མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པ་ཀི་སི་ཐན་ནང་ས་ཡོམ་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཐེབས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

པ་ཀི་སི་ཐན་ནང་ས་འགུལ་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། ད་ལྟ་ད་དུང་ཡང་གནོད་སྐྱོན་ཐེབས་པའི་མིའི་གྲངས་འབོར་ཇེ་མང་དུ་འགྲོ་ཡི་ཡོད་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། དེ་རིང་སྔ་དྲོའི་ཆུ་ཚོད་ ༥ ཡས་མས་ཤིག་ལ་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་མངའ་སྡེ་བྷ་ལོ་ཆི་སི་ཐན་ (Balochistan) ཞེས་པའི་ཁུལ་གྱི་ (Quetta) རྫོང་དང་ (Harnai) རྫོང་གི་ཉེ་འགྲམ་དུ་ས་ཡོམ་བྱུང་སྟེ་ཡུལ་མི་ ༢༠ ཙམ་རྐྱེན་འདས་དང་མི་གྲངས་ ༡༥༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག

ས་ཡོམ་གྱི་གོད་ཆག་དེ་སྔ་དྲོར་བྱུང་བར་བརྟེན་སྐབས་དེ་དུས་ཡུལ་མི་ཚང་མ་གཉིད་ཁུགས་པའི་དུས་ཚོད་ཡིན་འདུག་པ་དང་། གོད་ཆག་གིས་འདམ་བག་གི་ཁང་མིག་དང་གཞུང་གི་ཁང་པ་ ༡༠༠ ལྷག་གཏོར་སྐྱོན་བཏང་ཡོད་པ་མ་ཟད།  ད་དུང་རྨས་སྐྱོན་ཕོག་པའི་མི་མང་དེ་དག་ལ་སྲང་ལམ་དུ་སྨན་བཅོས་བྱེད་དགོས་བྱུང་ཡོད་པ་དང་། གནོད་སྐྱོན་ཐེབས་པའི་མི་གྲངས་ཇེ་མང་དུ་འགྲོ་ཡི་ཡོད་པ་རེད།

མངའ་སྡེ་བྷ་ལོ་ཆི་སི་ཐན་གྱི་རང་བྱུང་རྐྱེན་ངན་ཚན་པའི་འཛིན་སྐྱོང་འགན་འཛིན་ནཱ་ཟིར་ནཱ་སར་ (Naseer Nasar) ལགས་ཀྱིས། མི་གྲངས་ ༡༥ དང་ ༢༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་རྐྱེན་འདས་ཀྱི་གྲངས་ཚད་ཇེ་མང་དུ་འགྲོ་སྲིད་པ་རེད། ཧར་ནའེ་(Harnai) རྫོང་ནི་རི་མང་པོ་ཡོད་སའི་ས་ཆ་ཁུག་ཀྱོག་ཞིག་ཡིན་པ་དང་། ། གློག་དང་ལག་ཐོགས་ཁ་པར། དེ་བཞིན་གཞུང་ལམ་སོགས་ཀྱི་མཐུན་རྐྱེན་ལེགས་པོ་མེད་པ་ལ་བརྟེན་ནས་ཉེན་སྐྱོབ་འགོག་རྐྱེན་བཟོས་ཤིང་ས་ཁུལ་དེར་གནོད་རྐྱེན་ཚབས་ཆེན་བྱུང་འདུག  དེ་བཞིན་ (Quetta) རྫོང་དུའང་ས་ཡོམ་གྱིས་གནོད་སྐྱོན་ཐེབས་ཏེ། ད་ལྟའི་ཆར་ཡུལ་དེ་གཉིས་ནང་མྱུར་སྐྱོབ་ལས་དོན་བསྒྲུབས་དང་སྒྲུབ་མུས་ཡིན་འདུག

དེ་འབྲེལ་ཐད་པ་ཀི་སི་ཐན་གྱི་རྒྱལ་ཡོངས་ས་ཡོམ་བརྟག་དཔྱད་ཁང་ (National Center for Seismology) གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལན་གྱི་ས་ཡོམ་དེ་སྔ་དྲོའི་ཆུ་ཚོད་ ༣།༣༠ ཙམ་ལ་ཚད་རིམ་ ༦ དང་གཏིང་ཚད་སྨི་ ༡༠ ཅན་གྱི་ས་འགུལ་དང་པོ་བྱུང་བ་དང་། དེ་ནས་སྔ་དྲོའི་ཆུ་ཚོད་ ༥།༣༠ ཙམ་ལ་པ་ཀི་སི་ཐན་གྱི་བྷ་ལོ་ཆི་སི་ཐན་མངའ་སྡེའི་ཁུལ་དུ་ཚད་རིམ་ ༤།༢ ཅན་དང་གཏིང་ཚད་སྨི་ ༢༢ ཙམ་གྱི་ས་འགུལ་རིམ་པ་གཉིས་པ་དེ་བྱུང་ཡོད་སྐོར་བརྗོད་འདུག

ཧར་ནའེ་རྫོང་གི་རྫོང་དཔོན་སོ་ཧེལ་ཨན་ཝར་ (Sohail Anwar) ལགས་ཀྱིས། ཁུལ་དེར་ས་ཡོམ་བྱུང་སྟེ་ཁང་པའི་ཐོག་དང་རྩིག་པ་སོགས་རྡིབ་སྐྱོན་བྱུང་སྟེ་མི་མང་ཕལ་ཆེ་བ་ཉེན་ཁའི་གནས་ལ་ཡོད། བྷ་ལོ་ཆི་སི་ཐན་ཁུལ་གྱི་གཞུང་དང་སྒེར་གྱི་ཁང་པ་མང་པོ་ཞིག་གོད་ཆག་གིས་གཏོར་སྐྱོན་བཏང་འདུག་ལ། རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ཇེ་མང་དུ་འགྲོ་སྲིད་པས། ས་འགུལ་བྱུང་ཁུལ་དུ་མྱུར་སྐྱོབ་ཚན་པས་རོགས་སྐྱོར་བྱེད་མུས་ཡིན། ཞེས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༨ ཉིན་པ་ཀི་སི་ཐན་རྒྱལ་ཁབ་ཏུ་ཚད་རིམ་ ༧།༦ ཅན་གྱི་ས་ཡོམ་བྱུང་སྟེ་མི་གྲངས་སྟོང་ཕྲག་ ༨༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་གོད་ཆག་འདིའི་རྐྱེན་གྱིས་མི་མང་ས་ཡ་ ༣།༥ ཙམ་ཞིག་ཁྱིམ་མེད་ཅན་དུ་འགྱུར་འདུག  གཞན་ཡང་ཕྱི་ལོ་ ༢༠༠༨ ལོར་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་ལྷོ་ནུབ་ཁུལ་དུ་ཚད་རིམ་ ༦།༥ ཅན་གྱི་ས་ཡོམ་བྱུང་སྟེ་མི་གྲངས་ ༡༥༠ ཙམ་རྐྱེན་འདས་དང་མི་གྲངས་ ༡༠༠ ལྷག་ལ་རྨས་སྐྱོན་ཕོག་འདུག་ལ་། ཕྱི་ལོ་ ༢༠༡༣ ལོར་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ཁུལ་དུ་ཚད་རིམ་ ༧།༧ ཅན་གྱི་ས་ཡོམ་བྱུང་སྟེ་མི་གྲངས་ ༨༠ ཙམ་རྐྱེན་འདས་སུ་ཕྱིན་འདུག  ཕྱི་ལོ་ ༢༠༡༥ ཟླ་ ༡༠ ནང་པ་ཀི་སི་ཐན་དང་ཨབ་གྷ་ནི་སི་ཐན་གྱི་རྒྱལ་ཁབ་གཉིས་ལ་ཚད་རིམ་ ༧།༥ ཅན་གྱི་ས་ཡོམ་བྱུང་སྟེ་མི་གྲངས་ ༤༠༠ ཙམ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོར་པ་ཀི་སི་ཐན་རྒྱལ་ཁབ་ཀྱི་བྱང་ཕྱོགས་ཁུལ་དང་ (Kashmir) ས་ཁུལ་དུ་ཚད་རིམ་ ༥།༦ ཅན་གྱི་ས་ཡོམ་བྱུང་སྟེ་མི་གྲངས་ ༢༢ རྐྱེན་འདས་དང་མི་གྲངས་ ༧༠༠ ལྷག་ལ་རྨས་སྐྱོན་ཕོག་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese