མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་འགྲོ་བར་དོགས་ཟོན་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་ལུང་རྟོགས་ཀྱིས་སྒྱུར་། ཨོ་གླིང་།

ད་ལྟ་གནས་ཚུལ་དེ་གཞུང་འབྲེལ་ལྟ་བུར་གྱུར་ཡོད། རྒྱ་ནག་གིས་རང་ཉིད་ཀྱི་མངོན་འདོད་འགྲུབ་ཆེད་མི་གཏའ་བཙན་ཉར་བྱེད་ངེས་ཡིན་པ་དང་། འཛམ་གླིང་གིས་དེ་ལྟར་ཡིན་པ་ཤེས་དགོས་པའི་བརྡ་ལན་སྤྲད་ཡོད། པེ་ཅིང་ཕྱོགས་ནས་ཕྱི་རྒྱལ་གྱི་མི་སྣ་མུ་མཐུད་འཛིན་བཟུང་བྱེད་རྒྱུ་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ། རྒྱ་ནག་ཏུ་ཡོད་པའི་ཨོ་སི་ཊོ་ལི་ཡའི་སྤྱི་གཉེར་ཁང་གི་ལས་དོན་སྒྲུབ་མཁན་ཚོས་རང་ཉིད་ཀྱི་ལས་བྱེད་ཚོར་ཉེན་ཁ་དེ་ཡོད་པར་ཆ་འཇོག་དགོས། ལྷག་པར་ད་ལྟ་རྒྱ་ནག་ཏུ་གནས་སྡོད་ཨོ་སི་ཊོ་ལི་ཡའི་མི་སེར་རྣམས་ཀྱིས་རང་ཉིད་མུ་མཐུད་ཡུལ་དེར་སྡོད་དགོས་མིན་ཡང་བསམ་བློ་བསྐྱར་ཏུ་གཏོང་དགོས་པ་ནི་སྨོས་ཅི། རྒྱ་ནག་ནང་རྒྱུན་རིང་པོར་བཅའ་སྡོད་བྱེད་མཁན་ཞིག་ཡིན་ན་ཐག་གཅོད་དེ་ལས་སླ་བོ་ཞིག་གཏན་ནས་མིན། ངས་ཁོང་ཚོར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད།

བདུན་ཕྲག་གཅིག་གི་སྔོན་དུ་ཧཱ་ཝེ་((Huawei) བརྡ་འཕྲིན་འཕྲུལ་ལས་བཟོ་ཚོང་ཁང་གི་དངུལ་རྩིས་སྤྱི་གཉེར་བ་མེན་ཝན་ཀྲའོ་(Meng Wanzhou) ཁོང་མོ་ཨ་མེ་རི་ཁའི་ཁྲིམས་ཞིབ་ཁང་ནས་ཉེས་ཅན་རྩིས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་པའི་སྐབས་འདིར། ཁོང་ཚོའི་དབར་གྲོས་མཐུན་ནམ་སྤྲོད་ལེན་གྱི་ཁ་འཆམ་པ་ལྟར་ཁོ་མོ་ཁེ་ན་ཌ་ནས་ཕྱིར་བསྐྱོད་ཆོག་པ་དང་། སྤྲོད་ལེན་གྱི་གྲོས་མཐུན་ནང་དུ་དངུལ་ཁང་ལ་མགོ་སྐོར་བཏང་བའི་ནག་ཉེས་ཡོད་པའི་ཁས་ལེན་ཀྱང་ཚུད་འདུག། ཕྱི་ལོ་༢༠༡༨ ལོར་ཁོ་མོ་བཀག་ཉར་བྱས་རྗེས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་ཁེ་ན་ཌའི་མི་སེར་གཉིས་ཀྱང་ད་ཐེངས་དུས་གཅིག་ལ་གློད་བཀྲོལ་བཏང་བར་མ་ཟད། རྒྱ་ནག་ནས་ཕྱི་ལོག་ཏུ་འགྲོ་རྒྱུར་བཀག་འགོག་བྱས་ཡོད་པའི་ཨ་རིའི་མི་སེར་གཉིས་ཀྱང་གློ་བུར་དུ་ཕྱིར་བསྐྱོད་བྱེད་བཅུག་པ་རེད།

མི་ཁ་ཤས་ནས་བློ་དོགས་བྱས་པ་ལྟར། ཁོང་མོར་ནག་ཉེས་ཡོད་མེད་ལ་མ་བལྟས་པར་རྒྱ་གཞུང་གིས་ཁེ་ན་ཌའི་མི་སེར་གཉིས་བཙོན་འཇུག་བྱས་པ་དང་ཨ་རིའི་མི་སེར་གཉིས་ཀྱི་འགྲོ་བསྐྱོད་ལ་བཀག་འགོག་བྱས་ནས་སྐུ་ལྕམ་མེན་ཝེ་གློད་བཀྲོལ་ཡོང་ཐབས་བྱས་ཡོད་པ་དེ་ད་ཐེངས་དུས་ཚོད་ཀྱིས་བདེན་དཔང་བྱས་པ་རེད། ཁོ་ཚོས་མི་གཏའ་བཙན་ཉར་བྱེད་པའི་གནས་བབ་འདི་ནི་ཐེ་ཚོམ་མི་དགོས་པ་ཞིག་ཡིན་མོད། གནས་ཚུལ་གསར་པ་ཞིག་ནི་རྒྱ་གཞུང་གི་བྱ་སྤྱོད་ཀྱིས་གནས་ཚུལ་དེ་ཧ་ཅང་གསལ་པོར་བཟོས་ནས་རྒྱལ་ཁབ་གཞན་ལ་ཉེན་བརྡ་བཏང་བ་དང། ཧ་ཅང་གསལ་ཤོས་ནི། རྒྱ་ནག་ལ་གལ་འགངས་ཆེ་བའི་མི་སེར་རྣམས་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་སྒང་ལ་ཡོད་པའི་བརྡ་ལན་བཏང་བ་དེ་རེད། ད་དུང་སྤྱིར་བཏང་གི་མཇུག་འབྲས་གཞན་ཞིག་ནི། གལ་སྲིད་རྒྱལ་ཁབ་གཞན་གྱིས་ཁོ་ཚོའི་བཀའ་བརྩི་དང་ལེན་མ་ཞུས་པ་ཡིན་ན་མི་གཏེ་བཙན་ཉར་བྱེད་རྒྱུར་ཨང་གསར་ཡིན་པའི་བརྡ་ལན་ཀྱང་སྤྲད་ཡོད།

ཕྱི་ལོ་༢༠༡༨ ལོ་ནས་བཟུང་ཨོ་སི་ཊོ་ལི་ཡའི་བཟོ་ཚོང་ཁང་གི་སྤྱི་ཁྱབ་པ་ཚོ་ཚོང་དོན་ཆེད་རྒྱ་ནག་ལ་འགྲོ་རྒྱུ་ལས་གཡོལ་ཏེ་རང་ཉིད་ཀྱི་གཤམ་འོག་གི་ལས་བྱེད་རྣམས་གཏོང་གི་ཡོད་པའི་གནས་ཚུལ་ཐོན་ཡོད། ངའི་ཤེས་འདོད་པ་ཞིག་ལ་གཤམ་འོག་གི་ལས་བྱེད་པ་རྣམས་ཀྱིས་དེའི་སྐོར་ལ་བསམ་བློ་གང་འདྲ་ཞིག་འཁོར་གྱི་ཡོད་དམ། ཚོང་དོན་ཆེད་རྒྱ་ནག་ལ་འགན་འཛིན་མི་སྣ་གཏོང་རྒྱུ་ནི་དགེ་མཚན་ཧ་ཅང་ཆེན་པོ་ལྡན་པ་སྟེ། ཨོ་སི་ཊོ་ལི་ཡའི་བཟོ་ཚོང་ཁང་རྣམས་ཀྱི་ལས་དོན་ཡོངས་རྫོགས་ས་གནས་ཀྱི་ཚོང་གྲོགས་རྣམས་ལ་བརྟེན་རྒྱུ་ཧ་ཅང་ཁག་པོ་ཡིན། ས་གནས་ཀྱི་མི་རྣམས་ནས་རང་ཉིད་ཀྱི་ཁེ་ཕན་གཙོ་བཟུང་བྱེད་པ་དང་ཚོང་ལས་ཀྱི་རྒྱུད་རིམ་ནང་དྲང་པོ་མི་བྱེད་པ་དེ་འདྲ་ཡོང་སྲིད། ཐ་ན་ཨོ་སི་ཊོ་ལི་ཡའི་བཟོ་ཚོང་ཁང་རྣམས་ལ་དབང་བའི་ལས་ཁུངས་ཡིན་ན་ཡང་། ལྟ་རྟོག་ཞིབ་མོར་བྱེད་དགོས་པ་སྟེ། རྒྱ་ནག་གི་རིག་གཞུང་དུ་གྱུར་བའི་འབྲེལ་ལམ་གྱི་(ཀོན་ཞིས) དྲ་རྒྱའི་ནང་ལས་བྱེད་པ་ཚོས་སྦྱིན་བདག་གི་ཁེ་ཕན་དང་པོར་འཇོག་པའི་སྒྲིག་ལམ་སྣང་མེད་དུ་གཏོང་བའི་ཉེན་ཁ་སླེབས་ཀྱི་ཡོད།

ཕྱི་འབྲེལ་སྲིད་བྱུས་ལ་དཀའ་རྙོག་འཕྲད་སྐབས་སུ་ཨོ་སི་ཊོ་ལི་ཡའི་འགན་འཛིན་ལྷན་ཚོགས་དང་འགོ་ཁྲིད་རྣམས་ཀྱིས་རྒྱ་ནག་ནང་ཡོད་པའི་རང་ཉིད་ཀྱི་ལས་བྱེད་པ་གཅིག་གམ་གཉིས་སམ། ཡང་ན་ཉི་ཤུ་བཅས་སྲིད་གཞུང་དེས་ཁྲིམས་མཐུན་མིན་པའི་སྒོ་ནས་འཛིན་བཟུང་བྱེད་མིན་ལ་བསམ་བློ་གཏོང་དགོས་པ་དང། སྦྱིན་བདག་རྣམས་ཀྱིས་གནས་སྟངས་དེ་འདྲ་བྱུང་སྐབས་འགན་འཁྲི་གང་ཞིག་ཡོད་མེད་རང་ཉིད་ཀྱི་ཁྲིམས་རྩོད་པར་བློ་འདྲི་བྱེད་དགོས་པར་གྱུར་ཡོད། ཨོ་སི་ཊོ་ལི་ཡའི་མི་སེར་རྣམས་རྒྱ་ནག་ལ་མུ་མཐུད་བཅའ་སྡོད་བྱེད་རྒྱུ་གལ་ཆེན་པོ་ཡིན་མིན་ཐད་བསམ་བློ་གཏོང་དགོས་པར་གྱུར་བ་དེའི་ནང་ཧོང་ཀོང་ཀྱང་ཚུད་ཡོད་པ་སྟེ། ཁོ་ཚོས་རང་ཉིད་ནི་རྒྱ་ནག་དམར་པོའི་སྲིད་གཞུང་གི་སྡེར་མོའི་འོག་ནས་ཐར་མེད་པའི་གནས་སྟངས་དེ་ངེས་པར་དུ་ཤེས་དགོས།

རྡོག་ཐོན་བྱེད་རྒྱུའི་ཐག་གཅོད་དེ་ནི་ལས་སླ་བོ་ཞིག་གཏན་ནས་མིན། ལྷག་པར་ས་གནས་དེར་རྒྱུན་རིང་པོ་བཅའ་སྡོད་དང་ཉམས་མྱོང་བསགས་ཡོད་མཁན་ཚོར་སླ་བོ་མིན། ན་ནིང་ང་རང་ལམ་ཁ་དེར་དངོས་སུ་བརྒྱུད་མྱོང་བས་དེའི་སྐོར་ངས་ཧ་ཅང་གསལ་བོར་ཤེས་ཀྱི་ཡོད། བདག་ལ་མཚོན་ན་པེ་ཅིང་ནི་རང་ཁྱིམ་ལྟ་བུ་ཡིན་པ་དང་གནས་དེར་ལོ་བཅུ་དྲུག་རིང་བཅའ་སྡོད་བྱས་པ་ཡིན། རང་ཉིད་རྒྱ་ནག་གི་སྤྱི་ཚོགས་དང་། དེའི་ངོ་མཚར་བའི་གཏམ་རྒྱུད་རིང་མོ། དེའི་ལེགས་པའི་དགེ་མཚན་དང་། མཚམས་རེར་ཁོང་ཁྲོ་སློང་པའི་སྤྱོད་པ་བཅས་ལ་གོམས་ཚར་ཡོད། ཨོ་སི་ཊོ་ལི་ཡ་དང་བསྡུར་ན་ང་ལ་རྒྱ་ནག་ནང་གྲོགས་པོ་གྲོགས་མོ་མང་བ་ཡོད། ཁོང་ཚོ་ཚང་མ་རྒྱ་རིགས་ཡིན་པ་དང་། ང་རང་ལུང་པ་འདི་ལ་ཁ་བྲལ་ནས་གཏན་དུ་མ་ལོག་པའི་ཚེ་ཁོ་ཚོའི་ཁྲོད་ཀྱི་ཁ་ཤས་ལ་ད་དུང་ཡང་བསྐྱར་ཐུག་རྒྱུའི་རེ་བ་ཡོད་པར་བརྟེན་ངས་འདི་ལ་བསམ་ཞིབ་བྱེད་དགོས་པར་གྱུར།

ངའི་ལས་ཀ་སྟེ་ཨ་རིའི་བདེ་སྲུང་དང་བར་སྣང་སྟོང་བའི་འཕྲུལ་རིགས་དང་འབྲེལ་བའི་པར་སྐྲུན་ཐོག་རྒྱ་ནག་ནང་ལས་དོན་སྒྲུབ་རྒྱུ་གལ་ཆེན་པོར་གྱུར་ཡོད། རང་ཉིད་རྒྱ་ནག་སྐོར་གྱི་ཆེད་ལས་མི་སྣ་ཞིག་དང་རྒྱ་སྐད་ཤེས་མཁན་ཞིག་ཡིན་པའི་ཆ་ནས་པེ་ཅིང་ནི་རང་ཉིད་གང་དུ་སྡོད་དགོས་པའི་གནས་ངོ་མ་དེ་ཡིན། རྒྱ་ནག་ཏུ་གནས་སྡོད་ཨོ་སི་ཊོ་ལི་ཡའི་ཡུལ་མི་མང་པོ་ཞིག་གནས་སྟངས་འདིའི་ནང་ལྷུང་ཡོད། ང་རང་ལ་མཚོན་ན་གནས་སྟངས་དེ་ཧ་ཅང་གསལ་པོ་ཆགས་སོང་། རྒྱ་གཞུང་གིས་ཨ་མེ་རི་ཀའི་བརྒྱུད་ལམ་ཁག་ལ་ལས་ཀ་བྱེད་མཁན་གྱི་གསར་འགོད་པ་རྣམས་ཕྱིར་འབུད་བྱེད་ཚད་ཇེ་མང་དུ་ཕྱིན་པ་དང་བསྟུན། རང་ཉིད་ཀྱང་གནས་འདིར་ཁ་བྲལ་དགོས་པའི་བསམ་བློའི་ཁ་ཕྱོགས་བསྒྱུར་སོང་། ང་ལ་དོ་སྣང་བྱུང་བ་ནི་རྒྱ་གཞུང་གིས་འདས་པའི་ལོ་ཤས་རིང་ཕྱི་རྒྱལ་མི་སྣ་བཙན་བཟུང་བྱེད་བཞིན་པ་དེ་རེད། ཁོང་ཚོའི་ཁྲོད་དུ་ཨོ་སི་ཊོ་ལི་ཡའི་མི་སེར་ཡང་ཚུད་ཡོད། འོན་ཀྱང་། ངས་ཉེན་ཁ་དེ་ཙམ་ཆེན་པོ་མེད་པའི་ལྟ་ཚུལ་བཟུང་བ་དང་ཕྱིར་འབུད་གཏོང་རྒྱུ་ནི་ཡོང་སྲིད་པ་ཞིག་བསམ་གྱི་ཡོད།

ཕྱི་ལོ་༢༠༢༠ ཞོགས་པ་ཞིག་ལ་པེ་ཅིང་དུ་ཡོད་པའི་རང་ཁྱིམ་འདིར་ཉལ་ཐེངས་ཐ་མ་དེ་ཨེ་ཡིན་བསམ་བཞིན་ཡར་ལངས་དགོས་བྱུང་སོང་། ང་རང་བཅའ་སྡོད་བྱས་ཆོག་པའི་བཀའ་འཁྲོལ་གྱི་ཡིག་ཆ་ཉི་མ་དེ་ནས་རྫོགས་འགྲོ་བ་དང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ངའི་གསར་འགོད་པའི་ལག་ཁྱེར་བཀག་སྐྱིལ་བྱས་ཡོད་པར་བརྟེན་ངས་དུས་ཚོད་འཕར་མ་བསྐྱར་ཞུ་བྱེད་དགོས་ཀྱི་ཡོད། ང་ལ་མནར་གཅོད་འདང་ངེས་ཤིག་བཏང་བ་ལོས་ཡིན། ཉི་མ་དེ་ག་རང་ཕྱི་སྲིད་ལས་ཁུངས་ནས་ལག་ཁྱེར་དང་སྤྱི་བདེ་ལས་ཁུངས་ནས་མུ་མཐུད་བསྡད་ཆོག་པའི་བཀའ་འཁྲོལ་སྤྲད་སོང་།

ལོ་མང་པོའི་རིང་འཆར་གཞི་ཡོད་པ་ལྟར་ང་རང་ལམ་སེང་རྒྱ་ནག་གི་བྱང་ཤར་ས་ཁུལ་དུ་གུང་གསེང་དུ་ཕྱིན་པ་ཡིན། ངའི་སེམས་ནང་ད་ཐེངས་འགྲོ་མ་ཐུབ་ན་དུས་གཏན་དུ་འགྲོ་ཐུབ་ཀྱི་མ་རེད་བསམ་སོང་། གུང་གསེང་གི་དུས་སྐབས་ནང་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ལ་ལས་ཀ་བྱེད་བཞིན་པའི་ཨོ་སི་ཊོ་ལི་ཡའི་མི་སེར་ཆིན་ལིས་འཛིན་བཟུང་བྱས་པ་དང་། དམར་ཕྱོགས་གཞུང་གིས་ཁོ་མོ་ཕྱི་ལོག་ཏུ་ཐོན་ཆོག་གི་འདུག་བསམ་པའི་ཉིན་ཁོ་ནར་རང་ཉིད་མཐོང་སར་ཐོན་རྒྱུ་ཡོད་པའི་རྒྱ་ནག་གི་བཙོན་ཁང་གི་མ་ལག་ཁྲོད་གར་སོང་ཆ་མེད་དུ་གྱུར་བ་རེད། ངས་ད་དུང་མུ་མཐུད་བསྡད་ན་འགྲིག་འགྲོ་མི་ཡོང་ངམ་བསམ་མྱོང་། ང་རང་གུང་གསེང་ནས་ཕྱིར་ལོག་པའི་ཞོགས་པར་ཐོན་པའི་གནས་ཚུལ་ཞིག་ལ། རྒྱ་གཞུང་གིས་ཨོ་སི་ཊོ་ལི་ཡའི་གསར་འགོད་པ་གཉིས་འཛིན་བཟུང་བྱེད་ཐབས་བྱས་པ་དེ་རེད། ཁོང་གཉིས་ནི་ཨེ་སྦེ་སི་གསར་ཁང་གི་གསར་འགོད་པ་སྦིལ་སྦར་ཊིལ་སུ་ལགས་དང་། ཨོ་སི་ཊོ་ལི་ཡའི་དཔལ་འབྱོར་བསྐྱར་ཞིབ་གསར་ཁང་གི་གསར་འགོད་པ་མེ་ཁེལ་སུ་མེ་ཐི་ལགས་གཉིས་རེད།(ABC’s Bill Birtles and Australain Financial Review’s Michael Smith)

ངའི་སེམས་ནང་ད་ནི་ང་རང་འགྲོ་བའི་དུས་ལ་སླེབས་སོང་བསམ། འདི་ནི་ཐག་གཅོད་ཆེན་པོ་ཞིག་ཡིན་པས་ཐག་གཅོད་དེ་ཡང་དག་པ་ཞིག་དང་གང་མགྱོགས་བསམ་བློ་ངེས་པར་དུ་གཏོང་དགོས་པ་ཞིག་རེད། ཉིན་རྗེས་མར་ང་ལ་གནས་ཚུལ་དེ་ལས་མང་པ་འབྱོར་བས་ད་ནི་འགྲོ་བའི་དུས་ལ་སླེབས་སོང་ཅེས་སེམས་ཐག་བཅད་པ་ཡིན། ཨོ་སི་ཊོ་ལི་ཡའི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཞིག་གིས་ཁ་སྔོན་གྱི་ཕྱི་འབྲེལ་རྩོད་རྙོག་དེ་འདས་ཚར་བ་ཅེས་བསམ་ཚུལ་བཏོན་སོང་། ངས་ཁོང་ལ་བརྗོད་དོན་ཐེངས་འདིའི་རྩོད་རྙོག་འདས་ཚར་ཡོད་སྲིད། འོན་ཀྱང་། རྗེས་མར་རྩོད་རྙོག་དེ་ལས་མང་པ་དང་དེ་ལས་ཉེན་ཚབས་ཆེ་རུ་འགྲོ་ངེས་རེད་ཅེས་བཤད་པ་ཡིན། ཁོང་གིས་བཤད་རྒྱུ་ཁྱེད་ཀྱི་ལྟ་ཚུལ་དེ་ནོར་འཁྲུལ་ཅན་ཡིན་པའི་རེ་བ་ཡོད་ཟེར། དོ་སྣང་བྱེད་འོས་པ་ཞིག་ལ་ཁོང་གིས་ངའི་བསམ་ཚུལ་དེར་དགག་པ་རྒྱབ་མ་སོང་། འདི་ནི་རྒྱ་ནག་ནང་གནས་སྡོད་ཨོ་སི་ཊོ་ལི་ཡའི་ཡུལ་མི་རྣམས་ཀྱིས་བསམ་བློ་གཏོང་དགོས་པ་གནད་དོན་དེ་རེད།

རྗེས་མར་རྩོད་རྙོག་གང་འདྲ་ཞིག་འབྱུང་ངམ། ཅི་འདྲའི་གནོད་སྐྱོན་ཅན་ཞིག་ཡོང་ངམ། རྒྱ་ནག་གཞུང་གིས་ཅི་ཞིག་བྱེད་སྲིད་དམ་སོགས་རེད། ངས་འདས་པའི་ཉེན་འཚབ་རྣམས་ལ་ཞིབ་བརྟག་བྱས་ཀྱང་དྲི་བ་དེ་དག་ལ་ལན་འདེབས་ཐུབ་ཀྱི་མི་འདུག འོན་ཀྱང་ངས་རྟག་པར་རང་ཉིད་ཀྱི་ཚོད་རྩིས་ལ་ཚད་ལས་བརྒལ་ཀྱི་རྩིས་རྒྱག་གི་ཡོད། ལོ་གཅིག་གི་རྗེས་སུ་ངས་རང་ཉིད་ཀྱི་ཐག་གཅོད་དེ་ཡང་དག་པ་ཞིག་ཡིན་པའི་ངེས་ཤེས་རྙེད་སོང་། འོན་ཀྱང་། རང་ཉིད་རྒྱ་ནག་ལ་གཏན་དུ་ལོག་མི་ཐུབ་པར་བསམ་ན་སེམས་ནང་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་འདུག་ལ་ངས་ཡུལ་དེ་ཤིན་ཏུ་དྲན་བཞིན་ཡོད།

[རྩོམ་པ་པོ་སྦེར་ཌི་ལེ་ ཕེ་རེ་ཊི(Bradley Perrett) ལགས་ནི་ཕྱི་ལོ་༢༠༠༤ ནས་༢༠༢༠ བར་པེ་ཅིང་དུ་རྟེན་གཞི་བྱས་པའི་གསར་འགོད་པ་ཞིག་རེད།]

འབྲེལ་ཡོད་གསར་འགྱུར།

The US defense secretary warned that China poses a real threat to Taiwan
Mobile App

ཉིན་གྲངས་གསུམ་རིང་སིངྒ་པུར་དུ་ཨེ་ཤ་ཡའི་བདེ་འཇགས་ལྷན་ཚོགས་འཚོགས།

སྐར་མ ༡༣ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁ་བའི་འོག་གི་མེ་ལྕེ་ཞེས་པའི་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པར་མཇལ་འཕྲད་གནང་། ༢༠༢༥།༠༥།༣༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཀའ་སྤྱི་གཉིས་ཀྱིས་ཉི་ཧོང་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

སྐར་མ ༡༩ སྔོན་ལ།
Advertisement for App

སླེབས་ལ་ཉེ་བའི་དཔེ་དེབ་གསར་པ། གསེར་ཐང་མཆན་སྦྱར་མ།

༢༠༢༥/༠༦/༠༡
བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག པར་འབྲེལ་ཡོད་ནས་འདི་གའི་གསར་ཁང་ལ་མཁོ་སྤྲོད་གནང་། ༢༠༢༥།༥།༣༠
Mobile App

བོད་མི་གཉིས་ཀྱིས་ཧྥ་རན་སིའི་ནང་ཞི་བའི་གོམ་བགྲོད་བྱེད་བཞིན་འདུག

༢༠༢༥/༠༥/༣༠
Tibetan Children at China’s Colonial Boarding School in Nagchu area, Tibet
Mobile App

རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱེད་པའི་ནང་དོན་ཅན་ཡོད་མེད་ཞིབ་བཤེར་གཏན་འགོག་བྱ་རྒྱུ་ཡིན་འདུག

༢༠༢༥/༠༥/༢༩
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་པར། ༢༠༢༥།༥།༢༩
Mobile App

བལ་ཡུལ་ནང་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་སྟོན་རྒྱུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༥/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese