མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཟེངས་བསྟོད་འཁྲུངས་སྐར་ཀྱི་དུས་བབ་ཅིག་ང་ཚོར་ལྷག་མེད།

བོད་ཀྱི་དུས་བབ།
༢༠༢༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

བནྡེ་སྐྱབས།

ལོ་ངོ་འགའི་སྔ་གཞུག་འདིར། བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཅིག་ལ་བཀའ་དྲིན་རྗེས་དྲན་དང་ཉིག་ལ་གཟེངས་བསྟོད་མཛད་སྒོ མིག་གི་འཁྲུངས་སྐར་སྲུང་བརྩི་ཟེར་པ་སོགས་གཅིག་རྗེས་གཉིས་མཐུད་དུ་འུར་ཟིང་གི་རླབས་རྒྱུན་ཞིག་གང་ས་གང་ན་རྡོལ་ཡོང་གི་འདུག

མནོ་བསམ་རེ་བཏང་ན། མི་སྣ་འདི་ཚོས་བློ་བུར་དུ་སྔ་ན་མེད་པའི་མཛད་རྗེས་རླབས་པོ་ཆེ་རེ་ཉེ་བའི་ལོ་འདི་དག་ནང་བཞག་གནང་སོང་པས་ཡིན་ནམ། ཡང་ན་འདི་དག་ལ་གཟེངས་བསྟོད་དང་འཁྲུངས་སྐར་གོ་སྒྲིག་བྱེད་མཁན་ཚོས་གཞི་ནས་ཁོང་ཚོའི་མཛད་རྗེས་ལ་མྱོང་ཚོར་ཤེས་རྟོགས་ཀྱི་བློ་མིག་ལ་འོད་སྣང་བབས་སོང་པ་རེད། དེ་མིན་ན། འཁྲབ་སྟོན་པ་རིགས་གཅིག་ལ་ཐོབ་པའི་རླུང་རྟ་ཡར་འགྲོ་ཡི་གར་སྟེགས་ལས། མི་སྣ་ཁོང་ཚོ་ཟློས་གར་འཁྲབ་སྟོན་ཁྲོད་དུ་རང་བློས་བཅད་པའི་མི་སྣ་རུ་གང་འདོད་དུ་བཞེངས་སྐྲུན་གྱི་སྣང་བརྙན་དུ་བསྟན་པ་ཙམ་རེད་དམ། གཞན། བྱིས་པ་སྣ་ལུག་ཚོས་བྱིས་པའི་རྩེད་ར་ནས་ཁྱོད་ལ་དེ་ཡོད་ན་ང་ལ་འདི་ཡོད་ཅེས་ཕན་ཚུན་བར་འགྲན་རྩོད་དང་ངོམ་སོ་རྒྱག་རེས་བྱེད་པའི་བྱ་སྤྱོད་དེ་ལྟ་བུ་ཞིག་ཡིན་དོགས་མེད། ད་དུང་རྔ་མོང་མཐོ་ས་ན་རིམ་མ་ཆེ་ཟེར་བ་ལྟར། དེ་དང་དེའི་ཉེ་འབྲེལ་སོགས་ལའང་འཁྲུངས་སྐར་དང་གཟེངས་བསྟོད་འབུལ་སྟངས་འདི་རིགས་ནི་གཞན་མ་ཡིན་ཏེ། བསམ་བློ་དང་སྤྱི་ཚོགས་ཤིག་རུལ་སུངས་སུ་འགྱུར་བཞིན་པའི་མངོན་རྟགས་ཤིག

ལོ་ངོ་འདི་དག་གི་ཡར་སྔོན་དུ་༧རྒྱལ་བའི་འཁྲུངས་སྐར་ལས་གཞན། ཆེ་ཆེ་བརྗིད་བརྗིད་དུ་རློམ་པ་དག་དང་། ཡང་ན་གོ་ཐོབ་ཅན་གྱི་མི་སྣ་ཚོའི་འཁྲུངས་སྐར་ཟེར་བ་ཞིག་དང་། ཁ་སང་དེ་རིང་གི་འུར་འུར་ཟང་ཟིང་གི་རྣམ་ཐར་འདི་རིགས་སྐྱོང་མཁན་མཐོང་སྣང་དུ་དཀོན། ད་དུང་བཀའ་དྲིན་རྗེས་དྲན་དང་མཛད་རྗེས་གཟེངས་རྟགས་ཟེར་བ་སོགས་ཁོར་ཡུག་ཆུང་ཆུང་འདིའི་མཁའ་དབུགས་ཡོངས་སུ་བསྒྲགས་ཤིང་འུར་བཞིན་འདུག ང་ཚོར་མཛད་རྗེས་དང་བཀྲིན་རྗེས་དྲན་གླེང་ས་ཞིག་ལྷག་ཡོད་དམ། མི་ལོ་བདུན་བཅུ་འདས་པའི་དུས་དེ་རིང་། ད་དུང་ཡང་ཕ་ཡུལ་དགྲ་ཏུ་ལྷག་ཡོད། སྤུན་ཟླ་ཁྲི་སྟོང་མང་པོའི་ཚེ་སྲོག་དགྲ་ལག་ཏུ་ཤོར་པའི་ཁྲག་དྲི་ད་དུང་སྐམ་མེད། གཞིས་བྱིས་གཉིས་སུ་གྱར་བའི་ཕུ་ནུ་དུས་ད་དུང་ཡང་ལྷན་འཛོམས་བྱུང་ཐུབ་མེད།

ཉིན་རེ་བཞིན་བཙན་འཛུལ་བའི་འཕར་སྤྱང་རྒོད་པའི་ཕ་ཡུལ་གྱི་མྱ་ངམ་ཐང་དེར་ལྟ་བཞིན། བཙན་འོག་གི་ཕུ་ནུ་མིང་སྲིང་ཚོའི་མནར་གཅོད་ཁྲོད་ཀྱི་སྨྲེ་ངག་ལ་ཉན་བཞིན། དགྲ་རྒོལ་སྤུན་ཟླ་དག་གི་ཚེ་སྲོག་མེ་རུ་བཏུམ་ཞིང་ཟུངས་ཁྲག་གིས་མགོ་ལུས་བརྫིས་པའི་གཡུལ་ས་དེ་མཐོང་པའི་མུར། ང་ཚོས་ས་འདི་ནས་གཟི་བརྗིད་དང་གཟེངས་རྟགས། འཁྲུངས་སྐར་སོགས་རྒྱ་རྒྱ་རྒྱས་རྒྱས་ཀྱི་དུས་སྟོན་དང་བྱ་བཞག་ལེགས་འགྲུབ་ཀྱི་འུར་སྒྲོག་བྱ་རྒྱུ་ཞིག་ལྷག་ཡོད་དམ།

མི་བུ་སུ་ཞིག་གིས་གནའ་རབས་ལོ་རྒྱུས་སུ་གྲགས་པའི་དཔའ་རྒོད་ཧྭ་ནེ་བྷལ་ལྟར་དགྲ་འདུལ་གཉེན་སྐྱོང་དང་། ཉེ་རབས་ཨ་རིའི་རང་བཙན་བསྒྲགས་གཏམ་ལྟ་བུའི་ལོ་རྒྱུས་ཟིན་བྲིས་ཤིག་གི་འོད་སྣང་བོད་ཡུལ་དུ་འདྲེན་ཐུབ་པ་གནོང་དང་། གྷན་ངྷི་ཇི་བཞིན་ས་ལ་བབས་ཏེ་མང་ཚོགས་ཀྱི་སྣེ་ཁྲིད་ཅིང་བཙན་འཛུལ་བ་མཐའ་སྤྲོད་ཐོངས་དང་། ད་གཟོད་བོད་ཀྱི་འདས་མ་ད་གསུམ་དང་་། མི་རབས་ནས་མི་རབས་བར་སྐྱེས་བུ་དེ་དང་དེ་ཡི་མཛད་རྗེས་ལ་དྲན་གསོ་དང་བཀའ་དྲིན་ཞུ་ངེས་པ་མ་ཟད། ཁོང་ཚོའི་བཀའ་དྲིན་དང་མཛད་རྗེས་ནི་ལོ་རྒྱུས་ཀྱི་རྡོ་རིང་ངོས་སུ་དུས་ནམ་ཡང་ཉམས་པ་མེད་པར། ཇི་སྲིད་བོད་མི་རིགས་འདི་གནས་པ་དེ་སྲིད་དུ་གསེར་ཡིག་ཏུ་བཀོད་པའི་མི་བུ་ཁོང་དག་གི་ལོ་རྒྱུས་ལ་དྲན་གསོ་བྱ་ངེས།

ད་དུང་ཚོགས་སྡེ་སྒྲིག་འཛུགས་ཁག་མང་པོ་ཞིག་གིས་ཚོགས་སྒྲིག་གང་དེ་གསར་འཛུགས་བྱུང་ནས་ལོ་མང་སོང་པར། གཟི་བརྗིད་དང་སྤོབས་ཉམས་ཡིན་མདོག་གིས་དུས་དྲན་གང་རྒྱས་ངང་སྲུང་བརྩི་བྱེད་སྟངས་ཤིག་ལུགས་དང་སྲོལ་ལྟ་བུ་ཞིག་ཆགས་ཡོང་བཞིན་འདུག ང་ཚོ་ཕ་ས་ཤོར་བའི་ཡུལ་གྱར་བ་ཞིག་དང་། རྒྱལ་ཁབ་སླར་གསོ་མ་བྱུང་བའི་སྐྱབས་བཅོལ་བ་ཞིག་ཡིན་པས། ཚོགས་སྒྲིག་གང་དེ་བཙུགས་ནས་ལོ་ཅི་ཙམ་མང་དུ་སོང་པ་དེ་ཙམ་གྱིས་ང་ཚོའི་རྒྱལ་ཁབ་སླར་གསོ་ཡི་ཕུགས་འདུན་མངོན་འགྱུར་ལས་རིང་དུ་ཕྱིན་པས། ཐོག་མའི་དམིགས་འདུན་ལེགས་སྒྲུབ་མ་ཐུབ་པའི་འཁྲེང་ཞེན་དང་འགྱོད་སེམས་ཐོག མུ་མཐུད་ཚོགས་སྒྲིག་གང་དེ་མི་ཡུལ་ལུང་པ་འདིར་ལྷག་མི་དགོས་པ་ཞིག་དང་། སྐྱབས་བཅོལ་བ་ང་ཚོའི་ཕུགས་འདུན་མངོན་འགྱུར་ལ་གྲ་སྒྲིག་གསར་པ་དང་ནུས་ཤུགས་འཕར་མ་ཞིག་གི་ལྟ་གོན་ལ་དམ་བཅའ་འཇོག་དགོས་པ་ལས། དགའ་སྤྲོའི་གཟི་བརྗིད་གླེང་ཡུལ་ཞིག་ལྷག་མེད་པ་ཡང་ཞོར་ནས་དྲན་སྐུལ་དུའོ། 

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༢ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

མཆན། 2

  1. ནོར་བུ་དབང་རྒྱལ། says:
    ལོ་ 5 སྔོན།

    དོན་དངོས་རེད།

    Reply
  2. དཀར་མཚོ་སྐྱིད། says:
    ལོ་ 5 སྔོན།

    རིགས་ཀྱི་བུ། ཁྱེད་བདེན་ནོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese