མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོས་ཀྱི་མི་ཚེ་འདིའི་ནང་འཛམ་གླིང་མི་མང་སྤྱིའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཆེན་པོ་ཕྱིན་པ་ཞིག་མཐོང་གི་འདུག་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༡/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ང་ཚོའི་མི་ཚེའི་ནང་གནས་སྟངས་རིགས་འགའ་ཤས་ཤིག་ལ་གདོང་ལེན་མི་ཐུབ་པ་དང་འགྱུར་བའང་གཏོང་ཐུབ་ཀྱི་མེད་དུས་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་དྭང་ལེན་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་སྩལ།

དེ་རིང་༧གོང་ས་མཆོག་གིས་འཛམ་གླིང་སྟེང་རྩོད་རྙོག་གི་དཀའ་ངལ་ཅན་གྱི་ཡུལ་ལུང་འདྲ་མིན་གྱི་གཞོན་སྐྱེས་མགོ་ཁྲིད་ཁག་ཅིག་དང་ལྷན་དུ་ནང་བསམ་བློའི་སློབ་སྦྱོང་དང་ཀླད་པའི་ཡར་རྒྱས་ཞེས་པའི་བརྗོད་གཞིའི་ཐོག་དྲ་ལམ་བརྒྱུད་ཉིན་གཉིས་པའི་བཀའ་སློབ་ལམ་སྟོན་དང་དྲི་བར་བཀའ་ལན་སྩལ་སྐབས། ཐོག་མར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། སྤྱིར་བཏང་ཚང་མས་ཧ་གོ་ཡི་ཡོད་པ་རེད། འདས་པའི་ལོ་རབས་བརྒྱ་ཕྲག་ཁ་ཤས་ཀྱི་གོང་ལ་འཁྲུག་རྩོད་བྱུང་བའི་སྐབས་གསོད་རེས་གཏོང་རྒྱུ་དེ་འཆར་ཅན་ཆགས་ཀྱི་ཡོད་པ་རེད། དཔེར་ན་ངོས་རང་གི་མི་ཚེའི་ནང་དུ་ཆ་བཞག་ནའང་། དམག་ཆེན་དང་པོ་དང་དམག་ཆེན་གཉིས་པ་བྱུང་བའི་སྐབས། མི་ཕལ་མོ་ཞིག་གིས་རྒྱལ་ཁབ་ཀྱི་རྩ་དོན་གྱི་དོན་དུ་གཞན་གྱི་སྲོག་གཅོད་པ་དེ་ཧ་ལམ་རུང་བ་ལྟ་བུ་རྩི་མཁན་རྐྱང་རྐྱང་ཆགས་བསྡད་ཡོད་རེད། དེར་བརྟེན་དེའི་ཐོག་ལ་དཔུང་དང་དཔལ་འབྱོར། ནུས་ཤུགས་རྣམས་གོ་མཚོན་བཟོ་བའི་དོན་དུ་བེད་སྤྱོད་ཞེ་དྲགས་བཏང་བ་རེད། དེ་འདྲའི་བསམ་བློ་གཏོང་སྟངས་ཀྱི་རིམ་པ་དེར་འགྱུར་བ་འགྲོ་ཡི་འདུག  ང་རང་ཚོའི་འཛམ་བུ་གླིང་སྤྱི་ཡོངས་ཀྱི་ཞི་བདེའི་དོན་དུ་དགོངས་པ་བཞེས་མཁན་རྒྱ་ཆེ་རུ་ཕྱིན་འདུག  ལྷག་པར་དུ་དེང་སང་རྒྱལ་ཁབ་བྱེ་བྲག་པ་སོ་སོ་སྒེར་གྱི་ཁེ་ཕན་དེ་རྒྱལ་སྤྱིའི་དཔལ་འབྱོར་དང་འབྲེལ་བ་ཡོད་པ་དེ་འདྲའི་བསམ་ཤེས་ཡོང་གི་ཡོད་རེད། འདས་པའི་དུས་རབས་སྔ་མའི་སྐབས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོ་འདོན་བྱས་པར་བརྟེན། དེ་བསྒྲུབ་པའི་དོན་དུ་དྲག་རྩུབ་ཀྱི་བྱ་སྤྱོད་སྤེལ་རྒྱུ་དེ་འདྲ་བྱུང་ཡོད་རེད། དེང་སང་དཔལ་འབྱོར་དང་ཆོས་གང་འདྲ་ཞིག་ཡིན་རུང་ཕན་ཚུན་ལྟོས་དགོས་ཀྱི་ཡོད་པར་བརྟེན། རང་བཞིན་དེ་ལ་བརྟེན་ནས་འཁྲུག་རྩོད་དང་དམག་རྒྱག་་པ་སོགས་ཀྱིས་ཕན་ཐོགས་ཡོད་མ་རེད། བྱས་ཙང་མི་མཐུན་པའི་ཆ་ཡོད་ན། མི་མཐུན་པའི་ཆ་སེལ་བའི་དོན་དུ་ཕན་ཚུན་གྲོས་མོལ་བྱས་ནས་སྐད་ཆ་བཤད་དེ་སེལ་དགོས་པ་ཞིག་རེད། ངོས་རང་གི་མི་ཚེ་འདིའི་ནང་འཛམ་གླིང་གི་མི་མང་སྤྱིའི་བསམ་བློ་གཏོང་སྟངས་ཀྱི་ཕྱོགས་ལ་འགྱུར་བ་ཆེན་པོ་ཕྱིན་པ་ཞིག་མཐོང་གི་འདུག ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། ང་ཚོས་མི་རབས་རྗེས་མར་དམིགས་བསལ་གྱིས་དོ་སྣང་བྱས་ནས་སློབ་སྦྱོང་ཚད་ལྡན་སྤྲོད་དགོས་རྒྱུ་གལ་ཆེན་པོ་རེད། འཛམ་གླིང་ལ་འགྱུར་བ་འགྲོ་ཡི་ཡོད་རེད། འགྱུར་བ་དེ་དང་བསྟུན་པའི་ཁ་ཡོད་ལག་ཡོད་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་ཤེས་གཅིག་ནི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བསམ་བློ་སྤེལ་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། སོ་སོའི་རྒྱལ་ཁབ་དང་སོ་སོའི་ས་གནས་གཙོ་བོ་ཐེར་འདོན་བྱ་རྒྱུ་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་མི་རབས་གསར་པ་ཚོས་སློབ་སྦྱོང་གི་སྒོ་ནས་འདས་པའི་དམག་གི་གནས་ཚུལ་དང་ལོ་རྒྱུས་རིགས། དེ་བཞིན་གོ་མཚོན་བཟོ་བ་སོགས་པ་དེ་འདྲའི་སློབ་སྦྱོང་ཞེ་དྲགས་བྱེད་མི་དགོས་པར། དེ་ལས་ལྡོག་སྟེ་འཛམ་གླིང་ཞི་བདེ་ཚད་དང་ལྡན་པ་ཡོང་བའི་དོན་དུ་གང་བྱེད་དགོས་ཡོད་མེད་དེ་འདྲའི་སྐོར་སློབ་སྦྱོང་སྤེལ་རྒྱུ་ཞེ་དྲགས་གལ་ཆེན་པོ་རེད། རྒྱལ་ཁབ་གང་ཡིན་རུང་སོ་སོའི་ཁེ་ཕན་རྐྱང་རྐྱང་བསྒྲུབ་པའི་དོན་དུ་ཐབས་ཤེས་གང་བཏང་རུང་འགྲིག་གི་རེད་བསམ་པའི་བསམ་བློ་འདི་རྗེས་ལུས་ཐེབས་པའི་བསམ་བློ་ཆགས་བསྡད་ཀྱི་ཡོད་པ་རེད། དེར་བརྟེན་མི་རབས་གསར་པ་ཚོས་འཛམ་གླིང་སྤྱིའི་བདེ་རྩ་དང་འགྲོ་བ་མི་སྤྱིའི་བདེ་སྡུག་སྐོར་ལ་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

དེ་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ནང་སློབ་ཕྲུག་ཁག་ཅིག་གིས། ང་ཚོའི་བཅོས་སུ་མེད་པའི་གནད་དོན་ཁག་གམ་འགྱུར་བ་གཏང་རྒྱུ་མེད་པའི་གནས་ཚུལ་ཁག་ལ་ང་ཚོས་དྭང་དུ་ལེན་པའི་ཐབས་ཤེས་གང་འདྲ་ཡོད་སྐོར་དྲིས་པར་༧གོང་ས་མཆོག་གིས། ང་ཚོ་མིའི་བསམ་བློ་འདི་ལ་རྒྱ་ཆེ་ས་ནས་བསམ་བློ་གཏོང་ཐུབ་པའི་ནུས་པ་ཡོད་རེད། ང་ཚོའི་མི་ཚེ་འདིའི་ནང་གནས་སྟངས་རིགས་འགའ་ཤས་ཤིག་གདོང་ལེན་མི་ཐུབ་པ་དང་འགྱུར་བའང་གཏང་རྒྱུ་མེད་པ་དེ་འདྲ་ཡོད་དུས། འདི་དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐོག་ནས་དྭང་ལེན་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། དཔེར་ན། རྒྱ་གར་གྱི་མཁས་པ་རྒྱལ་སྲས་ཞི་བ་ལྷས་གསུངས་ཡོད་པ་རེད།  གལ་ཏེ་བཅོས་སུ་ཡོད་ན་ནི། དེ་ལ་མི་དགར་ཅི་ཞིག་ཡོད། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགར་བྱེད་ཅི་ཕན། ཞེས་གསུངས་ཡོད་རེད། དེར་བརྟེན་ང་ཚོས་འགྱུར་བ་གཏང་རྒྱུ་མེད་པ་ཡིན་ན། དེ་ལ་སེམས་ཁྲལ་བྱས་ནས་ཕན་ཐོགས་ག་རེ་འདུག་ཟེར་བ་འདི་བཀའ་གནང་བ་ལྟར་ཉམས་ལེན་བྱེད་ན་འགྲིག་གི་ཡོད་པ་རེད། ཅེས་བཀའ་ལན་གནང་སོང་།

ཡང་སློབ་ཕྲུག་ (Isabel) ཞེས་པ་ཞིག་གིས། ཆོས་ལུགས་ཀྱི་དབུ་ཁྲིད་ཞིག་གིས་སོ་སོའི་ཆོས་ལུགས་ཀྱི་ར་བ་ལས་བརྒལ་ནས་འཛམ་གླིང་སྤྱི་ལ་ཁྱབ་པའི་འདྲ་མཉམ་དང་བྱམས་བརྩེ་ལ་སོགས་པ་སྤེལ་རྒྱུའི་དགོངས་པ་གང་འདྲ་ཤར་ཡོང་གི་ཡོད་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། ང་རང་ཚོར་ལམ་ལུགས་སྲོལ་མི་འདྲ་བ་དང་ལྟ་གྲུབ་མི་འདྲ་བ་འདི་ཚོས་ཕན་ཐོགས་ཡོང་གི་ཡོད་པ་རེད། དཔེར་ན་ཁ་ལག་ལྟ་བུར་ཆ་བཞག་པ་ཡིན་ན། ཞོགས་པ་དང་ཉིན་གུང་། དགོང་མོའི་ཁ་ལག་ཆ་ཚང་གཅིག་ཟ་བ་ཡིན་ན་ཁ་ལག་ལ་ཞེན་པ་ལོག་པ་ཆགས་ཀྱི་འདུག  དེར་བརྟེན་བསམ་བློའི་ནང་དུ་བསམ་བློ་གཅིག་རང་གཅིག་བསྐྱར་བཟློས་བྱས་པ་ཡིན་ན། ཀླད་པ་དཀའ་ལས་ཁག་པ་དེ་འདྲ་ཡོང་སྲིད་ཀྱི་རེད། བྱས་ཙང་བསམ་བློ་གཏོང་སྟངས་མ་འདྲ་བ་གཅིག་བྱུང་བ་ཡིན་ན། དཔེར་ན་ཆོས་ལུགས་མ་འདྲ་བ་དང་ལྟ་གྲུབ་མ་འདྲ་བ་ཡོད་དུས། དེ་འདྲའི་བསམ་ཚུལ་ལ་སློབ་སྦྱོང་བྱས་ནས་ཞིབ་བསྡུར་བྱས་པ་ཡིན་ན་ཕན་ཐོགས་ཡོང་གི་རེད། དེ་འདྲའི་བསམ་བློ་མང་པོ་གཏང་བ་ཡིན་ན་ང་ཚོའི་ཀླད་པ་འདི་ལ་དངོས་གནས་ནུས་པ་ཡོད་པ། བེད་སྤྱོད་ཆེན་པོ་ཡོད་པ། དམིགས་བསལ་གྱི་ཁྱད་ཆོས་ཡོད་མཁན་གྱིས་མིའི་ཀླད་པ་རྗེན་པ་ར་འཕྲོད་ཀྱི་རེད། དེ་འདྲའི་རྣམ་དཔྱོད་ཅན་གྱི་ཀླད་པ་དེས་གནས་ཚུལ་བྱེ་བྲག་པ་གཅིག་ལ་རྐྱང་རྐྱང་བསམ་བློ་བཏང་བ་ཡིན་ན། ཀླད་པའི་རྣམ་དཔྱོད་འདི་འཕྲོ་བརླག་གཏོང་བ་ལྟ་བུ་རེད། ནང་པའི་ཆོས་ལུགས་ལ་ཆ་བཞག་ན། ང་ཚོའི་གྲུབ་མཐའི་ནང་ཆོས་ལུགས་མ་འདྲ་བ་ཚོས་ལྟ་གྲུབ་རིགས་ཆ་ཚང་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་ཆོས་ལུགས་མ་འདྲ་བ་མང་པོ་ཡོད་རེད། ཆོས་ལུགས་མི་འདྲ་བའི་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད་ནའང་བསླབ་བྱ་གཅིག་གྱུར་རེད། དེར་བརྟེན་བསླབ་བྱ་འདི་ཆོས་ལུགས་ཀྱི་སྙིང་པོ་ལྟ་བུ་ཆགས་བསྡད་ཡོད་པ་དང་ཉམས་སུ་ལེན་རྒྱུ་དངོས་འདི་ཆགས་ཡོད་པར་བརྟེན། བྱམས་སྙིང་རྗེ་འདི་བསླབ་བྱའི་སྙིང་པོ་ཆགས་ཀྱི་ཡོད་པ་རེད། བྱམས་སྙིང་རྗེའི་བསླབ་བྱ་སྤེལ་བར་རྒྱབ་རྟེན་གྱི་ལྟ་གྲུབ་མི་འདྲ་བ་ཡོད་ན། འདི་ཡོང་ཆོག་གི་རེད་བསམ་གྱི་འདུག  ཅེས་བཀའ་སློབ་སྩལ་ནས་ཉིན་གྲངས་གཉིས་རིང་གི་བཀའ་སློབ་ལེགས་པར་གྲུབ་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese