མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་ཁང་ནང་དུ་མཁན་པོ་མུན་སེལ་རིན་པོ་ཆེར་མཇལ་བ། གསུམ་པ།

བོད་ཀྱི་དུས་བབ།
༢༠༢༡/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཀླུ་སྨྱོན་ཧེ་རུ་ཀའམ་སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས་ཀྱིས་དབྱིན་ཡིག་ནས་བསྒྱུར།

མཁན་པོ་མུན་སེལ་གྱིས་ང་ལ་ཁོང་གིས་བཙོན་ཁང་བཟོ་གྲྭ་ཆེན་པོ་འདི་སངས་རྒྱས་ཀྱི་དག་ཞིང་ཞིག་ཏུ་བསྒོམས་པ་ཡིན་ཞེས་ཀྱང་གསུངས་སོང་།

དེ་ནས་མཁན་པོ་མུན་སེལ་གྱིས་ཁོང་གི་བཞུགས་ཤག་དེ་སྒོམ་སྒྲུབ་ཁང་ཞིག་ཏུ་བསྒོམས་པ་དང་། རྒྱ་མིའི་ཉིན་རེའི་གསར་ཤོག་དེ་ཚོ་ཁོང་གི་ཞལ་འདོན་ཕྱག་དཔེ། ཁོང་གིས་ལག་བཟོའི་ཅ་ལག་དེ་ཚོ་ཁོང་གི་མཆོད་ཆས་སུ་བསྒོམས་འདུག

“ཁྱོད་ཀྱིས་ལས་ཀ་ནན་ཏན་གྱིས་བྱེད་དགོས།” ངའི་བླ་མས་ང་ལ། “སེམས་ལ་འཁོན་འཛིན་མེད་པའི་སྒོ་ནས་ཁྱོད་ཀྱི་ལས་ཀ་དེ་ཡག་པོར་སྒྲུབས། དེ་ནས་ཁྱོད་ཀྱི་ལས་ངན་དེ་ཚོ་འདག་གི་རེད།”

དེའི་རྗེས་སུ། ང་སྤྱོད་ལམ་ཡག་པོའི་སྒོ་ནས་ལས་ཀར་ཕྱིན་པ་ཡིན། རིམ་བཞིན་ང་རང་ངའི་ལས་ཀ་དང་བཙོན་ཁང་གི་སྒྲིག་ལམ་གྱི་ཕྱོགས་སུ་རྣམ་དཔྱོད་དང་ལྡན་པ་ཞིག་ཏུ་གྱུར། ག་ལེར། རྒྱུན་རིང་བའི་ཟླ་བ་མང་པོ་དང་ཐ་ན་ལོ་ཤས་ཀྱི་རྗེས་སུ། ངའི་ངལ་རྩོལ་གྱིས་ང་ལ་དེ་ཙམ་མནར་གཅོད་གཏོང་གི་མི་འདུག ངས་རང་གི་དབོར་རྒྱུའི་ས་རྡོ་དེ་ཚོ་གཡང་ཊི་དང་སྤོས་ཤེལ། གཡུ་དང་ཕ་ལམ་གྱི་མཆོད་རྫས་སུ་དམིགས་པའི་རྐྱེན་གྱིས། དེ་ཙམ་མ་འགོར་བར་ང་ལ་ས་རྡོ་དབོར་རྒྱུར་དཀའ་ངལ་དེ་ཙམ་འཕྲད་མ་སོང་། ངས་རང་གིས་གསེར་བཙོ་མ་ཆེན་པོ་ཞིག་སྒལ་བར་ཁུར་ནས་སྐོར་བར་འགྲོ་བཞིན་པར་དམིགས་པ་དང་། དེ་ནས་ཉིན་ཞིག ངས་དེ་ནི་གང་ལྟར་རང་གིས་བྱེད་དགོས་པ་ཞིག་རེད་འདོད་པས། ང་དེ་ལྟར་བྱེད་པར་ཕལ་ཆེར་སྤྲོ་བ་ཡོད་པར་གྱུར། རེད། རྗེས་སུ་ང་རང་གི་བཀའ་དྲིན་ཅན་གྱི་རྩ་བའི་བླ་མར་བཙོན་ཁང་དུ་མཇལ་བ་དང་། ལོ་ནས་ཟླ་བ་བརྒྱུད་དེ་འབད་པ་ཆེན་པོས་ཁོང་གི་ལམ་སྟོན་གྱི་རྗེས་སུ་འབྲངས་པ་དང་། ང་ལ་ངལ་རྩོལ་གྱི་ཕྱོགས་སུ་དཀའ་ངལ་གང་ཡང་འཕྲད་མ་བྱུང་། ས་རྡོ་དབོར་རྒྱུ་དེ་ངའི་ཆོས་ཀྱི་ཉམས་ལེན་དུ་གྱུར་སོང་། དེ་བཞིན་དུ། རྗེ་ཕག་མོ་གྲུབ་པས། གལ་སྲིད་ཁྱེད་ཀྱིས་ཉམས་ལེན་བར་མེད་དུ་བྱས་པ་ཡིན་ན། གང་སྣང་ཁྱེད་ཀྱི་སློབ་དཔོན་དུ་འཆར་གྱི་རེད། ཅེས་གསུངས་པ་བཞིན་དུ། གང་སྣང་ཐམས་ཅད་ངའི་སློབ་དཔོན་དུ་ཤར་བྱུང་། གང་ཡིན་ཞེ་ན། ངས་གི་སྐད་ཅིག་མ་ཐམས་ཅད་སྒོམ་སྒྲུབ་དང་ཟླ་སྒྲིལ་གཏོང་གཏོང་ཤེས་ཀྱི་ཡོད། སྒོམ་དང་སྡུག་བསྔལ་གྱི་ཚོར་བ་དེ་གཉིས་ས་གནས་མི་འདྲ་བ་གཉིས་སུ་གནས་མི་དགོས་པ་ཞིག་ཏུ་གྱུར་སོང་། དེ་ཚོ་གཅིག་ཏུ་གྱུར་པ་དང་གལ་སྲིད་ངའི་བསམ་བློས་འགན་ཁུར་བ་ཡིན་ན་དེ་ཚོས་ཕན་ཚུན་གཅིག་གྲོགས་གཅིག་བྱེད་བཞིན་འདུག

ཉིན་རེའི་ཡུན་རིང་གི་ངལ་རྩོལ་རྗེས་ཀྱི་དགོང་དྲོར། ང་རང་བཙོན་མ་གཞན་དག་དང་ལྷན་དུ་སློབ་སྦྱོང་གི་འཛིན་གྲྭར་ཞུགས་དགོས་ཀྱི་ཡོད།

མའོ་ཡི་གསུང་བཏུས་དམར་པོའི་ལོགས་སུ། ང་ཚོས་དམིགས་པ་གཏད་སའི་འཛིན་གྲྭའི་སློབ་གཞི་གཙོ་བོ་ནི་ཉིན་རེའི་ཚགས་པར་གཉིས་ལས་གྲུབ་པ་ཞིག་ཡིན། དེ་གཉིས་ནི་<<མི་དམངས་ཉིན་རེའི་ཚགས་པར>>་དང་<<མཚོ་སྔོན་བོད་ཡིག་གསར་འགྱུར>>*་གཉིས་ཡིན།

(*དབྱིན་ཡིག་གི་མ་རྩོམ་ནང་<<མཚོ་སྔོན་ཉིན་རེའི་གསར་འགྱུར>>ཞེས་བྲིས་འདུག་ཀྱང་། <<མཚོ་སྔོན་བོད་ཡིག་གསར་འགྱུར>>དེ་ཉིན་རེའི་གསར་འགྱུར་ཞིག་མ་ཡིན་པར་ཉིན་ཟུང་གསར་འགྱུར་ཞིག་ཡིན། )

ང་ཚོས་བོད་ཡིག་གི་གསར་ཤོག་བཀླགས་པ་དང་དེ་ནས་ཚགས་པར་དེ་གཉིས་ཀྱིས་བསྟན་པའི་དམར་ཕྱོགས་ཚོགས་པའི་སྲིད་ཇུས་དང་དམིགས་ཡུལ་གང་ཡིན་སྐོར་རང་གིས་ཐོ་རྒྱག་དགོས། ཚགས་པར་དེ་གཉིས་ལས་ཁྱེད་ཀྱིས་མཐོང་རྒྱུ་དེ་ནི་ཆབ་སྲིད་རྩོམ་ཡིག་དེ་ཚོ་ཡིན་ཞིང་། དེ་བཞིན་སྲིད་གཞུང་གི་གཏམ་བཤད་དང་སྙན་ཞུ། སྲིད་གཞུང་གི་མགོ་ཁྲིད་ཀྱི་སྐོར་འབའ་ཞིག་ཡིན།

དེར་བརྟེན། དམར་ཕྱོགས་གཞུང་ལ་བསྟོད་བསྔགས་བྱེད་རྒྱུ་དེ་ནི་བློ་གྲོས་ལྡན་པའི་བྱེད་ཐབས་འབའ་ཞིག་དང་ལས་བྱེད་པ་ཚོས་དང་ལེན་བྱེད་པ་དེ་ཡིན། ཕྱོགས་གཞན་ཞིག་ནས། སྙན་ཞུ་འབྲི་སྐབས་རྣམ་པ་གང་རུང་གི་སྒོ་ནས་ལྷག་བསམ་དང་སྐྱོན་བརྗོད་ནི་གསར་བརྗེར་ངོ་རྒོལ་དུ་བརྩི་གི་ཡོད། བློ་ཁོག་ཆེན་པོས་སྐྱོན་བརྗོད་དེ་རིགས་བྱེད་མཁན་ལ་འཕྲལ་མར་འདྲི་རྩད་བྱེད་པ་མ་ཟད། དུས་རྒྱུན་དུ་ཡང་འདྲི་རྩད་བྱེད་པ་རེད།

དགོང་དྲོ་རྟག་པར་ཆུ་ཚོད་བདུན་དང་ཕྱེད་ཀར་ཅོང་བརྡ་ཞིག་རྒྱག་པ་དང་། དེའི་གོ་དོན་ནི་ང་ཚོའི་ཀློག་འདོན་སློབ་ཚན་མགོ་བརྩམས་པ་ཡིན། དེ་དུས་ང་ཚོ་ཚང་མས་ལམ་སེང་མགོ་བོ་མར་བསྒུར་ཏེ་རང་རང་གི་མདུན་དུ་ཡོད་པའི་དཔར་སྐྲུན་བྱས་ཡོད་པ་དེར་བལྟས་ནས་ཀློག་དགོས། མུ་ནས་མུ་རུ་ཀློག་དགོས། རྒྱ་མིའི་ལས་བྱེད་པ་ཚོས་དེ་ནི་ “རང་སྦྱོང་” བྱེད་སྟངས་ཡག་ཤོས་དེ་རེད་ཟེར། ཚགས་པར་དེ་ཚོ་ཕལ་མོ་ཆེས་ཇི་ལྟར་དམར་ཕྱོགས་སྲིད་གཞུང་གིས་ཡར་རྒྱས་འཛུག་སྐྲུན་གསར་བ་བོད་ལ་ཁྱེར་ཡོང་བའི་སྐོར་དང་། ཁོ་ཚོས་ཇི་འདྲ་བྱས་ནས་མི་ངན་རྩ་མེད་བཟོས་པའི་སྐོར། མི་ངན་དེ་ཚོས་ཇི་ལྟར་སྔར་བྱས་རྒྱབ་བསྐྱུར་དང་རང་སྐྱོན་ངོས་ལེན་གྱིས་བཅོས་སྒྱུར་བྱས་པའི་སྐོར། འདས་པ་དེ་ཚོ་ཇི་འདྲའི་གདུག་རྩུབ་ཆེན་པོ་ཞིག་ཡིན་པའི་སྐོར། ཇི་ལྟར་ལེགས་པའི་ཕྱོགས་སུ་འགྱུར་བའི་སྐོར་སོགས་བརྗོད་ཡོད། ཁོ་ཚོས་མི་ཡག་པོར་ངོས་འཛིན་བྱས་པ་དེ་ཚོར་བསྟོད་བསྔགས་དང་། མི་ངན་དུ་ངོས་བཟུང་བ་ཚོར་སྐྱོན་རྗོད་བྱེད་ཀྱི་ཡོད།

གང་ལྟར། མི་ཚང་མས་ལངས་ཕྱོགས་འདི་ལ་བརྩི་བཀུར་དང་མགོ་སྒུར་བྱེད་པ་ཞིག་མ་བྱུང་བ་སྟེ། ཐེངས་གཅིག་ངའི་ཤག་རོགས་བྱེད་མྱོང་བའི་དགེ་བཤེས་ཤིག་ཡོད་པ་དང་། ཁོས་ཅོང་བརྡ་དེ་ཐོས་ཐེངས་རེ་རེར། ཁོས་བསམ་བཞིན་དུ་བྱེད་སྟངས་ཉེས་པོའི་ངང་མགོ་བོ་ཚགས་པར་དེའི་རྒྱབ་ཏུ་བསྒུར་ནས་གཉིད་ཁུག་གི་ཡོད་པ་དང་། རྒྱ་མིས་ལས་བྱེད་ཚོས་དེ་མཐོང་ཐེངས་རེ་རེར་ཁོང་ལ་གཤེ་གཤེ་གཏོང་གི་རེད།

“ཁྱོད་ཀྱིས་ག་རེ་བྱས་ནས་ཀློག་གི་མེད། ཁྱོད་ཀྱིས་ག་རེ་བྱེད་ཀི་ཡོད། ཁྱོད་ཀྱིས་མི་ཀློག་དོན་ཅི་ཡིན།”

ངའི་ཤག་རོགས་དགེ་བཤེས་ལགས་ཀྱིས་ག་ལེར་ཁོང་གི་མིག་གཉིས་ཕྱེས་ནས་དེ་ཚོ་སྣང་མེད་ངང་དེ་ཚོར་ཡ་མེད་བྱེད་ཀྱི་རེད།

“ང་ལ་འདི་ཚོ་ཀློག་འདོད་མི་འདུག ཚགས་པར་དེ་ཚོ་གནས་ཚུལ་རྫུན་མས་ཁེངས་འདུག དེ་རུ་བདེན་པ་གང་ཡང་མི་འདུག འདི་ནི་དམར་ཕྱོགས་པའི་གསར་འགྱུར་ཡིན་གྱི་རེད། ཡིན་ན་ཡང་། དམར་ཕྱོགས་པ་དང་དམར་ཕྱོགས་སྲིད་གཞུང་གི་སྙན་ཞུ་གང་ཞིག་ཡིན་ན་ཡང་། དེ་རུ་བདེན་པ་ཞིག་མི་འདུག དེ་ཚོ་ཚང་མ་གཡོ་རྫུན་འབའ་ཞིག་རེད།”

དེ་ལྟར་བརྗོད་པའི་རྐྱེན་གྱིས་རྒྱ་མིའི་ལས་བྱེད་དེ་ཚོ་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཁོང་ལ་འཐབ་འཛིང་བྱེད་ཀི་རེད། ཁོ་ཚོས་ཁོང་ལ་སྐད་ཤུགས་ཆེན་པོས།

“ཁྱོད་ཀྱིས་རང་གི་གསར་བརྗེ་ངོ་ལོག་གི་ཀུན་སློང་དང་སྤྱོད་པར་འགྱོད་བཤགས་བྱོས། ང་ཚོས་ཁྱོད་ལ་གོ་སྐབས་ཐེངས་གཅིག་སྤྲོད་ཀྱི་ཡིན། ཁྱོད་རང་ལ་དམར་ཕྱོགས་རིང་ལུགས་ལ་དགའ་ས་གང་ཞིག་ཡོད་ན་ཁྱོད་ཀྱིས་ད་ལྟ་ཤོད་དང་ང་ཚོས་ཁྱོད་ལ་རྡུང་རྡེག་མི་བྱེད།”

དེ་ཐོས་རྗེས། ངའི་ཤག་རོགས་དགེ་བཤེས་དེས་སྐད་གསེང་མཐོན་པོའི་སྒོ་ནས་ལན་འདེབ་བྱེད་རྒྱུར།

“ཡོད། དོན་ཚན་གཉིས་ཀྱི་སྟེང་ནས་ང་རང་དམར་ཕྱོགས་རིང་ལུགས་ལ་དགའ་བོ་ཡོད། དང་པོ་དེ་ནི་ཀློག་འདོན་མཚམས་འཇོག་གི་ཅོང་བརྡ་དེ་ཡིན་ལ། གཉིས་པ་དེ་ནི་ཟ་མ་བཟའ་བའི་ཅོང་བརྡ་དེ་ཡིན། དེ་གཉིས་ནི་ང་རང་དགའ་མོས་ཡོད་ས་དེ་ཡིན། དེ་མ་གཏོགས་གཞན་གང་ཡང་མེད།”

མཁན་པོ་མུན་སེལ་གྱིས་ང་ཚོར་སྐད་ཆ་དེ་འདྲ་བཤད་པར་བཟོད་སྒོམ་བྱེད་དགོས་པའི་སློབ་སྟོན་གནང་གི་རེད། ཁོང་གིས་འཁྲུག་རྐྱེན་སློང་མཁན་བྱས་ན་དགེ་མཚན་ཅང་མི་འདུག་དགོངས། རྒྱུ་མཚན་དང་པོ་ནི་དེ་ཡིས་འགྱུར་ལྡོག་ཅི་ཡང་གཏོང་མི་ཐུབ། གཉིས་པ་ནི། དེ་ཡིས་ང་ཚོ་ནང་ཆོས་ཉམས་ལེན་དངོས་གནས་དེ་བྱེད་པ་སྟེ། དུས་རྟག་ཏུ་རང་གི་སེམས་ལ་བལྟ་བ་དང་། རང་གི་མི་དགེ་བའི་བའི་བསམ་བློར་སྟངས་འཛིན་བྱེད་པ་ལས་ཐག་རིང་དུ་འཁྲིད་པ་རེད།

 

“གལ་སྲིད་མི་ཞིག་གིས་ཕྱག་རྒྱ་ཆེན་པོ་དང་རྫོགས་པ་ཆེན་པོའི་ཉམས་ལེན་ཚད་མཐོན་པོ་ཞིག་གོང་འཕེལ་གཏོང་འདོད་ཡོད་ན། མི་དེས་དམིགས་རྣམ་ག་འདྲ་ཞིག་སྐྱོང་དགོས་པ་རེད་ཅེ་ན།” མཁན་པོ་མུན་སེལ་གྱིས་དེ་ལ་ལན་འདི་ལྟར་གསུངས་སོང་།

“མི་དེ་ཉོན་མོངས་པའི་རྣམ་རྟོག་གི་ཚོར་བ་ལས་རྦད་དེ་ཐར་བ་ཞིག་དགོས་ཀྱི་ཡོད་པ་རེད། དེ་ནི་མི་དེའི་སྒོམ་ལ་གོང་འཕེལ་ངོ་མ་ཞིག་བྱུང་བའི་རྟགས་མཚན་ངོ་མ་དེ་རེད།

ངས་རང་ཉིད་ཉོན་མོངས་པའི་རྣམ་རྟོག་དེ་ཚོ་ལས་ཐེངས་མ་གཅིག་རང་གིས་ཐར་ཐུབ་པ་ཞིག་མི་ཡོང་བ་དེ་ཤེས་ཡོད། ངས་འབད་བརྩོན་ལྷུར་ལེན་གྱིས་དེ་ཚོ་ཐེངས་མ་རེ་རེ་བྱས་ནས་ཐག་གཅོད་བྱེད་དགོས། ང་ཚོས་ཉོན་མོངས་ཅན་གྱི་རྣམ་རྟོག་དེ་ཚོ་འབྱུང་བའི་སྐབས་སུ་གོ་སྐབས་རེ་རེ་བཟུང་ནས་ཐག་གཅོད་བྱེད་དགོས། ང་ཚོས་ཉོན་མོངས་ཅན་གྱི་རྣམ་རྟོག་འདི་ཚོ་ང་ཚོའི་སྙིང་དབུས་སུ་སྦས་པ་ཡིན་ན། གལ་སྲིད་ང་ཚོ་བཙོན་ཁང་དུ་རྒྱུན་རིང་བོ་ཞིག་སྡོད་མ་དགོས་པ་ཡིན་ན་ཡང་དེ་ཚོ་འགྲོ་གི་མ་རེད། དེའི་ཕྱིར། ཉི་མ་གཅིག ང་ཚོ་སྟབས་མ་ལེགས་པར་དོན་རྐྱེན་གསར་པ་ཞིག་ལ་འཕྲད་པ་ཡིན་ན། ང་ཚོས་སྦས་ཡོད་པའི་ཉོན་མོངས་ཅན་གྱི་རྣམ་རྟོག་དེ་ཚོ་ཚང་མ་ཡང་སྐྱར་ལྡང་ཡོང་གི་རེད། དེ་བས་གལ་སྲིད་ང་ཚོ་བཙན་འཛུལ་དང་འཁོན་འཛིན་ཅན་གྱི་གནས་སྟངས་ཤིག་གི་ནང་དུ་ལྷུང་བ་ཡིན་ན། ང་ཚོས་ངེས་པར་དུ་མྱུར་དུ་ཚོར་བ་འདི་རིགས་ཐག་གཅོད་བྱེད་དགོས། གལ་སྲིད་དེ་ནི་བཙན་འཛུལ་ཆུང་བའི་རིགས་ཡིན་ན། ང་ཚོས་དེ་ལ་ཐབས་ལམ་ཆུང་ངུའི་རིགས་བསྟེན་དགོས་པ་དང་། གལ་སྲིད་དེ་ནི་བཙན་འཛུལ་ཆེན་པོ་ཞིག་ཡིན་ན། ང་ཚོས་དེ་ལ་གདོང་ལེན་མཐར་ཕྱིན་པ་ཞིག་བྱས་ཏེ་ང་ཚོ་དེ་ལས་ཐར་པ་ཞིག་བྱེད་དགོས།

རྗེ་སྒམ་པོ་པས། དུས་དང་རྣམ་པ་ཀུན་ཏུ་དུས་ཐོག་ཏུ་བསླེབས་པ། ཞེས་གསུངས་པ་བཞིན། ང་ཚོས་དབྱེ་འབྱེད་མེད་པར་བཤད་མི་རུང་། འཁོན་འཛིན་མེད་པ་བཟོ་ཤོག ཡིན་ན་ཡང་ང་ཚོས་ང་ཚོའི་མི་ཚེ་དང་ང་ཚོའི་འཛམ་གླིང་འདིའི་སྦྲེལ་ཐག་ཅིག་ཏུ་གྲུབ་ཡོང་བའི་རྣམ་རྟོག་རེ་རེ་དང་འགོག་རྐྱེན་སྐད་ཅིག་མ་རེ་རེ། ང་ཚོའི་བཙན་འཛུལ་རེ་རེ་བཞིན་ཐག་གཅོད་བྱེད་དགོས།

དེའི་ཕྱིར། ངས་མཁན་པོ་མུན་སེལ་མཇལ་ནས་ཆོས་ཁྲིད་ཏོག་ཙམ་ཉུང་ངུ་རེ་ཐོབ་པའི་རྗེས་སུ། ངས་ཉམས་ལེན་ཕྲན་བུ་ཕྲན་བུ་རེ་བྱེད་མགོ་བརྩམས་པ་ཡིན།

ང་རང་བཙན་འཛུལ་དེར་ཐོགས་ནས་ཡོད་པའི་སྐབས་སུ་དང་། ཡང་ན་འཁོན་འཛིན་གྱི་ཚོར་བ་དྲག་པོ་དེ་ཚོར་ཐོགས་ཡོད་པའི་སྐབས་སུ། ངས་མཐའ་མཇུག་ཏུ་རྒྱ་མིའི་དམག་མི་དང་ཉེན་རྟོག་པས་ང་ལ་རང་ཉིད་ཀྱི་བསམ་ཚུལ་སྟོན་དུ་འཇུག་གི་རེད་བསམས། བཙན་འཛུལ་དང་འཁོན་འཛིན་ངའི་ནང་རོལ་ཏུ་ཡིབ་ནས་སྡོད་པས་ངས་དེ་ལ་ཐག་གཅོད་ཅིག་མ་རྙེད། ད་ལྟ། རྒྱ་མིས་ལས་བྱེད་ཚོས་ང་ལ་ཁོང་ཁྲོ་ཆེན་པོ་སློང་། དོན་དངོས་སུ། ཁོ་ཚོའི་བྱེད་སྤྱོད་དང་སྐད་ཆ་བརྒྱུད་ནས། ཁོ་ཚོས་ངའི་སེམས་སུ་ཅི་ཞིག་སྦས་ཡོད་པ་དེ་སྟོན་ཐབས་བྱེད། ཏག་ཏག་ཁོ་ཚོས་ང་ལ་ངའི་སེམས་ནང་གི་སྒྱིད་ལུག་དེ་རིགས་ཐད་ཀར་ཐག་གཅོད་བྱེད་དུ་བཅུག་བྱུང་ལ། ང་རང་དེ་ཚོ་ལས་ཐར་དུ་བཅུག་བྱུང་།

“གནད་འགག་ནི་ཁྱོད་རང་གི་སེམས་དེ་རེད།” མཁན་པོ་མུན་སེལ་གྱིས་འདི་ལྟར་ཡང་ནས་ཡང་དུ་གསུངས་བྱུང་། “བཙོན་ཁང་ནང་དུ། འཁོར་བའི་ནང་དུ། ཁྱོད་ཀྱིས་ཚིག་སྙན་པོ་དང་མི་སྙན་པ་མང་པོ་ཞིག་ཐོས་ཀྱི་རེད། རྒྱ་མི་དེ་ཚོ་སྙོན་འཛུག་བྱེད་རྒྱུར་དགའ་བོ་ཡོད་པ་རེད། བཙོན་ཁང་འདི་ཡག་པོ་འདུག་དང་སྡུག་ཅག་འདུག་ཇི་ལྟར་བརྗོད་ན་ཡང་དེ་ཚོ་ནི་ཚིག་ཙམ་ཞིག་རེད། ལས་བྱེད་དེ་ཚོས་ཁྱོད་ལ་གཤེ་ཞིང་སྨོད་པ་འམ་ཚིག་རྩུབ་དང་བཅས་རྡུང་འཚོག་བྱེད་ཀྱང་རུང་། ཁོ་ཚོས་ཁྱོད་ལ་ཡག་པོ་དང་སྡུག་པོ་ཇི་འདྲ་ཞིག་སྨྲས་ཀྱང་རུང་། དེ་ཚོར་དོ་སྣང་དེ་ཙམ་མ་བྱེད། ཁྱོད་ཀྱིས་གང་ཞིག་ཐོས་ཀྱང་བཏང་སྙོམས་སུ་ཞོགས། སེམས་ཡོངས་སུ་ལྷོད་ལ་བབས་ནས་ཁྱོད་རང་གི་ལས་ཀར་དམིགས་པ་རྩེ་གཅིག་ཏུ་གཏོད། ཉོན་མོངས་པ་དེ་ཚོ་ལྡང་ཡོང་བ་ལ་དམིགས་པ་གཏོད། ཁྱོད་རང་གི་སེམས་ནང་དེ་ཚོ་ལྡང་ཡོང་བའི་སྐད་ཅིག་མ་དེ་ཚོར་དམིགས་པ་གཏོད།”

ངས་ག་ལེར་ངའི་གྲངས་མེད་པའི་བསམ་ཚུལ་དང་ཉོན་མོངས་པའི་རྣམ་རྟོག དེ་བཞིན་རྣམ་རྟོག་གི་མྱོང་བ་བཅས་སྐད་ཅིག་མ་ཞིག་ཡིན་པའི་ངེས་ཤེས་རྙེད་བྱུང་། དེ་ཚོ་ནི་བསམ་ཚུལ་ཙམ་ཞིག་ལས་གང་ཡང་མ་རེད། བསམ་ཚུལ་དེ་ཚོ་ནི་བར་ཆད་ཅིག་ལས་གཞན་གང་ཡང་མ་རེད། བོད་སྐད་ཀྱི་ནང་དུ་བར་ཆད་ནི་ཉམས་ལེན་ལ་བར་དུ་གཅོད་བྱེད་ཅིག་གོ དེར་བརྟེན། དཔེ་བཞག་ན། ང་ཚོས་བྱམས་པ་དང་སྙིང་རྗེ་གོང་འཕེལ་དུ་གཏོང་སྐབས། ཁོང་ཁྲོ་ནི་རང་བཞིན་གྱིས་བར་ཆད་ཅིག་རེད། སྙིང་རྗེ་རྒྱུན་མཐུད་རྒྱུར་བར་དུ་གཅོད་པ་རེད།

དེ་ནི་ངའི་བཀའ་དྲིན་ཅན་གྱི་བརྩེ་བའི་བླ་མ་མཁན་པོ་མུན་སེལ་གྱི་ཤེས་རབ་ཀྱི་ལམ་སྟོན་བརྒྱུད་ནས། ངས་ག་ལེར་ཆེས་མཐའ་མཇུག་ཏུ་རྒྱ་མིའི་ལས་བྱེད་པ་དེ་ཚོས་ང་ལ་བཟོད་སྒོམ་དང་བཏང་སྙོམས་ཀྱི་ཉམས་ལེན་བྱེད་པར་ཕན་ཐོགས་ཧ་ཅང་ཆེན་པོ་ཞིག་བྱུང་འདུག་པ་དེ་རྟོགས་བྱུང་།

དེ་བཞིན་ངའི་དགྲ་བོ་དེ་ཚོ་ནི་ངས་རང་གི་སེམས་ཉིད་རྟོགས་པར་རོགས་རམ་བྱེད་མཁན་དེ་ཡང་རེད་འདུག

འདས་པའི་དུས་སུ། ངས་རྒྱ་མི་དམར་པོ་དེ་ཚོ་ཇི་ལྟར་བོད་ལ་ཡོང་ནས་ཉེས་མེད་མི་མང་དེ་ཚོ་དམར་གསོད་བྱས་པའི་སྐོར་ལ་བསམ་བློ་གཏོང་དུས་ང་ལ་ཁོང་ཁྲོ་ཆེན་པོ་ཞིག་སྐྱེས་མྱོང་། ངས་ང་ལ་རྒོལ་རྡུང་གཏོང་མཁན་རྒྱ་མིའི་དམག་མི་དེའི་མགོ་རུ་མེ་མདའ་བཙུགས་ནས་གཞུ་དུས་དེ་ནི་འཇིགས་སུ་རུང་བ་ཞིག་ཏུ་གྱུར། ཡིད་ཆེས་མིན་གང་ལྟར་ཡང་ངའི་ཚོར་སྣང་ནི་དེ་ལྟར་རེད། ང་རང་མཁན་པོ་མུན་སེལ་རིན་པོ་ཆེ་ལ་དད་གུས་ཤུགས་དྲག་ཅིག་སྐྱེས་པ་དེ་བཞིན་དུ། ངས་རང་གི་ཁོང་ཁྲོའི་སྟེང་དུ་སྒོམ་སྒྲུབ་བྱས་ནས་བསམ་བློ་གཏོར་བརླག་མཁན་དེ་ཚོ་ཇི་ལྟར་སྐྱེ་ལུགས་ལ་བལྟས་པ་ཡིན། ངས་དེ་ལྟར་བྱས་དུས། དེའི་ངར་ཤུགས་མེད་པར་འགྱུར་གྱི་འདུག ངས་ཁོང་ཁྲོའི་བསམ་བློ་དེ་ནི་འཆར་སྒོ་ཙམ་ཞིག་ཡིན་པར་ངོས་འཛིན་བྱས་ཏེ་ཐ་ན་དེའི་རྗེས་ཤུལ་ཙམ་ཡང་བསྐྱུར་མེད། དེ་ནི་སློབ་དཔོན་ཚོས་གསུངས་པའི་རྐུན་མ་ཞིག་ཁང་པ་སྟོང་པའི་ནང་དུ་འཛུལ་བའི་དཔེ་དེ་དང་གཅིག་པ་རེད་འདུག

ཁང་པ་དེའི་ནང་དུ་བརླག་རྒྱུའི་དངོས་པོ་ཅི་ཡང་མེད་པ་དང་། རྐུན་པོ་དེར་འཐོབ་རྒྱུ་ཅི་ཡང་མེད། ཉོན་མོངས་པ་དེ་ཚོ་སྐྱེ་དུས། ང་ཚོས་དེ་ཚོ་ངོས་ཟིན་པ་དང་འབྲེལ་ཁོ་ཚོའི་བཀོད་འདོམ་ལ་ཉན་མི་དགོས། དེ་ཚོས་ང་ཚོའི་ས་ནས་ཅི་ཡང་འཁྱེར་མི་ཐུབ་ལ་ང་ཚོར་གནོད་ཅི་ཡང་སྐྱེལ་མི་ཐུབ།

ངའི་སྒོམ་བྱུང་གི་ཤེས་རབ་དེ་ནི་ངས་རང་གི་བླ་མར་དད་གུས་ཆེན་པོ་བྱས་པ་ལས་བྱུང་བ་ཞིག་རེད། དེ་ནི་དོན་དངོས་སུ་མཁན་པོ་མུན་སེལ་གྱིས་ང་ལ་དམིགས་བསལ་འགྲེལ་བརྗོད་གནང་བ་ལས་བྱུང་བ་ཞིག་རེད། ངས་མཁན་པོ་མུན་སེལ་གྱི་བྱམས་བརྩེ་དང་སྐུ་ཡོན་དེ་ཚོར་བསམ་བློ་གཏོང་དུས། ནུས་སྟོབས་ཆེ་བའི་ཚོར་བ་ཞིག་རང་བྱུང་གིས་ངའི་སྙིང་དབུས་སུ་སྐྱེ་གི་འདུག་ལ། ཚོར་བ་དེ་ནི་ངའི་སྙིང་དབུས་སུ་འཕྱུར་ཡོང་གིན་འདུག དེར་བརྟེན། དེར་བརྟེན་ངས་སྒོམ་སྒྲུབ་ལ་བརྟེན་ནས་གནད་དོན་དཀའ་ངལ་ཅན་མང་པོར་དག་སེལ་བྱས་ཏེ་རང་ཉིད་དོགས་གནད་བསལ་བ་ཡིན། དེ་བཞིན་ངས་རང་ཉིད་ཀྱི་རྩ་བའི་བླ་མ་གཞན་པ་དཔེར་ན་མགར་འཆི་མེད་རྡོ་རྗེས་གསུངས་པ་དེ་ཚོ་ཡང་ཡང་དྲན་གསོ་བྱས་པ་ཡིན།

རྒྱལ་སྲས་ལག་ལེན་སོ་བདུན་མའི་ནང་གི་ཤོ་ལོ་ཀ་སོ་དྲུག་པའི་ནང་དུ་ཤོ་ལོ་ཀ་གཞན་པ་ཚང་མ་འདུས་ཡོད་པ་སྟེ། ཤོ་ལོ་ཀ་དེའི་ནང་དུ།

མདོར་ན་གང་དུ་སྤྱོད་ལམ་ཅི་བྱེད་ཀྱང། །

རང་གི་སེམས་ཀྱི་གནས་སྐབས་ཅི་འདྲ་ཞེས། །

རྒྱུན་དུ་དྲན་དང་ཤེས་བཞིན་ལྡན་པ་ཡིས། །

གཞན་དོན་སྒྲུབ་པ་རྒྱལ་སྲས་ལག་ལེན་ཡིན། །

ཁྱོད་ཀྱིས་ངེས་པར་དུ་དྲན་ཤེས་དང་རིག་པར་བསྟེན་ནས་བྱམས་པ་དང་བརྩེ་བའི་ཉམས་ལེན་བརྗེད་མི་ཉན་པ་དང་། དྲན་ཤེས་ནི་ཉི་མ་ལྟ་བུ་དང་བྱམས་བརྩེ་ནི་ཟླ་བ་ལྟ་བུ་ཞིག་ཡིན། ཉི་མས་སྟོང་པ་ཉིད་མཚོན་པ་དང་ཟླ་བས་བྱམས་བརྩེ་མཚོན། གལ་སྲིད་ཁྱོད་ཀྱིས་དྲན་ཤེས་བསྟེན་པ་ཡིན་ན། དེ་ནས་ཁྱོད་རང་ལ་བསམ་བློ་ག་འདྲ་ཞིག་སྐྱེས་པ་ཡིན་ཡང་དེ་ངོས་འཛིན་ཐུབ་པ་དང་། ཁྱོད་རང་སྦྱོང་བརྡར་འདི་ལ་བརྩོན་འགྲུས་རྩོམ་དགོས། གལ་སྲིད་ཁྱོད་ཀྱིས་དེ་ཚོ་སྐྱེས་པའི་སྐད་ཅིག་མ་དེ་ངོས་འཛིན་ཐུབ་པ་ཡིན་ན། དེ་ནས་འཁྲུལ་སྣང་དེ་ཚོ་ཤེས་རབ་ཀྱི་ཀློང་དུ་འཐིམ་ངེས་རེད། དཔེར་ན་ཤིང་དེ་ཚོ་མེ་རུ་གྱུར་པ་བཞིན།

ཉི་མ་དང་ཉི་མ་སྦྲེལ་ཏེ་ངའི་ཁོང་ཁྲོ་དང་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར།

མཁན་པོ་མུན་སེལ་གྱིས་ནམ་རྒྱུན་ང་ལ། “ཁྱོད་ཀྱིས་རྒྱུན་དུ་གཏོང་ལེན་ཉམས་ལེན་བྱེད་དགོས།” ཞེས་གསུངས། ངས་སྔོན་ཆད་བདག་གཞན་བརྗེ་བའི་གཏོང་ལེན་གྱི་ཉམས་ལེན་སྐོར་སྦྱངས་མྱོང་། དབུགས་ནང་དུ་རྔུབ་དུས་གཞན་གྱི་སྡུག་བསྔལ་རང་སྟེང་དུ་ལེན་པ་དང་། དབུགས་ཕྱིར་འབྱིན་དུས་རང་གི་ཞི་བ་དང་བདེ་སྐྱིད་གཞན་ལ་གཏོང་བའི་དམིགས་པ་བྱེད་དགོས།”

“གང་ལྟར།” ངས་རང་གིས་རང་ལ། “ངས་རང་ཉིད་ཆེས་དཀའ་ཁག་ཅན་གྱི་བཙོན་ཁང་དུ་ཚུད་པའི་སྐབས་འདིར་ཞི་བ་དང་བདེ་སྐྱིད་ཅི་ཞིག་སེམས་ཅན་གཞན་ལ་གཏོང་དགོས་སམ།” ཞེས་དྲིས་པ་ཡིན།

དེ་ནི་མཁན་པོ་མུན་སེལ་གྱི་རྩ་ཆེ་བའི་ལམ་སྟོན་གྱིས་ངས་གཏོང་ལེན་གྱི་གོ་དོན་ངོ་མ་དེ་རྟོགས་པ་ཞིག་ཀྱང་ཡིན། མཁན་པོ་མུན་སེལ་གྱི་དམིགས་བསལ་བློ་སྦྱོང་ལམ་སྟོན་དེ་ཡིས་ང་ལ་ཕན་ཐོགས་གཏིང་ཟབ་ཅིག་བྱུང་། དེ་ཚོ་ནི་ཕྱག་དཔེའི་ཁྲོད་དུ་བྲིས་ཡོད་པ་ཞིག་མ་རེད་ལ། དེ་ནི་ངས་ཐོས་པའི་གཏོང་ལེན་གྱི་ལམ་སྟོན་གཞན་དག་དང་མི་འདྲ་བ་ཞིག་རེད།

སྒོམ་སྒྲུབ་ལས་གཞན་པའི་ལུས་ཕུང་དང་སྐད་ཆ་ལ་བརྟེན་ནས་སྦྱིན་པ་གཏོང་བ་ཞིག་སྟེ། དཔེར་ན་མི་སྡུག་བསྔལ་ཅན་ལ་རོགས་རམ་བྱེད་པ་ལྟ་བུ། མཁན་པོ་མུན་སེལ་གྱིས་ང་ལ་ནང་གི་གཏོང་ལེན་ཏེ། ཉོན་མོངས་པ་ལམ་དུ་འཁྱེར་ཚུལ་ཀྱང་བསླབས་གནང་བྱུང་།

ཁོང་གིས་ང་ལ་ལྟ་བ་འདི་དང་ཉམས་ལེན་འདི་ནི་རྫོགས་ཆེན་གྱི་ཉམས་ལེན་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་གསུངས། ངས་རང་གི་ཚད་མེད་པའི་སྙིང་རྗེ་དེ་ང་ལ་དགའ་བ་དང་མི་དགའ་བའི་འགྲོ་བ་ཀུན་ལ་བཀྲམ་དགོས་པ་ཞིག་ཡིན་པ་རྟོགས་བྱུང་། དེ་ནི་དེ་ཚོའི་སྡུག་བསྔལ་དེ་ཚོ་རང་ཉིད་ཀྱི་སྡུག་བསྔལ་ཅི་བཞིན་ཉམས་སུ་མྱོང་དགོས་པ་དང་། སྙིང་རྗེ་ལ་བརྟེན་ནས་དེ་ཚོའི་སྡུག་བསྔལ་དེ་དག་ལེན་པ་ཞིག་ཡིན། དེ་ནས་དེ་ཚོའི་སྡུག་བསྔལ་དེ་དག་རང་བཞིན་གྱིས་ངའི་སྟེང་དུ་ཡོང་བ་དང་། དེ་ནི་ངས་རང་གི་བྱམས་བརྩེ་དེ་འགྲོ་བ་ཀུན་ལ་མཁོ་སྤྲོད་བྱེད་པ་ཞིག་རེད། ཕྱི་ཡི་གཏོང་ལེན་དེ་ནི་ནང་གི་གཏོང་ལེན་ལེགས་འགྲུབ་འབྱུང་མིན་ལ་རག་ལས་ཡོད།

“གལ་སྲིད་ཁྱོད་ཀྱིས་དེ་ཡང་དག་པ་ཞིག་རྟོགས་པ་ཡིན་ན། གཏོང་ལེན་གྱི་གོ་དོན་ངོ་མ་དེ་ནི་རང་དང་གཞན་ཞེས་གཉིས་སུ་དབྱེ་རྒྱུ་མེད་པ་ཞིག་ལ་ཟེར་བ་ཡིན། དོན་དམ་པར་རང་དང་གཞན་ཞེས་པ་ཞིག་ཁ་ཁར་མེད། ཁྱོད་ལ་བརྩེ་བ་ཡོད་དུས་དེ་རང་བཞིན་གྱིས་འགྲོ་བ་ཀུན་ལ་ཁྱབ་འགྲོ་གི་ཡོད། ནམ་ཞིག་ཁྱོད་ཀྱིས་རང་གི་ཉོན་མོངས་པ་དེ་ཚོ་ངོས་ཟིན་པ་དང་སྤོང་ཐུབ་དུས། ཁྱོད་ཀྱིས་སེམས་ཅན་གཞན་དག་གི་ཉོན་མོངས་དེ་ཚོ་སྤོང་བར་ཡང་རོགས་རམ་བྱེད་ཐུབ། ནམ་ཞིག་སྡུག་བསྔལ་དེ་ཚོ་མངོན་དུ་གྱུར་དུས། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དེ་ཚོ་ལེན་པའི་དམིགས་པ་སྐྱོངས། ཁྱོད་རང་དེ་ཚོའི་ཚབ་མཚོན་དུ་གྱུར་པ་དང་འབྲེལ་དེའི་སྟེང་དུ་དམིགས་རྣམ་སྐྱོངས། ཉིན་ཞིག ཁྱོད་ཀྱིས་རང་ཉིད་དང་གཞན་པའི་བར་དུ་ཁྱད་པར་མེད་པ་དང་། སྡུག་བསྔལ་དང་བདེ་སྐྱིད་གཉིས་ཀྱི་བར་དུ་ཡང་ཁྱད་པར་མེད་པའི་ངེས་ཤེས་ཤིག་རྙེད་ཐུབ་ཀྱི་རེད། དེ་ཡང་གསལ་བོར་བཤད་ན་གསང་བའི་གཏོང་ལེན་རེད།”

བཙོན་ཁང་ནང་མཁན་པོ་མུན་སེལ་རིན་པོ་ཆེར་མཇལ་བ། དང་པོ།

བཙོན་ཁང་དུ་མཁན་པོ་མུན་སེལ་རིན་པོ་ཆེར་མཇལ་བ། གཉིས་པ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༨ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese