མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༢ པ་གཞུང་འབྲེལ་སྲུང་གཙི་ཞུས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་ནས་བོད་པའི་འཐབ་རྩོད་འདི་ཡང་མེས་པོ་དམ་པ་གྷན་དྷི་མཆོག་གི་ཐབས་ལམ་ཐོག་ནས་སྐྱོད་སྡོད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་སོགས་ལྷན་འཛོམས་ཐོག རྒྱ་གར་གྱི་རང་བཙན་འཐབ་རྩོད་པ་དང་མེས་པོ་དམ་པ་གྷན་དྷི་མཆོག་གི་འཁྲུངས་སྐར་ཐེངས་ ༡༥༢ པ་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་ཏེ། སྲིད་སྐྱོང་མཆོག་ནས་རྒྱ་ནག་ཙམ་དུ་མ་ཟད་འཛམ་གླིང་ཡོངས་ཀྱིས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་འཚེ་མེད་ཞི་བའི་ལས་འགུལ་ནས་བསླབ་བྱ་བླང་དགོས་སྐོར་གསུངས་སོང་།

གཞུང་འབྲེལ་གྱི་མཛད་སྒོའི་ཐོག་མར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་སྐུ་པར་མདུན་དུ་མར་མེ་བསྒྲོན་ཏེ་གསར་འགོད་པར། གྷན་དྷི་མཆོག་ལ་སེམས་པ་ཆེན་པོ་ཞེས་ཆེ་མཐོང་གིས་འབོད་ཀྱི་ཡོད་པ་རེད། དེ་ལྟར་འབོད་དགོས་དོན་ནི། ཁོང་གིས་འཚེ་བ་མེད་པའི་ཐོག་ནས་རྒྱ་གར་མི་མང་གི་མགོ་ཁྲིད་དེ་དབྱིན་ཇིའི་གཞུང་ནས་རྒྱ་གར་རང་བཙན་རག་ཐུབ་པའི་གནས་བབ་བྱུང་བ་རེད། འཚེ་བ་མེད་པའི་ལས་འགུལ་སྤེལ་བ་དེས་འཛམ་གླིང་ནང་དཀའ་རྙོག་གང་འདྲ་ཞིག་ཡིན་ནའང་སེལ་ཐུབ་ཀྱི་ཡོད་པའི་རྣམ་པ་དང་མིག་དཔེ་ཤུགས་ཆེན་པོ་ཞིག་བསྟན་ཡོད་ལ། དེ་ལ་བརྟེན་ནས་ཨ་རིིའི་ནང་གི་མར་ཊིན་ལུ་ཐར་ཀིངྒ་གིས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་འཐབ་རྩོད་ལ་སྣེ་ཁྲིད་པ་དང་། ལྷོ་ཨ་ཧྥེ་རི་ཀའི་ནང་ནལ་སན་མན་དྷ་ལ་མཆོག་གིས་མི་རིགས་དབྱེ་འབྱེད་ཀྱི་འཐབ་རྩོད་ལ་སྣེ་ཁྲིད་པ། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་ཝ་སི་ལབ་ཧ་ཝལ་ (Vaclav Havel) གྱིས་སྣེ་ཁྲིད་པ་སོགས་འཛམ་གླིང་ཁྱོན་ཡོངས་སུ་འཚེ་བ་མེད་པའི་ལས་འགུལ་ཐོག་ནས་འཛམ་གླིང་གི་དཀའ་རྙོག་སེལ་ཐུབ་པའི་གནས་བབ་དེ་གྲུབ་ཐུབ་པ་རེད། ད་ལྟ་གཙོ་བོ་༸གོང་ས་མཆོག་གིས་དབུས་ཁྲིད་པའི་ཐོག ང་ཚོ་ནང་པ་ཡིན་པའི་ཆ་ནས་འཚེ་བ་མེད་པ་དང་བྱམས་བརྩེའི་ལྟ་གྲུབ་གཉིས་ལ་བརྟེན་ནས་འགྲོ་ཡི་ཡོད་པ་རེད། འཚེ་བ་མེད་པའི་ཐོག་ནས་འགྲོ་རྒྱུ་དེ་བོད་པའི་འཐབ་རྩོད་ཀྱི་འགན་ལྟ་བུ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོས་རེ་བ་ལ་དུས་ཀྱི་འགྱུར་བ་འགྲོ་ཡི་ཡོད་ནའང་བོད་པའི་འཐབ་རྩོད་དེ་འཚེ་མེད་ཞི་བའི་ཐོག་ནས་སེལ་ཐུབ་པ་ཡིན་ན། འཛམ་གླིང་ལ་མིག་དཔེ་ཡང་བསྐྱར་འཇོག་ཐུབ་ཀྱི་ཡོད་རེད། ལྷག་པར་དུ་བོད་པའི་གནས་སྟངས་དེ་ཕྲན་བུ་མི་འདྲ་བ་རེད། རྒྱ་གར་ལྟ་བུ་ཡིན་ན་སྐབས་དེ་དུས་མི་འབོར་ཆེན་པོ་རེད་ལ། སྐུ་དབང་འཛིན་མཁན་དེ་དབྱིན་ཇི་ལུང་པ་རེད། དབྱིན་ཇི་ལུང་པ་དེ་ཐུག་རིན་པོ་ཡིན་པ་མ་ཟད་མི་འབོར་ཡང་ཉུང་བ་རེད། འོན་ཀྱང་ད་ལྟ་བོད་ཀྱི་གནས་སྟངས་ལྟ་བུ་ཡིན་ན་བོད་ཀྱི་ས་ཆ་རྒྱ་ཆེན་པོ་ཡིན་ནའང་མི་འབོར་ཆུང་ཆུང་ཡིན་པ་དང་། རྒྱ་ནག་གི་མི་འབོར་ཧ་ཅང་ཆེན་པོ་ཡིན་དུས། གནས་སྟངས་རྩ་བའི་ཆ་ནས་མི་འདྲ་བ་ཡིན་ནའང་། འཚེ་བ་མེད་པ་དང་དྲང་བདེན་ཟེར་བའི་ནུས་པ་དང་སྟོབས་དེ་ཡལ་འགྲོ་རྒྱུ་ཞིག་ཡོད་པ་མ་རེད། དེར་བརྟེན་བོད་པའི་འཐབ་རྩོད་འདི་ཡང་མེས་པོ་དམ་པ་གྷན་དྷི་མཆོག་གི་ཐབས་ལམ་ཐོག་ནས་སྐྱོད་སྡོད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. Gendun says:
    ལོ་ 4 སྔོན།

    མེས་པོ་དག་པ་གྷན་དྷི་མཆོག་གི་་་་་མེས་པོ་དམ་པ་་་་་་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese