མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཐེངས་དང་པོ་མཇུག་སྒྲིལ།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ གྲོས་ཚོགས་ཚོགས་དུས་དང་པོ་ལམ་ལྷོང་ཡོང་བ་དང་རྟེན་འབྲེལ་མི་འཕྱུག་པའི་ཆེད་དུ། བཀའ་བློན་འོས་འདེམས་ཀྱི་ལས་འཕྲོ་མཚམས་འཇོག་གིས། མ་འོངས་པའི་གྲོས་ཚོགས་ཐོག་ད་རེས་ནང་བཞིན་གྱི་གནང་སྟངས་མི་ཡོང་བའི་འབོད་སྐུལ་ཞུས།

དེ་རིང་ཕྱི་དྲོ་ཆུ་ཚོད་ ༤ པའི་ཐོག་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཉིན་གཉིས་རིང་གི་གྲོས་ཚོགས་ཚོགས་དུས་ཐེངས་པོའི་མཇུག་བསྡོམས་སྐབས། མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ཚོགས་གཙོའི་གསུང་བཤད་གནང་སྐབས། གྲོས་ཚོགས་རྗེས་མའི་ནང་ཁྲིམས་བཟོ་བསྐྱར་བཅོས་ཚོགས་ཆུང་འཛུགས་ཐུབ་པ་བྱ་རྒྱུ་དང་། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་དེ་ཉིད་ལས་བསྡོམས་དང་སྔོན་རྩིས་གཉིས་ཀའི་ཐོག་འཚོགས་དགོས་ཁེལ་གྱི་ཡོད་པ་དང་། ད་ལན་གྲོས་ཚོགས་ནང་སྤྱི་མོས་བྱུང་བའི་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་ལ་མཇུག་སྐྱོང་དང་། མ་འོངས་པར་སྤྱི་འཐུས་ཙམ་དུ་མ་ཟད་གནད་ཡོད་མི་སྣ་དང་། རྒྱ་ཆེའི་མང་ཚོགས་ཀུན་གྱིས་འགན་འཁུར་ལེན་དགོས་སྐོར་གསུངས་སོང་།

ཚོགས་གཙོ་མཆོག་གི་མཇུག་བསྡོམས་གསུང་བཤད་ནང་། གྲོས་ཚོགས་ཚོགས་དུས་ལས་ཉིན་དང་པོའི་སྐབས་གསུམ་ཆ་གཉིས་ཀྱི་མང་མོས་མ་ཐོབ་པའི་རྐྱེན་གྱིས་གཏན་འབེབས་མ་བྱུང་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྐོ་གཞག་གི་འོས་ཆོས་སྐོར་གྱི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་དང་འབྲེལ་བའི་ཐོག་ལ། བཅའ་ཁྲིམས་ནང་གསལ་བའི་འོས་ཆོས་གཞིར་བཟུང་འགྲོ་ཐུབ་ཀྱི་མེད་པ་གསལ་པོ་རེད། དཀའ་ངལ་ཞིག་འཕྲད་བསྡད་ཡོད་པ་རེད། དེ་དུས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གྲོས་ཚོགས་ཀྱི་ཚོགས་གཙོ་གཉིས་ཀྱི་ལས་ཁུངས་ལ་ཕེབས་ནས། དེ་དུས་ལོ་བཅུ་གསུངས་མེད་པ་གསལ་པོ་རེད་དེ། ལོ་ལྔ་དྲུག་འདྲ་གསུངས་སོང་། ང་ཚོས་འདི་ནང་(གྲོས་ཚོགས་)ཁྲིམས་ཞིབ་པའི་འོས་མི་ཞིག་འཁུར་ཡོང་བ་ཡིན་ན། མི་གཉིས་ལས་མ་ཉུང་བའམ་ཉིས་ལྡབ་ལས་མ་ཉུང་བ་དགོས་ཀྱི་ཡོད་པ་རེད། དེ་འདྲའི་ཐོག་ནས་ཚོགས་གཙོ་གཉིས་ཀྱིས་ལོ་ ༡༠ ཙམ་བཞག་ན། ལོ་ ༡༠ ནང་མི་མང་པོ་མེད་ནའང་གང་ལ་གང་འཚམ་གྱིས་ཐོན་ཐུབ་པའི་དམིགས་ཚད་ལྟ་བུ་བཟུང་བ་རེད། འོན་ཀྱང་ང་ཚོའི་གནས་སྟངས་ཀྱི་ཐོག་ནས་འོས་ཆོས་ཚང་མཁན་རག་རྒྱུ་ཁག་པོ་རེད། དེར་བརྟེན་ཁ་སང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་བ་ཇི་བཞིན། ང་ཚོས་འཆར་འབུལ་ཚོགས་ཆུང་ཞིག་བཙུགས་རྗེས། འཆར་འབུལ་ཚོགས་ཆུང་ལ་མི་འགྲོ་རག་གི་མེད་ཚེ། དེ་གསལ་པོ་ཆགས་བསྡད་པ་རེད། དེའི་ཐོག་ནས་གྲོས་ཚོགས་ངོས་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་བྱེད་དགོས་པ་རེད། དེ་བཞིན་ལོ་ཚད་དེ་ཕར་འགྱངས་བྱེད་དགོས་མིན་དང་། ཡང་ན་ཆ་རྐྱེན་དེ་རང་ལ་ཤར་བསྐྱོད་བྱས་ཏེ་ཡོངས་གྲགས་ཐོག་འགྲོ་ཐུབ་མིན་ཐད་བཀུར་འོས་སྤྱི་འཐུས་རྣམས་དང་རྒྱུན་ལས། ལྷག་པར་དུ་ཚོགས་གཙོ་གཉིས་ཀྱིས་དེའི་ཐད་བསམ་བློའི་ནང་བང་བསྒྲིག་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཚོགས་གཙོ་མཆོག་གིས། འདས་པའི་ཟླ་བ་བཞི་རིང་གྲོས་ཚོགས་ཚོགས་མ་ཐུབ་པའི་རྐྱེན་གྱིས་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཡུན་ཐོག་གླེང་སློང་ཡོང་བཞིན་པར་བརྟེན། བཅའ་ཁྲིམས་དོན་ཚན་ ༣༩ ནང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་རེའི་ཡུན་ཚད་ལོ་ལྔ་རེ་ཡིན་ཞེས་མ་གཏོགས་འཁོད་མེད་ཀྱང་། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༣༨ པའི་ནང་། བོད་མི་མང་སྤྱི་འཐུས་སྐབས་རེའི་ཡུན་ཚད་དམ་བཅའ་ཕུལ་ཉིན་ནས་བཟུང་ལོ་ལྔ་རེ་ཡིན། ཞེས་གསལ་འཁོད་ལྟར། གྲོས་ཚོགས་སྐབས་བཅུ་བདུན་གྱི་ཡུན་ཚད་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༨ ནས་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༧ བར་ཆགས་ཀྱི་ཡོད་སྐོར་དང་། བཀའ་ཤག་གི་གསལ་བཤད་ནང་འཁོད་པའི་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་སྐོར་ནས། གྲོས་ཚོགས་འཐུས་མིའི་ཁྲོད་ཁྲིམས་སྒྲིག་ཁ་ཇེ་གསལ་དུ་གཏོང་དགོས་པའི་དགོངས་ཚུལ་ཡོད་མཁན་མང་པོ་ཡོད་སྟབས། ཚོགས་གཙོ་གཉིས་ཀྱིས་འདས་པའི་དཀའ་ངལ་དང་ཉམས་མྱོང་ལ་བརྟེན་ནས་མ་འོངས་པར་ཁྲིམས་སྒྲིག་ཁག་ཇེ་ཕྱུག་དང་ཁ་ཇེ་གསལ་གཏོང་ཐུབ་ཆེད། གྲོས་ཚོགས་རྗེས་མའི་ནང་སྤྱི་འཐུས་དང་། ཁྲིམས་སྒྲིག་ལ་རྒྱུས་ཡོད་པའི་གནད་ཡོད་མི་སྣ། འཛིན་སྐྱོང་གི་གནད་ཡོད་མི་སྣ་སོགས་ལས་གྲུབ་པའི་ཚོགས་ཆུང་ཞིག་འཛུགས་ཐུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་དང་། མ་འོངས་པར་གྲོས་ཚོགས་ར་བའི་ནང་སྤྱི་འཐུས་རྣམ་པའི་ལུས་ངག་གི་ཀུན་སྤྱོད་རྣམས་གྲོས་ཚོགས་ཀྱི་སྐད་ཡིག་དང་མཐུན་ཞིང་ཆེ་མཐོང་ལྡན་པ་ཞིག་ཡོང་ཐུབ་ཐབས་སུ་འབད་བརྩོན་གནང་དགོས་སྐོར་ཡང་གསུངས་སོང་།

སྤྱིར་གྲོས་ཚོགས་ཀྱི་ལས་རིམ་གཞིར་བཟུང་། དེ་རིང་ཉིན་རྒྱབ་ཀྱི་ཚོགས་ཐུན་དང་པོའི་སྟེང་ཁ་སང་ལྷག་འཕྲོར་ལུས་པའི་བཀའ་བློན་འོས་འདེམས་བྱ་གཏན་འཁེལ་ཡོད་ནའང་། ཁ་སང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་སྤྱི་འཐུས་ལས་ཐོག་སོག་སྟོད་དངོས་གྲུབ་རྡོ་རྗེ་ལགས་བཀའ་བློན་གྱི་འོས་མིར་མཚན་འདོན་གནང་སྐབས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་གཙོས་པའི་སྤྱི་འཐུས་གྲངས་ ༡༩ ཡིས་དགག་བྱ་གནང་བ་དང་བསྟུན། སྲིད་སྐྱོང་མཆོག་ནས་བཀའ་བློན་འོས་མི་དེ་ཉིད་ཕྱིར་འཐེན་མ་བྱས་ཚེ་གྲོས་ཚོགས་ཀྱི་ལས་རིམ་ནང་མཉམ་ཞུགས་བྱ་རྒྱུ་མིན་སྐོར་བརྗོད་དེ་གྲོས་ཚོགས་ནས་ཕྱིར་ཐོན་ཡོད་པ་ལྟར། དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དང་པོ་འདི་བཞིན་ལམ་ལྷོངས་ཡོང་རྒྱུ་དང་རྟེན་འབྲེལ་མ་འཕྱུག་པའི་ཆེད་དུ་བཀའ་བློན་འོས་མི་མཚན་འདོན་གནང་རྒྱུ་ཕྱིར་འཐེན་གནང་སྟེ། བཀའ་བློན་འོས་མི་རྣམས་གྲོས་ཚོགས་རྗེས་མའི་ནང་བསྣམ་རྒྱུ་དང་། སྐབས་དེར་སྤྱི་འཐུས་རྣམ་པས་ཁ་སང་ལྟར་མི་གནང་རྒྱུའི་འབོད་སྐུལ་གནང་སོང་། འདི་གའི་གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཚན་འདོན་གནང་འཆར་ཡོད་པའི་བཀའ་བློན་འོས་མི་བདུན་པ་ནི་སྤྱི་འཐུས་ལས་ཐོག་ཟླ་བ་ཕུན་སྐྱིད་ལགས་ཡིན་འདུག

ཐེངས་འདིའི་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དང་པོའི་སྟེང་། གཞུང་འབྲེལ་མྱ་ངན་གུས་འདད་ཀྱི་རྗེས་དྲན་གྲོས་ཆོད་ ༨ དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་དོན་ཚན་ ༥ ཅན་བཅས་སྤྱི་མོས་ཀྱིས་གཏན་འབེབས་གནང་ཐུབ་ཡོད་ལ། དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་བཀའ་ཤག་སྐབས་ ༡༦ པའི་བཀའ་བློན་བུད་མེད་གསུམ་འོས་འདེམས་གནང་ཐུབ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 4 སྔོན།

    སྲིད་སྐྱོང་ནས་བཀའ་བློན་འོས་མི་འདོན་རྒྱུུའི་ཐོབ་ཐང་ཡོད་པ་ལྟར་སྟོན་གནང་རེད། ་དེར་རྣམས་སུ་གྲོས་ཚོགས་ནས་དམའ་མཐའི་འོས་ཐོབ་དགོས་ངེས་ཆེད་གྲོས་ཚོགས་སུ་ཕུལ་རེད། འོས་མིར་འདོད་བློ་མེད་ན་འོས་མི་གནང་བའི་ལམ་ནས་ཐག་གཅོད་རྒྱུ་ལས་གཞན་གྲོག་ཚོགས་ར་བ་ནས་ཕྱིར་ཐོན་ཞུ་དགོས་གནད་མིན་འདུག སེར་རྟ་ཚུལ་ཁྲིམས་ལགས་ནས་དེ་ལྟར་གནང་དགོས་དོན་མིན་འདུག་པ་མ་ཟད་སླར་ཡང་བོད་སྤྱི་བའི་ལས་དོན་ལ་གནོད་ཚེ་ཞིག་འབུལ་གནང་སོང་བས་བློ་ཕམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese