མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་ཆེན་རྩྭ་མཆོག་གྲོང་དུ་རྒྱལ་སྤྱིའི་གནམ་ཐང་ཞིག་དབུ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་གིས་གནས་ཆེན་རྩྭ་མཆོག་གྲོང་དུ་རྒྱལ་སྤྱིའི་གནམ་ཐང་ཞིག་དབུ་འབྱེད་གནང་སྟེ་འཛམ་གླིང་གི་ནང་པ་ཚོར་གནས་མཇལ་སྟབས་བདེ་ཡོང་ཆེད་ནང་པའི་གནས་ཆེན་རྣམས་ཡར་རྒྱས་གཏོང་རྒྱུ་ནི་རྒྱ་གར་དབུས་སའི་གཞུང་གི་ལས་དོན་གལ་ཆེན་ཞིག་ཡིན་སྐོར་གསུངས་འདུག

PM Narendra Modi to attend Abhidhamma Day programme at U.P.

དེ་རིང་རྒྱ་གར་གྱི་བྱང་ཕྱོགས་མངའ་སྡེ་ཨུ་ཏར་པར་དྷི་ཤིའི་ནང་ཆགས་པའི་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ས་རྩྭ་མཆོག་གྲོང་ (Kushinagar) དུ། འབར་མའི་ལྷ་བབ་དུས་ཆེན་གྱི་མཛད་སྒོ་འཚོགས་པའི་ཐོག་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ཕེབས་ཏེ། རྒྱལ་སྤྱིའི་གནམ་ཐང་ཞིག་དབུ་འབྱེད་གནང་བ་དང་འབྲེལ། སངས་རྒྱས་ཀྱི་སྐུ་བརྙན་ལ་ན་བཟའ་གསོལ་ཏེ་མཆོད་འབུལ་སྨོན་ལམ་གནང་ཡོད་འདུག་ལ། དེ་རིང་གནམ་ཐང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སིང་གྷ་ལ་ (Sri Lanka) དང་ཐའེ་ལན་ཌི་ (Thailand)། འབར་མ་ (Myanmar)། ལྷོ་ཀོ་རི་ཡ་ (South Korea)། བལ་ཡུལ། འབྲུག  ཀེམ་བྷོ་ཌི་ཡ་ (Cambodia) སོགས་ནས་ཡིན་པའི་ནང་པའི་གྲྭ་པ་སྙན་གྲགས་ཅན་དང་། དེ་བཞིན་ནང་པའི་རྗེས་འབྲང་མང་བའི་རྒྱལ་ཁབ་ཀྱི་གཞུང་ཚབ་རྣམས་ཀྱང་ལྷན་འཛོམས་གནང་ཡོད་འདུག

དེ་ཡང་གནམ་ཐང་དབུ་འབྱེད་ཀྱི་མཛད་སྒོའི་སྟེང་སྲིད་བློན་མུ་དྷི་མཆོག་གིས། རྒྱ་གར་གྱི་ངོས་ནས་སྟོན་པ་བཅོམ་ལྡན་འདས་དང་འབྲེལ་བའི་གནས་ཆེན་རྣམས་ཡར་རྒྱས་གོང་འཕེལ་ཡོང་ཐབས་དང་། ནང་བསྟན་རྗེས་འབྲང་བ་རྣམས་ཀྱི་འགྲིམ་འགུལ་སྟབས་བདེ་ཡོང་ཆེད་གནམ་ཐང་ལས་གཞི་འདིར་དོ་སྣང་དམིགས་བསལ་བྱས་ཡོད། རྩྭ་མཆོག་གྲོང་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་ད་ལྟའི་དབུས་སའི་གཞུང་གི་ལས་དོན་གལ་ཆེན་ཞིག་ཡིན། ཞེས་དང་། རྒྱ་གར་ནི་སངས་རྒྱས་ཆོས་ལུགས་ཀྱི་འབྱུང་གནས་དང་ལྟེ་གནས་ཤིག་ཡིན་ལ། རྩྭ་མཆོག་གྲོང་གི་རྒྱལ་སྤྱིའི་གནམ་ཐང་འདི་ནི་འཛམ་གླིང་ཁྱོན་དུ་གནས་པའི་ནང་བསྟན་རྗེས་འབྲང་བ་རྣམས་ལ་ལེགས་སྐྱེས་སུ་ཕུལ་བ་ཞིག་ཡིན། ཞེས་གསུངས་འདུག་ལ། དེ་རིང་དབུ་འབྱེད་བྱས་པའི་གནམ་ཐང་འདིས་ཆོས་ཕྱོགས་ཙམ་དུ་མ་ཟད་མངའ་སྡེའི་དཔལ་འབྱོར་ལའང་ཐུགས་ཕན་ཆེན་པོ་གསོ་ངེས་ཡིན་པ་དང་། ལྷག་པར་དུ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་ཚན་པར་ཁེ་ཕན་ཆེན་པོ་ཐོབ་ངེས་ཡིན་སྐོར་སོགས་གསུངས་ཡོད་འདུག

ས་ཁྱོན་ཨེ་ཀར་ ༥༩༠ ལྷག་ཡོད་པའི་རྒྱལ་སྤྱིའི་གནམ་ཐང་གསར་པ་དེ་འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༦ ནས་སྤྱི་དམངས་འགྲིམ་འགྲུལ་གནམ་གྲུ་དངོས་སུ་འཕུར་གཏོང་བྱ་རྒྱུ་ཡིན་འདུག་ལ། གནམ་ཐང་དེ་བརྒྱུད་ནས་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་སིང་གྷ་ལ་ (Sri Lanka) དང་ཉི་ཧོང་། ཐའེ་ཝན། ལྷོ་ཀོ་རི་ཡ། རྒྱ་ནག  ཐའེ་ལན་ཌི། ཝེ་ཐི་ནམ་ (Vietnam)། སིང་གྷ་པུར་(Singapore) གྱིས་མཚོན་པའི་ནང་བསྟན་དར་འཕེལ་ཆེ་བའི་རྒྱལ་ཁབ་ཁག་ལ་ཐད་ཀར་མཁའ་ལམ་འགྲིམ་འགྲུལ་བྱེད་ཐུབ་ཀྱི་ཡོད་པ་རེད་འདུག

PM Narendra Modi opens international airport at UP’s Kushinagar

སྔོན་རྩིས་མ་དངུལ་ལྟར་ན། རྒྱ་གར་གྱི་གནམ་ཐང་ལྷན་ཚོགས་ (Airport Authority of India) དང་ཨུ་ཏར་པར་དྷེ་ཤི་གཞུང་གཉིས་ཀྱིས་མཉམ་འབྲེལ་ཐོག་ནས་འཛུགས་སྐྲུན་བྱས་པའི་རྒྱལ་སྤྱིའི་གནམ་ཐང་དེར་ཁྱོན་འགྲོ་གྲོན་ཧིན་སྒོར་བྱེ་བ་ ༢༦༠ ཙམ་སོང་འདུག་ལ། གནམ་ཐང་དེའི་ཞུགས་སྒོར་སྨི་གྲུ་བཞི་མ་ ༣༦༠༠ ལྷག་གི་རྒྱ་ཁྱོན་ཡོད་པ་དང་། གནམ་ཐང་དེས་རྒྱ་གར་གྱི་ཐོན་འབྲས་རིགས་སྐྱེལ་འདྲེན་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་ཅིང་། རྒྱ་གར་ནང་སྤྲོ་འཆམ་པ་བརྒྱ་ཆ་ ༢༠ ལྷག་འགྲིམ་འགྲུལ་བྱ་ཐུབ་པའི་ཚོད་དཔག་བྱེད་ཀྱི་འདུག་ལ། མངའ་སྡེ་གཞུང་ངོས་ནས་གནམ་ཐང་དེ་ཉིད་རྒྱ་གར་གྱི་ནང་པའི་སྤྲོ་འཆམ་ས་ཚིགས་སུ་ངོས་འཛིན་བྱ་འཆར་ཡོད་འདུག

དེ་རིང་དབུ་འབྱེད་བྱས་པའི་རྒྱལ་སྤྱིའི་གནམ་ཐང་འདི་ནི་འདས་པའི་ལོ་ ༧ ནང་ཨུ་ཏ་པར་དྷི་ཤི་ནང་འཛུགས་སྐྲུན་བྱས་པའི་གནམ་ཐང་དགུ་པ་དེ་ཡིན་ཞིང་། དེའི་ཐོག་འབྱུང་འགྱུར་མངའ་སྡེ་དེའི་ནང་བསྐྱར་དུ་གནམ་ཐང་མི་འདྲ་བ་ ༡༡ འཛུགས་སྐྲུན་བྱ་འཆར་ཡོད་ཅིང་། ད་ལྟ་འཛུགས་སྐྲུན་བྱེད་མུས་ཡིན་པའི་ཇེ་ཝར་གནམ་ཐང་ (Jewar Airport) ནི་རྒྱ་གར་རྒྱལ་ཡོངས་ཀྱི་གནམ་ཐང་ཆེ་ཤོས་དེར་འགྱུར་རྒྱུ་ཡིན་འདུག

གསར་འགོད་པ། པ་སངས་ཚེ་རིང་། བསྟན་འཛིན་ཕུར་བུ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༨ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༢༡ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese