མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་མང་པོས་སྔ་རྗེས་སུ་རྒྱ་ནག་རྒྱལ་ཡོངས་ཀྱི་གཟེངས་རྟགས་བླངས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༡/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་སྡུར་ནང་བོད་མི་མཉམ་ཞུགས་མཁན་ལོ་རེ་ནས་ཇེ་མང་དུ་འགྲོ་ཡི་ཡོད་ཅིང་། འདི་ལོའི་རྒྱལ་ཡོངས་འགྲན་སྡུར་ཁྲོད་བོད་མདོ་དབུས་ཁམས་གསུམ་གྱི་མི་བཅུ་ནས་གསེར་དངུལ་ཟངས་གསུམ་བཅས་ཀྱི་གཟེངས་རྟགས་བླངས་ཡོད་འདུགསྐབས་བཅུ་བཞི་པའི་རྒྱ་ནག་རྒྱལ་ཡོངས་ཀྱི་རྒྱུག་མཆོང་འཕེན་གསུམ་གྱི་ལུས་རྩེད་འགྲན་ཚོགས་ཚོགས་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སྐྱེས་པའི་རྒྱང་རྒྱུག་འགྲན་སྡུར་གྱི་ཁྲོད་བོད་ཀྱི་ལུས་རྩལ་བ་རིན་ཆེན་དོན་གྲུབ་ཀྱིས་ཆུ་ཚོད་ ༢ དང་སྐར་མ་ ༡༤ ཡི་གྲུབ་འབྲས་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་ཡོད་པ་དང་། བོད་ཀྱི་ལུས་རྩལ་བ་བཀྲ་ཤིས་ཚེ་རིང་གིས་སྐྱེས་པའི་སྨི་ ༣༠༠༠ ཅན་གྱི་བཀག་ལྡན་རྒྱང་རྒྱུག་ཁྲོད་སྐར་མ་ ༨ དང་སྐད་ཆ་ ༤༩ ལྷག་གི་གྲུབ་འབྲས་བླངས་ཏེ་ཨང་གཉིས་པའི་དངུལ་གྱི་རྟགས་མ་ཐོབ་ཡོད་པ་རེད།

ཡང་ཟླ་འདི་ཚེས་ ༢༡ ཉིན་གྱི་ཕྱི་དྲོར་རྟ་རྩལ་གྱི་མཉམ་སྡེབ་འགྲན་སྡུར་གྱི་ཁྲོད་བོད་ཀྱི་ལུས་རྩལ་བ་སྤེན་པ་ཚེ་རིང་དང་། སྐལ་བཟང་ཕུན་ཚོགས། བཀྲ་ཤིས། བསྟན་འཛིན་བློ་བརྟན་བཅས་ཀྱིས་ཨང་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་པ་དང་། མི་སྒེར་གྱི་རྟ་རྩལ་འགྲན་སྡུར་གྱི་ཁྲོད་བོད་ལྗོངས་རུ་ཁག་ཟེར་བ་དེའི་བོད་རིགས་ལུས་རྩལ་བ་སྐལ་བཟང་ཕུན་ཚོགས་ཀྱིས་ཀྱང་མཉམ་ཞུགས་བྱས་ཏེ། ཨང་གསུམ་པ་བླངས་ནས་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་རེད།

དེ་བཞིན་ཟླ་འདིའི་ཚེས་ ༢༤ ཉིན་བོད་ཀྱི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ཀྱིས། བུད་མེད་ཀྱི་སྤྱི་ལེ་ ༢༠ ཅན་གྱི་འདུར་རྒྱུག་ཁྲོད་དུ་ཆུ་ཚོད་ ༡ དང་སྐར་མ་ ༢༧ ལྷག་ཙམ་ནང་ཨང་གཉིས་པའི་གྲུབ་འབྲས་བླངས་ཏེ་དངུལ་གྱི་རྟགས་མ་ཐོབ་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་རྐང་ཚ་ནས་ཡིན་པའི་བོད་ཀྱི་ལུས་རྩལ་བ་བཀྲ་ཤིས་གཡང་འབུམ་གྱིས། སྐྱེས་པའི་སྤྱི་ལེ་ ༥༠ ཅན་གྱི་འདུར་རྒྱུག་ཁྲོད་ཚུ་ཚོད་ ༣ དང་སྐར་མ་ ༤༨ རིང་གི་གྲུབ་འབྲས་བླངས་ཏེ། ཨང་རིམ་གསུམ་པའི་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་རེད་འདུག

ཉེ་སྔོན་བོད་ཀྱི་རྒྱང་རྒྱུག་པ་སྟོབས་རྒྱལ་ལགས་ཀྱིས་སྐྱེས་པའི་སྨི་ ༡༠༠༠༠ དང་སྨི་ ༥༠༠༠ ཅན་གྱི་རྟིང་རྩོད་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་ཡོད་ལ། ཁོང་གིས་རྒྱ་ནག་རྒྱལ་ཡོངས་ནས་ལོ་གཉིས་བསྟུན་མར་ཨང་རིམ་དང་པོའི་གསེར་གྱི་རྟགས་མ་བླངས་ཡོད་འདུག གཞན་ཡང་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་རུ་ཁག་གི་ལུས་རྩལ་བ་པདྨ་མ་གཡུ་སྒྲོན་ལགས་ཀྱིས། རྒྱ་ནག་རྒྱལ་ཡོངས་ཀྱི་ལུས་རྩལ་འགྲན་ཆོགས་སྟེང་བྲག་འཛེགས་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་སྟེ།  ཁོང་མོར་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་རེད་འདུག

རྒྱ་ནག་གི་རྒྱལ་ཡོངས་ལུས་རྩལ་འགྲན་སྡུར་ཁྲོད་བོད་མི་ལུས་རྩལ་བ་མཉམ་ཞུགས་གནང་མཁན་ལོ་རེ་བཞིན་ཇེ་མང་དུ་འགྲོ་ཡི་ཡོད་པ་ལྟར། འདི་ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་སྡུར་ཁྲོད། ད་བར་བོད་ཀྱི་ལུས་རྩལ་པ་རྣམས་ལ་གསེར་གྱི་རྟགས་མ་ ༣ དང་། དངུལ་གྱི་རྟགས་མ་ ༢། ཟངས་ཀྱི་རྟགས་མ་ ༣ བཅས་ཐོབ་ཡོད་པ་རེད།

དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།
Mobile App

ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་རྣམ་གཉིས་ལ་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་ཅེས་གསུངས་སོང་།

༢༠༢༥/༡༢/༠༦
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཉམས་ཞིབ་པ་རྣམ་པས་་གཏམ་བཤད་གནང་བ། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།
Mobile App

ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་བཅོས་སྒྲིག་དང་རྫུན་བཟོས་བྱས་ཡོད་སྐོར་བརྗོད།

༢༠༢༥/༡༢/༠༦
Photo Credit : Free Tibet
Mobile App

ཚེ་རིང་མཚོ་ལགས་བཟང་བཙོན་འོག་བཅུག་ཡོད་འདུག

༢༠༢༥/༡༢/༠༦
Mobile App

རྒྱ་ནག་གཞུང་གི་མདའ་སྐད་གླིང་བསྒྱུར་གྱི་མི་རིགས་སྲིད་ཇུས་གསར་བ། 

༢༠༢༥/༡༢/༠༦
Mobile App

རྒྱ་ནག་ནང་བཙན་བྱོལ་གྱི་བུད་མེད་དགུས་ངོ་རྒོལ་བྱས་པའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༥/༡༢/༠༥
Mobile App

སྐལ་རྡོར་ལགས་ཀྱི་འོས་བསྡུའི་འགྲོ་གྲོན་ག་ནས་ཡོང་གི་ཡོད་རེད།

༢༠༢༥/༡༢/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese