མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདེམས་ཐོན་སྤྱི་འཐུས་ཚང་མས་བསྐྱར་དུ་བཅའ་ཁྲིམས་དོན་ཚན་ ༤༧ པའི་འོག་དམ་བཅའ་འབུལ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༡༢།༣༠ སྟེང་བོད་མི་མང་སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་ཀྱི་ནང་མོལ་ཚོགས་འདུའི་གཙོ་སྐྱོང་བ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་སྒྲོལ་མ་ཚེ་རིང་ལགས་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ཆར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྣམས་ཀྱི་དམ་འབུལ་ཞུ་ཕྱོགས་ཀྱི་དཀའ་རྙོག་དང་འབྲེལ་བའི་ཐད་འདེམས་ཐོན་སྤྱི་འཐུས་རྣམ་པས་ནང་མོས་ཚོགས་འདུ་འཚོགས་ཏེ། བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༢ པའི་དགོངས་དོན་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ལམ་སྟོན་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུས་ཏེ། ཁ་སང་ཕྱི་ཚེས་ ༦ ཉིན་༧མགོན་པོ་མཆོག་ནས་སྩལ་གནང་མཛད་པའི་བཀའ་ཡིག་རིན་པོ་ཆེའི་ལམ་སྟོན་དོན་ཚན་དང་པོ། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁུངས་ཀྱིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ། ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲི་དོན་གཞིར་བཟུང་དམ་འབུལ་ཞུ་རྒྱུ། ཞེས་པའི་དགོངས་དོན་ཤར་བསྐྱོད་བྱ་རྒྱུའི་སྤྱི་མོས་བྱུང་སྟེ། སང་ཉིན་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་བདམས་ཐོན་སྤྱི་འཐུས་ ༤༥ རྣམ་པས་བཅའ་ཁྲིམས་དོན་ཚན་ ༤༧ གཞིར་བཟུང་བསྐྱར་དུ་དམ་བཅའ་འབུལ་གཏན་འཁེལ་འདུག

Elected TPiE member Dolma Tsering (L) and Khenpo Sonam Tenphel (R) addressing the press conference on 7th October, 2021. Photo: Tibet Times

༧གོང་ས་རྒྱལ་བ་རིན་པོ་མཆོག་ནས་སྩལ་གནང་མཛད་པའི་བཀའ་ཡིག་རིན་པོ་ཆེའི་ནང་། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ནས་བཟུང་བོད་མིའི་སྒྲིག་འཛུགས་ངེས་དོན་ཁྲིམས་ཀྱི་དབང་བསྒྱུར་འོག་ཤར་བསྐྱོད་ཀྱིས་མང་གཙོའི་ཀ་བ་གསུམ་ལྗིད་མཉམ་སྟངས་འཛིན་གྱི་ལམ་ནས་སྲིད་དབང་བསྐྱང་རྒྱུའི་ཉམས་གསོག་མགོ་འཛུགས་ཀྱིས་ལོ་ངོ་བཅུ་ལྷག་སོང་སྟེ། ཁྲིམས་ཀྱི་དབང་བསྒྱུར་སྲ་བརྟན་ཡིད་ཆེས་འཕེར་བ་བྱུང་མཚམས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཙེས་ ༢༩ ནས་བཟུང་ངོས་ནས་སྔར་ལམ་བོད་རྒྱལ་ཁབ་དང་གཞུང་གི་གཙོ་འཛིན་གྱི་འགན་དབང་རྒྱུན་སྐྱོང་མ་དགོས་པར་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་༧རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བསྐྱངས་པའི་བོད་ཀྱི་སྲིད་དབང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱིས་བསྐྱང་རྒྱུའི་གོ་སྐབས་སུ་སོན་པར་དགའ་སྤོབས་དང་འབྲེལ། མང་གཙོའི་ཀ་བ་གསུམ་གའི་སྣེ་མོ་བ་ཡོངས་ཀྱིས་ལས་ཁུར་བླང་སྐབས་ “བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་ཀྱི་ཐོག་ནས་”ཞེས་དམ་འབུལ་བྱ་སྲོལ་ལ་བརྟེན་ཚང་མས་བཅའ་ཁྲིམས་ཀྱི་ཚངས་ཐིག་ལས་མི་བརྒལ་བར་འདྲ་མཉམ་དྲང་བདེན་གྱིས་ཆབ་སྲིད་བསྐྱངས་ཏེ། ༧རྒྱལ་དབང་ན་རིམ་གྱི་དབུ་ཁྲིད་མེད་པའི་སྟོང་ཆ་ནམ་ཡང་མི་མངོན་པའི་གདེང་སྤོབས་བྱས་པ་ཡིན། ཞེས་བཀོད་ཡོད་འདུག

དེ་ནས་མུ་མཐུད། འོན་ཀྱང་འདི་ལོའི་བྱུང་རིམ་དུ་དེ་ལས་ལྡོག་སྟེ་གནད་དོན་རེ་ཟུང་ལ་དོན་མེད་མཁྲེགས་བཟུང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཁྲིམས་མཐུན་སྐོང་ཚོགས་མ་ཐུབ་པར་ངོས་རང་བློ་ཕམ་བྱུང་བར་མ་ཟད། བོད་མི་སྤྱི་དང་། ལྷག་པར་གཞིས་བཞུགས་བོད་མི་ལྷག་བསམ་ཅན་རྣམས་ལ་བློ་ཕམ་དང་ཡིད་ཆད་འབྱུང་གཞིར་གྱུར་མོད་བྱ་ཐབས་བྲལ། ད་ཡོད་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཅའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས། བཅའ་ཁྲིམས་ཀྱི་འབྲུ་དོན་ལག་བསྟར་དཀའ་རིགས་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐབས་ལམ་ཡོད་བཞིན་པ་དང་། འབྲུ་དོན་འགྲེལ་བརྗོད་བྱེད་སྟངས་ལ་ཐེ་ཚོམ་བྱུང་ན་ཁྲིམས་ལུགས་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཀྱི་ལམ་ནས་བསལ་དགོས། བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་འགན་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད།

གནད་དོན་འདི་དག་གཞི་རྩར་བཟུང་སྐབས་ད་ལམ་གྱི་རྙོག་འཛིན་འདིའི་སྐོར་ངོས་ལ་རེ་སྐུལ་བྱ་རྒྱུ་བཅའ་ཁྲིམས་དོན་ཚན་དང་པོའི་ཁྱབ་ཁོངས་སུ་ཡོད་མིན་ཐེ་ཚོམ་དང་། གལ་ཏེ་ངོས་ནས་ལམ་སྟོན་བྱེད་དབང་དུ་བཏང་རུང་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བ་ཞིག་བྱེད་ཐབས་མེད་པ་དངོས་དོན་རེད། ངོས་ཀྱི་བསམ་ཚུལ་འདི་དག་བར་སྐབས་མང་ཚོགས་སུ་ལན་མང་བརྗོད་ཟིན་པས་མ་ཤེས་པ་མེད་རེ་ཡིན་མོད། ད་དུང་ངོས་ལ་ལམ་སྟོན་ཁ་གསལ་དགོས་པའི་རེ་འདུན་ཡོད་ན་གཤམ་གསལ།

༡། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ། ༢། དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ལོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་གྱིས། ཞེས་བཀའ་སྩལ་གནང་མཛད་ཡོད་འདུག

Advisory from His Holiness the Dalai Lama dated 6th October, 2021

དེ་ཡང་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བདུན་པའི་དམ་འབུལ་ཞུ་ཕྱོགས་མི་འདྲ་བ་གཉིས་ཆགས་པའི་རྐྱེན་གྱིས། ཚོགས་གཙོ་ཚོགས་གཞོན་འོས་འདེམས་ཀྱིས་མཚོན་པའི་གྲོས་ཚོགས་ཀྱི་ལས་རིམ་རྣམས་འགྲོ་མ་ཐུབ་པར་ཟླ་བ་ ༣ དང་ཕྱེད་ཀ་ལྷག་ཕྱིན་པ་དང་། དུས་ཡུན་འདིའི་རིང་སྤྱི་སྒེར་ཁག་དང་སྤྱི་འཐུས་ནང་ཁུལ་བཅས་ནས་དཀའ་རྙོག་སེལ་ཐབས་བྱས་ཀྱང་གྲུབ་འབྲས་མ་སོན་པར་བརྟེན། ཕྱི་རྒྱལ་གྱི་བདམས་ཐོན་སྤྱི་འཐུས་རྣམ་པ་ལྔས་འབྲེལ་མཐུད་དང་གོ་སྒྲིག་འོག ཕྱི་ཟླ་ ༩ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གཉིས་དང་ཕྱེད་ཀ་རིང་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་ནང་མོལ་ཚོགས་འདུ་ཞིག་བསྐོངས་ཏེ། ཚོགས་འདུའི་སྟེང་དཀའ་རྙོག་སེལ་བའི་ཐབས་ལམ་གྲོས་གཞི་ ༨ གཏན་འབེབ་བྱུང་ཡོད་ཅིང་། གྲོས་གཞི་ཁག་ལ་བྱུང་ན་སྤྱི་མོས་དང་། དེ་ལྟར་མ་བྱུང་ཚེ་གསང་བའི་འོས་བསྡུ་བརྒྱུད་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་ཐག་གཅོད་དགོས་པའི་གྲོས་འཆར་བྱུང་བ་ལྟར། གྲོས་གཞི་དོན་ཚན་ ༧ ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་འཁོད་སྙན་ཞུ་འབུལ་རྒྱུར་སྤྱི་མོས་བྱུང་ཡོད་འདུག

དེ་ཡང་འདེམས་ཐོན་སྤྱི་འཐུས་རྣམ་པའི་གྲོས་གཞི་ཁག་ ༨ ཁྲོད་ནས། དང་པོ་བལ་བརྒལ་ཚོགས་གཙོའི་མདུན་ཚང་མས་བསྐྱར་དུ་དམ་འབུལ་ཞུ་རྒྱུ་ཞེས་པར་མོས་མཐུན་ཡོད་པ་གྲངས་ ༢༠ དང་མོས་མཐུན་མེད་པ་གྲངས་ ༢༤། གྲོས་གཞི་གཉིས་པ་དམ་བཅའ་འབུལ་སྟངས་མི་འདྲ་བ་གཉིས་བྱུང་ཟིན་པ་ཕྱོགས་གཉིས་ཀས་ཕན་ཚུན་ཁས་ལེན་ཞུ་རྒྱུ་ཞེས་པར་མོས་མཐུན་ཡོད་པ་གྲངས་ ༢༣ དང་མོས་མཐུན་མེད་པ་ ༢༤ བྱུང་འདུག གསུམ་པ་བར་བརྒལ་ཚོགས་གཙོས་༧གོང་ས་མཆོག་གི་སྐུ་པར་དང་བཅའ་ཁྲིམས་མདུན་དམ་འབུལ་ཞུ་རྒྱུ་དང་། བར་བརྒལ་ཚོགས་གཙོའི་མདུན་སྤྱི་འཐུས་ཚང་མས་བསྐྱར་དུ་དམ་འབུལ་ཞུ་རྒྱུ་ཞེས་པར་མོས་མཐུན་བྱེད་མཁན་ ༡༦་དང་མོས་མཐུན་མེད་པ་༢༧། རྩིས་མེད་ཕྱིན་པ་ ༡ བཅས་བྱུང་བ་དང་། གྲོས་གཞི་བཞི་པ་༧གོང་ས་མཆོག་གི་སྐུ་པར་དང་བར་བརྒལ་ཚོགས་གཙོ་ཐུན་མོང་གི་མདུན་ཚང་མས་དམ་འབུལ་ཞུ་རྒྱུ་ཞེས་པར་མོས་མཐུན་ཡོད་པ་ ༡༥ དང་མེད་པ་ ༢༩། ཚང་མས་བར་བརྒལ་ཚོགས་གཙོའི་སར་དམ་བཅའ་ཕུལ། གྲོས་ཚོགས་ནང་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་བའི་གྲོས་ཆོད་དེ་ཕྱིར་འཐེན་བྱ་རྒྱུ། དུས་ཚོད་རྒྱབ་བཤིག་རྒྱག་རྒྱུ་ཞེས་པར་མོས་མཐུན་བྱེད་མཁན་ ༡༦ དང་མོས་མཐུན་མེད་པ་ ༢༨ བྱུང་འདུག དེ་བཞིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་མགོན་ཁང་གི་རྟེན་གཙོ་དཔལ་ལྡན་ལྷ་མོའི་མདུན་རྣམ་གྲྭ་མཁན་རིན་པོ་ཆེ་དབུ་གཞུགས་ཐོག་འཕྲིན་བཅོལ་དང་འབྲེལ་ཟན་རྟགས་བསྒྲིལ་ནས་ཐག་གཅོད་གནང་རྒྱུ་ཞེས་པར་མོས་མཐུན་ཡོད་མཁན་གྲངས་ ༡༢ དང་མེད་མཁན་ ༣༡ རྩིས་མེད་ ༡ བཅས་དང་། གྲོས་གཞི་བདུན་པ་བཅའ་ཁྲིམས་དོན་ཚན་དང་པོའི་དགོངས་དོན་བཞིན་༧གོང་ས་མཆོག་མཚན་འཁོད་སྙན་ཞུ་འབུལ་རྒྱུར་སྤྱི་མོས་བྱུང་བར་བརྟེན། གྲོས་གཞི་ ༨ པ་ཚང་མས་མོས་མཐུན་ཐུབ་པའི་ཐབས་ལམ་ཞིག་གཏན་ནས་མ་རག་ན། སྐབས་བཅུ་བདུན་པའི་སྤྱི་འཐུས་ཡོངས་རྫོགས་དགོངས་པ་ཞུ་རྒྱུ་ཞེས་པར་ཐག་གཅོད་བྱ་དགོས་བྱུང་མེད་པ་རེད་འདུག

འདེམས་ཐོན་སྤྱི་འཐུས་རྣམ་པའི་མཚན་འཁོད་སྙན་ཞུ་དེའི་ནང་། གཞིས་བྱེས་བོད་འབངས་ཡོངས་ཀྱི་མགོན་དཔུང་། ཚེ་འདི་ཕྱི་གཉིས་ཀྱི་རེ་ལྟོས་ཉག་གཅིག་ཏུ་གྱུར་བ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་དོན་ཚན་དང་པོའི་ནང་གསེས་ ༢ པའི་དགོངས་དོན་ལྟར་གསོལ་འདེབས་སྐྱབས་འཇུག་ཞུ་རྒྱུ་སྤྱི་མོས་གཏན་འབེབས་བྱུང་བ་བཞིན། བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་འཕྲད་པའི་དཀའ་རྙོག་འདི་སེལ་བའི་ཐབས་གཞན་གཏན་ནས་མ་མཆིས་པས་མགོན་པོ་གང་ཉིད་ཀྱིས་ཇི་དགེའི་བཀའ་སློབ་རིན་པོ་ཆེ་སྤྱི་བོའི་གཙུག་རྒྱན་དུ་ཅི་ནས་ཀྱང་སྩོལ་གནང་ཡོང་བའི་སྐྱབས་འཇུག་ཞུ་རྒྱུ་དང་། མགུས་འབངས་སྤྱི་འཐུས་མིང་ཁུར་བ་རྣམ་པས་མགོན་པོ་གང་ཉིད་ཀྱི་ཐུགས་རེ་དང་། རྒྱ་ཆེའི་མི་མང་གི་ཡིད་ཆེས་དང་རེ་བ་ཇི་བཞིན་མ་འགྲུབ་པར་སྙིང་ནས་མཐོལ་བཤགས་དང་འབྲེལ། གུས་འབངས་སྐབས་ ༡༧ པའི་སྤྱི་འཐུས་མིང་ཁུར་བ་ཐུན་མོང་ལ་མགོན་པོ་གང་ཉིད་ནས་བརྙན་ལམ་བརྒྱུད་གསེར་ཞལ་དངོས་སུ་མཇལ་རྒྱུའི་གོ་སྐབས་བཟང་པོ་དང་འབྲེལ་བླང་དོར་བཀའ་སློབ་ཅི་ནས་ཀྱང་ཆེད་སྩོལ་གནང་སྐྱོང་ཡོང་བའི་གསོལ་འདེབས་ཞུ་བཞིན་ལགས་ན། མ་ཤེས་རྨོངས་པས་བཅིངས་པའི་གུས་འབངས་རྣམས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་འཆམ་མཐུན་དང་། རྩ་དོན་འཐབ་རྩོད་ལ་ཕན་རླབས་རྒྱ་ཆེ་ཡོང་སླད་གསོལ་འདེབས་སྐྱབས་འཇུག་ཞུ་རྒྱུ་དང་། བླང་དོན་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་འཅའ་བརྟན་པོ་སྙིང་བཅངས་ཞུ་བཞིན་ཡོད། ཅེས་འཁོད་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

ཆུ་ཚོད་ ༡༢ སྔོན་ལ།
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣
བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས། སྦར་སེལ་སྐུ་ཚབ་དོན་གཅོད་ཀྱི་པར།
Mobile App

བོད་ཀྱི་རིག་གཞུང་དང་ཧི་མ་ལ་ཡའི་དུས་སྟོན་ཐེངས་ ༢༤ འཚོགས།

༢༠༢༥/༠༦/༢༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༦།༢༣
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཕེབས་རྒྱུ་ཡིན་འདུག

༢༠༢༥/༠༦/༢༣
༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠

མཆན། 3

  1. pasang tsering says:
    ལོ་ 4 སྔོན།

    welcome please do not in

    welcomeplease do not involve in in misbehave in future.

    Reply
  2. pasang tsering says:
    ལོ་ 4 སྔོན།

    welcome,do notfail into misbehave

    Reply
  3. ཚེ་བརྟན་འགྱུར་མེད། says:
    ལོ་ 4 སྔོན།

    བཅའ་་ཁྲིམས་དགོངས་དོན་ལྟར་ཕེབས་དགོས་རྒྱུ་དེ་ ༸གོང་ས་མཆོག་གི་ །རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་། དེ་ཡིན་པ་ཉིན་ཤས་སྔོན་ཞུས་པ་མ་ཟད་༸གོང་ས་མཆོག་བཀའ་དགོངས་ལ་དངོས་གནས་དད་ལེན་ཞུ་འདོད་ན་བཅའ་ཁྲིམས་དགོངས་དོན་ཞུ་རྒྱུ་ཡིན་གནད་་ཀྱང་ཞུས་ཡིན། ༸གོང་ས་མཆོག་ནས་དེ་ལྟར་བཀའ་ཕེབས་མིན་འདུག་གམ། ཁོང་ཐུགས་ཕམ་པའི་བཀའ་ཡང་ཕེབས་འདུག་པས་གཟབ་གཟབ་གནང་རྒྱུ་གལ་ཆེ་ཡིན་པའི་རེ་བ་སྐུལ་ཡང་ཞུ་རྒྱུ་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese