྟ་བུ་ཆགས་ཡོད། ངོས་ཀྱིས་གོ་སྐབས་འདི་བརྒྱུད་ནས་རྒྱ་གར་གྱི་གཞུང་མང་གཉིས་ནས་ང་ཚོ་བོད་མི་རྣམས་ལ་ད་བར་སྣེ་ལེན་( warm and generous hospitality we have received.)ཞུས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་གསུངས་འདུག

འདི་ལོར་སྲིད་བློན་མུ་དྷི་མཆོག་གིས་ཡོངས་གྲགས་ཀྱི་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་འཚམས་འདྲི་ཞུས་ཡོད་ཅིང་། དེ་ནི་ཕྱི་ལོ་ ༢༠༡༥ ལོའི་རྗེས་སུ་རྒྱ་གར་གྱི་སྲིད་བློན་ཞིག་གིས་ཡོངས་གྲགས་ཀྱི་ཐོག་ནས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་ཐེངས་དང་པོ་ཆགས་ཡོད་པ་ལྟར། སྐབས་དེར་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་སྲིད་བློན་མུ་དྷི་མཆོག་གི་གནང་ཕྱོགས་དེར་བསྔགས་བརྗོད་དང་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༣ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༨ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese