མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ཁྲིམས་བཤེར་བྱས་ཡོད་པའི་ལན་འདེབས་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་གིས་རྩོམ་པ་པོ་གྲགས་ཅན་སྒོ ཤེས་རབ་རྒྱ་མཚོ་ལགས་སུ་ཁྲིམས་བཤེར་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འབྲེལ་ཡོད་ལས་ཁུངས་ཀྱི་རྩད་ཞིབ་ལ་ལན་འདེབས་བྱས་པའི་ཡིག་ཆའི་ནང་། འདས་ལོར་གར་སོར་ཆ་མེད་དུ་གྱུར་བའི་བོད་ཕྱི་ནང་གཉིས་སུ་གྲགས་ཆེ་བའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ། ཁ་བྲལ་སྐུལ་སློང་བྱས་པའི་དོགས་གཞིའི་འོག   ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཁྲིམས་བཤེར་བྱས་ཡོད་ལུགས་དང་། དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་འཛིན་བཟུང་བྱས་ཏེ། ཁ་བྲལ་ལ་ངན་སྐུལ་བྱས་པའི་ནག་ཉེས་འོག་ལོ་ ༤ དང་ཕྱེད་ཀ་བཙོན་འཇུག་བྱས་པའི་རྔ་བ་སྣང་ཞིག་དགོན་པའི་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་འཛིན་བཟུང་བཙོན་འཇུག་གི་གནས་ཚུལ་རྣམས་ཁོང་གི་ནང་མིར་གསང་བ་བྱས་མེད་ལུགས་བཤད་འདུག་ཀྱང་། ཁོང་གི་ནང་མི་ཚོས་རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ལོ་ ༢༠༡༩ ནས་བཟུང་ད་བར་ཁོང་གི་གནས་ཚུལ་ཙམ་ཡང་བཤད་མེད་པ་མ་ཟད། ད་བར་ཐུག་འཕྲད་བྱེད་མ་ཐུབ་པར་ལྷག་ཡོད་འདུག

རྒྱ་ནག་གཞུང་གི་ལན་འདེབས་དེའི་ནང་། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ཁ་བྲལ་ལ་ངན་སྐུལ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༣ ཉིན་ལྷ་སའི་ཉེས་དོན་རྩད་ཞིབ་ལས་ཁུངས་ཀྱིས་ཁོང་ལ་ནག་ཉེས་བཙུགས་ཏེ། ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཁོང་གི་ཉེས་དོན་ལ་ཁྲིམས་བཤེར་བྱས་ཏེ། ད་ལྟའི་ཆར་ཁྲིམས་ཆད་གསལ་བསྒྲགས་བྱས་མེད་ལུགས་དང་། དེ་བཞིན་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ཁྲིམས་བཤེར་བྱས་ཡོད་པ་མ་ཟད། ཁོང་གི་ནང་མི་རྣམས་ལ་ཁོང་གི་འཛིན་བཟུང་སྐོར་གྱི་གནས་ཚུལ་རྣམས་བཤད་ཡོད་ཚུལ་བརྗོད་འདུག འོན་ཀྱང་ད་བར་སྒོ་ཤེས་རབ་རྒྱ་མཚོ་ལགས་ཀྱི་ནང་མི་དང་ཉེ་འབྲེལ་གཅིག་ལའང་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད།

དེ་བཞིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཕྱི་ལོ་ ༢༠༡༩ ཟླ་ ༨ ཚེས་ ༢ ཉིན་ཁ་བྲལ་ལ་སྐུལ་སློང་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༧ ཉིན་རྔ་བ་ཁུལ་གྱི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་གྲྭ་རིན་ཆེན་ཚུལ་ཁྲིམས་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱས་པའི་ནག་ཉེས་འོག་ལོ་ ༤ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་ཐོག ལོ་ ༣ རིང་ཆབ་སྲིད་ཀྱི་ཐོབ་ཐང་རྣམས་བཀག་སྐྱིལ་བྱས་ཡོད་ལུགས་བཤད་ཡོད། དེ་ཡང་གྲྭ་རིན་ཆེན་ཚུལ་ཁྲིམས་ཀྱིས་རྒྱལ་ཁབ་ཁ་བྲལ་ལ་དམིགས་ཏེ། སྐད་འཕྲིན་ནང་བརྙན་པར་དང་ཡིག་ངག་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་ས་ཁོངས་བདག་དབང་ལ་གནོད་པའི་བྱ་འགུལ་སྤེལ་ཡོད་པ་མ་ཟད། སྤྱི་ཚོགས་བརྟན་བརླིང་ལ་གནོད་པའི་བྱ་སྤྱོད་སྤེལ་ཡོད་ཚུལ་བཤད་འདུག

ད་དུང་རྒྱ་ནག་གཞུང་གི་ལན་འདེབས་ནང་། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་རང་གི་ནག་ཉེས་ངོས་ལེན་ཞུས་ཡོད་པ་དང་། ད་ལྟའི་ཆར་ཁོང་རྔ་བ་ཁུལ་གྱི་བཙོན་ཁང་ཞིག་ནང་བཙོན་འཇུག་ཁྲིམས་ཆད་མྱོང་བཞིན་ཡོད་ལུགས་དང་། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་འཛིན་བཟུང་བཀག་ཉར་གྱི་གནས་ཚུལ་རྣམས་ཁོང་གི་ནང་མིར་གསང་བ་བྱས་མེད་ལུགས་བཤད་འདུག་ཀྱང་། འདི་གའི་གསར་འགོད་པས་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་ཀྱི་འབྲེལ་ཡོད་མི་སྣ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༩ ནས་བཟུང་ད་བར་རྒྱ་ནག་གཞུང་གིས་ཁོང་དང་ཁོང་གི་ཕ་མ་གཉིས་ཐུག་འཕྲད་བྱ་རུ་བཅུག་མེད་པ་དང་། འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྔ་བའི་ཉེན་རྟོག་ལས་ཁུངས་ཀྱིས་ཁོང་གི་ནང་མིར་འབྲེལ་བ་བྱས་ཏེ་ཁོང་དང་ཐུག་འཕྲད་བྱ་རྒྱུའི་དུས་ཚོད་སྤྲད་རྒྱུ་ཡིན་ལུགས་བརྗོད་འདུག་ཀྱང་ད་བར་ཐུག་འཕྲད་བྱུང་ཐུབ་མེད་པ་དང་། ད་ལྟའི་ཆར་ཁོང་གི་ནང་མི་རྣམས་ཀྱིས་ཁོང་འཚོ་བཞུགས་ཡིན་མིན་དང་ཁོང་གི་གཟུགས་པོའི་གནས་སྟངས་ཇི་འདྲ་ཡིན་མིན་ཐད་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག

ད་ལན་གྱི་གནས་ཚུལ་དེ་ནི་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༦ ཉིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གར་སོང་ཆ་མེད་ཀྱི་ལས་དོན་ཚན་པ་ (Working Group on Enforced or Involuntary Disappeatances) དང་། གང་བྱུང་འཛིན་བཟུང་བཙན་འཁྲིད་ལས་དོན་ཚན་པ་ (Working Group on Arbitrary Detention)། གྲངས་ཉུང་མི་རིགས་ལས་དོན་གྱི་དམིགས་བསལ་སྐུ་ཚབ་ (Special Rapporteur on Minority Issues)། ཆོས་ལུགས་དང་ཆོས་དད་རང་དབང་གི་དམིགས་བསལ་སྐུ་ཚབ་ (Special Rapporteur on Freedom of Religion or Belief) བཅས་ཚན་པ་བཞིའི་ངོས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སྐོར་རྩད་ཞིབ་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་རྒྱ་ནག་གཞུང་གིས་དེར་ལན་འདེབས་བྱས་པ་ཞིག་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese