མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་སྟེང་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཙོས་གཞིས་བྱེས་བོད་མི་ཡོངས་ལ་བཟོད་གསོལ་ཞུ་བའི་གྲོས་ཆོད་ཅིག་སྤྱི་མོས་གཏན་འབེབས་གནང་སོང་།

དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་གཉིས་པའི་སྟེང་། བར་ལམ་སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་རྣམ་པའི་དམ་འབུལ་ཞུ་ཕྱོགས་དང་འབྲེལ་བའི་ཐད་ལ་ནང་མོལ་ཚོགས་འདུ་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་འཁོད་སྙན་ཞུ་ཕུལ་ཏེ་མཛད་དཀའ་བཟོས་པ་དང་། ༧གོང་ས་མཆོག་ནས་བཀའ་ཡིག་རིན་པོ་ཆེ་སྩལ་གནང་མཛད་པའི་ནང་མགོན་པོ་གང་ཉིད་ཐུགས་ཕམ་བྱུང་ཡོད་སྐོར་གྱི་གསུང་འཕྲིན་ཕེབས་པ་དེར། སྤྱི་འཐུས་ ༤༥ ཐུན་མོང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཐོལ་བཤགས་བཟོད་གསོལ་དང་འབྲེལ། མགོན་པོ་གང་ཉིད་མཆོག་ནས་བཀའ་སློབ་ལམ་སྟོན་སྩལ་གནང་མཛད་པར་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་བཞག་ཡོད་པར་སྤྱི་མོས་གཏན་འབེབས་བྱུང་སོང་།

དོན་ཚན་ ༤ ཅན་གྱི་གཞུང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་དེའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ད་ཐེངས་དཀའ་རྙོག་འཕྲད་སྐབས་བླང་དོར་གྱི་བཀའ་སློབ་ལམ་སྟོན་སྩལ་གནང་མཛད་པའི་རྐྱེན་གྱིས། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོང་ཚོགས་ཐུབ་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ལ་འགལ་རྐྱེན་འཕྲད་གཞི་མེད་པར་གནས་སྟངས་བཟང་པོ་ཆགས་པར་བཀའ་དྲིན་ཆེ་ཞུ་དང་། ད་ལམ་མ་རིག་རྨོངས་པའི་གཞན་དབང་དུ་ཤོར་ནས་གནད་དོན་རེ་ཟུང་ལ་ལས་ཀྱི་སྣེ་མོ་བའི་བསམ་ཚུལ་མི་མཐུན་པ་དང་འཁྲུན་ཐག་གཅོད་དཀའ་བའི་གནས་ཚུལ་བྱུང་ནས་སྐབས་ ༡༧ པའི་གྲོས་ཚོགས་ཀྱང་ཁྲིམས་མཐུན་སྐོང་ཚོགས་མ་ཐུབ་པས་ཐུགས་ཕམ་གྱི་གཞིར་གྱུར་པར་ལྷ་ཕྱག་གྲངས་མེད་དང་བཅས་གདུང་ཤུགས་དྲག་པོས་མཐོལ་བཤགས་ཞུ་རྒྱུ་དང་བཅས་ལྷ་དགོངས་གསལ་དྭངས་ཡོང་བའི་སྙིང་ནས་གསོལ་འདེབས་དང་། དཀའ་རྙོག་དེའི་དབང་གིས་གཞིས་བྱེས་བོད་མི་རྣམས་ཀྱང་ཐུགས་ཕམ་བྱུང་བར་བརྟེན་བཟོད་གསོལ་ཞུ་རྒྱུ་དང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བདག་ཅག་བོད་འབངས་སྤྱི་དང་འཇིག་རྟེན་བསྟན་འགྲོའི་སླད་དུ་༧སྐུ་ཚེ་ཞབས་པད་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པར་བཞུགས་རྒྱུའི་གསོལ་འདེབས་ཞུས་གནང་ཡོད་འདུག

ད་དུང་གྲོས་ཆོད་ཀྱི་དོན་ཚན་བཞི་པའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༧སྐུའི་གསང་བ་གསུམ་ལ་སྐུ་གེགས་ཀྱི་མཚན་མ་ཕྲ་མོས་ཀྱང་མ་རེག་པར་རྡོ་རྗེའི་ཁམས་སུ་བརྟན་ཞིང་བཞུགས་པ་ནི། གང་ཉིད་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱིས་བྱིན་མཐུ་དང་། ལྷ་སྲུང་དམ་ཅན་རྒྱ་མཚོའི་སྡོང་གྲོགས་བཅས་ཡིན་མོད། གཙོ་བོ་བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ལ་རག་ལས་པས་བསོད་ནམས་ཀྱི་མཆོག་བླ་མ་དམ་པའི་བཀའ་བཞིན་བསྒྲུབས་ཏེ་མཆོད་པས་མཉེས་པ་ཞུ་རྒྱུ་དེ་ཡིན་པས། མགོན་པོ་མཆོག་གི་དགོངས་གཞི་དང་། གཞིས་བྱེས་རྒྱ་ཆེའི་མི་མང་གི་རེ་བ་ལྟར་བོད་ཀྱི་རྩ་དོན་སྒྲུབ་སླད་ལས་ཀྱི་སྣེ་མོ་བ་རྣམས་དང་རྒྱ་ཆེའི་མང་ཚོགས་བཅས་ནས་སྤྱི་དོན་ཁོ་ནར་དམིགས་ཏེ་ནུས་ཤུགས་དམ་ཚིག་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ་ཆོལ་གསུམ་བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་ཡོང་བར་འབད་འབུངས་ལྷོད་མེད་བྱུ་རྒྱུ་ཡིན་བཀོད་ཡོད་འདུག

དེ་ཡང་གྲོས་འཆར་འདོན་མཁན་སྤྱི་འཐུས་ཨོ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་ཀྱིས་གྲོས་ཚོགས་ར་བའི་སྟེང་གཞུང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་གྲོས་འཆར་སྒྲོག་སྦྱང་གནང་བའི་ནང་། བར་ལམ་ལས་ཀྱི་སྣེ་མོ་བ་རྣམས་མ་རིག་རྨོངས་པའི་དབང་གིས་གནད་དོན་རེ་ཟུང་ཐད་བསམ་ཚུལ་མི་མཐུན་པ་དང་འཁྲུན་ཐག་གཅོད་དཀའ་བའི་གནས་ཚུལ་ཁག་གཅིག་སྔ་རྗེས་སུ་བྱུང་ཡོད་པ་དང་། སྐབས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་འོས་འདེམས་སོགས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་རྒྱུན་སྐྱོང་མ་ཐུབ་པར་ཟླ་བཞི་ལ་ཉེ་བ་གནས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ཀྱང་སེམས་འཚབ་ཀྱི་རང་བཞིན་དུ་འགྱུར་ཉེན་བྱུང་བར་བརྟེན། མགོན་པོ་གང་ཉིད་ལ་མཛད་དཀའ་ཞུ་ཕོད་དཀའ་ཡང་ཐབས་ལམ་གཞན་མ་མཆིས་པས་བླང་དོར་བཀའ་སློབ་གང་གནང་ལ་ཡིད་གཉིས་ཐེ་ཚོམ་གང་ཡང་མེད་པར་ཤར་བསྐྱོད་ཞུ་རྒྱུའི་དམ་བཅའ་དང་བཅས། བཙན་བྱོལ་བོད་མིིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོའི་ནང་གསེས་ ༢ པའི་དགོངས་དོན་ལྟར་ཇི་དགེའི་བླང་དོར་བཀའ་སློབ་རིན་པོ་ཆེ་སྩོལ་བའི་སྐྱབས་འཇུག་སྐབས་བཅུ་བདུན་པའི་སྤྱི་འཐུས་ཀྱི་མིང་ཁུར་བ་་༤༥ ཐུན་མོང་ནས། ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༩ ཉིན་སྙན་གསན་གསོལ་འདེབས་ཕུལ་བར། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༦ ཉིན་ཐུགས་རྗེའི་བཀའ་ཡིག་ཟབ་མོ་བཀའ་དྲིན་ཆེད་ཕེབས་ལ་སྤྱི་འཐུས་རྣམ་པས་ཀྱང་བཀའ་སློབ་ལམ་སྟོན་ཇི་སྩལ་བཞིན་ཤར་བསྐྱོད་གནང་ནས་ད་ཆ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོང་ཚོགས་ཐུབ་པ་འདི་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་སོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ཅིག་འཇོག་དགོས་པར་གལ་འགངས་ཆེ་བར་མཐོང་། ཞེས་བརྗོད་ཡོད་འདུག

སྤྱི་འཐུས་རྣམ་པས་བཀའ་དྲིན་རྗེས་དྲན་གྱི་གྲོས་འཆར་ཐོག་བགྲོ་གླེང་ཞུས་སྐབས། སྤྱི་འཐུས་རེ་ཟུང་གིས་ད་ལན་གྱི་དཀའ་རྙོག་དང་འབྲེལ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐུགས་ཕམ་བྱུང་བར་ཡིག་ཐོག་ཙམ་གྱི་ཐོག་ནས་མཐོལ་བཤགས་ཞུ་རྒྱུའི་ཚབ་ཏུ་ཡིག་བརྒྱ་གསོག་པའམ། ཡང་ན་བོད་མི་ཉམ་ཐག་རྣམས་ལ་ལོ་གཅིག་གི་འཚོ་སྣོན་འབུལ་རྒྱུས་མཚོན་པའི་ཐབས་ལམ་བརྒྱུད་མཐོལ་བཤགས་གང་ཆེར་ཞུ་དགོས་སྐོར་དང་། ཡང་སྤྱི་འཐུས་ཤིག་གིས་ད་ལན་སྤྱི་འཐུས་རྣམ་པས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཙམ་དུ་མ་ཟད་རྒྱ་ཆེའི་མི་མང་རྣམས་ལའང་བཟོད་གསོལ་ཞུ་དགོས་སྐོར་གྱི་དགོངས་ཚུལ་བཏོན་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese