མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞིས་ཅིན་ཕིན་སྲིད་ཁྲིར་ཕེབས་རྒྱུ་དེ་སྔར་བཞིན་གབ་ཚིག་ཅིག་རེད།

བོད་ཀྱི་དུས་བབ།
༢༠༢༡/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་ལུང་རྟོགས་ཀྱིས་བསྒྱུར།


བདུན་ཕྲག་འདིའི་ནང་རྒྱ་ནག་ཏུ་འབྱུང་བཞིན་པའི་དོན་དག་གལ་ཆེ་ཤོས་ནི་དམར་ཕྱོགས་ཚོགས་པའི་ཚོགས་ཆེན་ཞིག་གི་སྐོར་ཡིན་པ་དང། དེ་ནི་ཞིས་ཅིན་ཕིན་གྱིས་སྔོན་རབས་པ་ཚོ་ལས་ཀྱང་དབང་ཆ་རྒྱུན་རིང་པོར་འཛིན་རྒྱུའི་བརྒྱུད་རིམ་གྱི་ཆ་ཤས་ཤིག་ཏུ་གྱུར་ཡོད། རྒྱ་ནག་ལ་ཉམས་ཞིབ་གནང་མཁན་ཚོས་རྒྱ་ནག་གི་འཐུང་འཕྲོའི་ཇ་ལོ་ལ་བལྟས་ནས་དབྱེ་ཞིབ་གནང་བཞིན་ཡོད།

འོན་ཀྱང་། འདིར་དེ་ལས་གལ་འགངས་ཆེ་བའི་གནད་དོན་ཞིག་ཡོད་པ་སྟེ། ཅིའི་ཕྱིར་ཞིས་ཅིན་ཕིན་ལ་སྲིད་ཁྲི་དེ་ཐོབ་ཀྱི་ཡོད་དམ། ཕྱི་ལོ་༢༠༢༣ ལོར་ཅིའི་ཕྱིར་ཁོ་རང་ལ་དེ་ཐོབ་ཀྱི་ཡིན་ནམ། དེ་མུ་མཐུད་ནས་ཐོབ་དོན་ཅི་ཞིག་ཡིན་ནམ། ཕྱི་ལོ་༢༠༢༣ བརྒལ་ནས་ཁོ་རང་དེར་མུ་མཐུད་ནས་སྡོད་ཐུབ་བམ་སོགས་རེད།

ང་ཚོས་དོན་དངོས་ཐོག་ཅི་ཡང་ཤེས་ཐུབ་ཀྱི་མེད། ང་ཚོས་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོའི་ཁྲོད་གནས་ཚུལ་ཅི་ཞིག་འབྱུང་གི་ཡོད་པ་ཤེས་རྟོགས་བྱ་རྒྱུ་ནི་ཧ་ཅང་ཁག་པོ་རེད། འདི་ནི་ཁྱེད་ཀྱིས་བསམ་བློ་བཏང་བ་ཡིན་ན་ངོ་མ་ཡ་མཚར་སྐྱེ་དགོས་པའི་གནས་སྟངས་ཤིག་ཡིན། རྒྱ་ནག་ལ་མཚོན་ན་འཛམ་གླིང་གི་དཔལ་འབྱོར་ཆེ་ཤོས་ཨང་གཉིས་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་བདེ་འཇགས་ལ་འཇིགས་སྣང་ཆེ་ཤོས་སྤྲོད་མཁན་དེ་ཡིན་མོད། ང་ཚོས་རྒྱལ་ཁབ་དེའི་ཆབ་སྲིད་མགོ་ཁྲིད་པ་ཚོའི་བསམ་བློའི་ནང་གང་ཞིག་འཁོར་གྱི་ཡོད་པ་ཤེས་རྟོགས་ཐུབ་ཀྱི་མེད།

ཉིན་རེའི་འཚོ་བའི་ཁྲོད་ང་ཚོས་མི་གཞན་གྱི་བསམ་ཚུལ་ཤེས་རྟོགས་ཐུབ་པ་ཡིན་ན་ཁོ་ཚོར་ལས་སླ་བོའི་སྒོ་ནས་འབྲེལ་འདྲིས་བྱེད་ཐུབ་པ་སྟེ། ཁོ་ཚོས་ཅི་ཞིག་བཤད་པ་ཙམ་མ་ཡིན་པར་ཁོང་ཚོས་བསམ་བློ་ཅི་ཞིག་གཏོང་གི་ཡོད་པ་དང་། བསམ་བློ་ཅི་ལྟར་འགྱུར་བ་གཏོང་སྲིད་པ་སོགས་ཤེས་རྟོགས་བྱེད་ཐུབ། རྒྱལ་ཁབ་ཕན་ཚུན་དབར་གྱི་འབྲེལ་བ་ཡང་དེ་དང་གཅིག་མཚུངས་ཡིན། འོན་ཀྱང་། རྒྱ་ནག་ལ་མཚོན་ན་རྒྱལ་ཁབ་གཞན་སུ་གཅིག་ཀྱང་གནས་སྟངས་དེ་འདྲར་སླེབས་ཐུབ་ཀྱི་མེད།

རྒྱ་ནག་དམར་པོའི་ཕྱོགས་ནས་རང་ཉིད་ཀྱིས་ཐག་གཅོད་གང་བྱས་པ་ཙམ་ཁྱབ་བསྒྲགས་བྱེད་ཀྱི་ཡོད་མོད་ཚང་མ་ཕྱིར་བསྒྲགས་མི་བྱེད་པར་བརྟེན། ཁོ་ཚོས་སྲིད་བྱུས་དེ་ཇི་ལྟར་གཏན་འབེབས་བྱས་པ་དང་། བགྲོ་གླེང་ཅི་ཞིག་བྱས་པ། དོགས་གནས་དང་གདམ་ཀ་གཞན་གང་ཡོད་མེད་སོགས་ཀྱི་སྐོར་ལ་གསལ་བཤད་ཞིབ་ཕྲ་གཏན་ནས་མེད།

གནས་ཚུལ་ཤེས་རྟོགས་ཆེད་གསར་འགོད་པ་རྣམས་ལ་མཐོ་རིམ་དཔོན་རིགས་ཚོར་སྒེར་ནས་ཐུག་འཕྲད་སོགས་ཀྱི་བརྒྱུད་ལམ་མེད་ལ། ཤེས་ཡོན་ཅན་ཚོར་ཡང་ལམ་ཁ་མེད་པར་མ་ཟད། ཐབས་རྡུགས་པ་ཞིག་ལ་ཕྱི་འབྲེལ་མི་སྣ་ཚོར་གོ་སྐབས་དེ་བས་ཀྱང་དཀོན།

གནད་དོན་ཅི་ཙམ་གལ་ཆེ་བ་དེ་ཙམ་གྱིས་གཞུང་གི་ལས་བྱེད་རྣམས་ཀྱིས་སྐད་ཆ་བཤད་མི་ཐུབ། ཁོ་ཚོས་ཕྱི་མི་ལ་གནས་ཚུལ་མཁོ་སྤྲོད་བྱེད་འདོད་ཡོད་ན་ཡང་། རང་ཉིད་ཀྱི་ལས་གནས་ཤོར་བར་སྐྲག་ནས་ཁོ་ཚོས་དེ་ལྟར་བྱེད་མི་ཐུབ།

རྒྱ་ནག་ལ་ཉམས་ཞིབ་གནང་མཁན་ཚོས་ནམ་རྒྱུན་ཅི་ཞིག་འབྱུང་གི་ཡོད་མེད་དེ་ནི་ཕྱི་ལོག་གི་རྣམ་པ་ཁོ་ན་ལས་མཐོང་བ་དང། གནས་ཚུལ་ཕྲན་བུའམ་ཆ་ཤས་དེ་དག་ལ་བལྟས་ནས། མཚམས་རེར་གདེང་སྤོབས་ཆེན་པོ་བཅས་ཚོད་དཔག་བྱེད་ཀྱི་ཡོད། དཔེར་མཚོན་ཆེ་ཤོས་ནི། རྒྱ་ནག་དམར་པོའི་གཞུང་གིས་འདས་པའི་མི་ལོ་བཅུ་གཉིས་ཀྱི་རིང་ལ། སྤྱི་ཚོགས་དང་དཔལ་འབྱོར་ལ་ཚོད་འཛིན་སྔར་ལས་ཆེ་བ་བྱས་ཏེ་རང་ཉིད་ཀྱི་སྟོབས་ཤུགས་སྲུང་སྐྱོབ་བྱ་རྒྱུའི་དམིགས་ཡུལ་ཡོད་ཅེས་བརྗོད་མེད། འོན་ཀྱང་། པར་རིས་ཆེན་པོ་དེ་ང་ཚོས་ལས་སླ་བོའི་སྒོ་ནས་མཐོང་ཐུབ།

འོན་ཀྱང་། ཞིབ་ཕྲའི་གནས་ཚུལ་ཤེས་ན་ཤིན་ཏུ་ལེགས་པ་དང། མངོན་གསལ་ཆེ་བའི་གནད་དོན་གལ་ཆེན་པོ་ཞིག་ནི་དམར་ཕྱོགས་ཚོགས་པའི་ནང་ཞིས་ཅིང་ཕིན་ལ་རྒྱབ་སྐྱོར་བྱེད་མཁན་སུ་ཡིན་མིན་ཤེས་རྒྱུ་དེ་རེད། གལ་སྲིད་ང་ཚོས་མི་དེ་དག་སུ་ཡིན་མིན་དང་ཁོ་ཚོའི་ལངས་ཕྱོགས་ཤེས་པ་ཡིན་ན། རྒྱ་ནག་གི་སྲིད་ཇུས་ཀྱི་འབྱུང་རྩ་ཤེས་རྟོགས་བྱེད་ཐུབ་པར་མ་ཟད། འགྱུར་ལྡོག་ཇི་ལྟར་འབྱུང་མིན་གྱི་སྔོན་དཔག་ལེགས་པོ་ཞིག་བྱེད་ཐུབ།

དེ་ཚོ་ཞིས་ཅིང་ཕིན་གྱི་གཤམ་འོག་ཏུ་ཡོད་པའི་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་གི་མི་སྣ་ཕལ་མོ་ཆེ་དང། སྔོན་ཆད་ལས་གནས་དེ་རིགས་འཁུར་མྱོང་ཞིང་རྒན་ཡོལ་བྱས་ཟིན་པའི་དཔོན་རིགས་ཁག་གཅིག་ནི་རྒྱབ་སྐྱོར་བ་གཙོ་བོ་ཡིན།

ཁོ་ཚོའི་གཤམ་འོག་ཏུ་ཡོད་པའི་ཤོག་ཁག་དང་མཐུན་གྲོགས་རྣམས་ཀྱིས་ཞིས་ཅིན་ཕིན་གྱི་དབང་ཆ་སྲ་བརྟན་ཡོང་པའི་ཚོགས་ཆེན་འདི་བསྡུ་བསྐོང་ཆེད་གྲ་སྒྲིག་གི་ལས་ཀ་བྱས་ཡོད་ངེས། འདི་ཡང་རང་ཉིད་ཀྱི་ཚོད་དཔག་བྱས་པ་ཙམ་ཡིན་པ་ལས། དེའི་སྐོར་ལ་མི་སུ་ཞིག་གིས་ལས་དོན་གང་ཞིག་སྒྲུབ་ཀྱི་ཡོད་པའི་ཞིབ་ཕྲའི་གནས་ཚུལ་རྣམས་གཞུང་འབྲེལ་གྱི་གསལ་བསྒྲགས་དང་གསར་འགྱུར་བརྒྱུད་ལམ་ནང་ཁྱབ་སྤེལ་བྱས་མེད།

དམར་ཕྱོགས་ཚོགས་པ་ནང་ཁུལ་ལ་ཤོག་ཁག་གམ་དཔུང་སྒྲིག་ཡོང་གི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི་ཁོ་ཚོས་ཕན་ཚུན་ལ་རོགས་སྐྱོར་དང་སྲུང་སྐྱོབ་བྱས་ཏེ། རང་ཉིད་མདུན་དུ་སྐྱོད་རྒྱུར་འབད་རྩོལ་བྱེད་པ་དང་གོ་གནས་ལ་བརྟེན་ནས་རྒྱུ་ནོར་གསོག་རྒྱུ་དེ་རེད། (འདི་ཡང་ཚོད་དཔག་ཡིན་) དཔོན་རིགས་རྣམས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་བྱེད་པ་དེ་ནི་ཚོང་ལས་སོགས་རང་དབང་ཅན་དུ་བསྒྱུར་བའི་སྲིད་ཇུས་གཏན་འབེབས་ཆེད་དུ་མིན་པ་ནི་ཧ་ཅང་གསལ་པོ་རེད།

ཤོག་ཁག་དེ་དག་ནི་ཨོ་སི་ཊོ་ལི་ཡའི་ངལ་རྩོལ་ཚོགས་པ་ལྟར་སྒྲིག་འཛུགས་ཀྱི་རང་བཞིན་ལྡན་པ་ཞིག་མ་རེད་ཅེས་སིག་ནེའི་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་སློབ་དཔོན་ཆེན་མོ་ཌེ་བེ་རྒོ་ཌི་མིན་མཆོག་གིས་གསུངས་ཡོད།

སྒེར་གྱི་ཁེ་ཕན་གཉེར་རྒྱུ་དེ་རྒྱལ་ཁབ་ཀྱི་སྲིད་བྱུས་ལས་གལ་ཆེར་བརྩི་བའི་སྐབས་སུ་ཡང་། དཔོན་རིགས་རྣམས་ལ་རྒྱལ་ཁབ་ལ་ཕན་པའི་བསམ་ཚུལ་ཡོད་དགོས་པ་(དྲང་པོར་བཤད་ན་དམར་ཕྱོགས་ཚོགས་པར་ཕན་པ) ནི་སྨོས་མ་དགོས་པ་ཞིག་རེད། གང་ཡིན་ཟེར་ན། ཐག་གཅོད་རྣམས་ངེས་པར་དུ་གནང་དགོས་པ་དང་། དབང་ཤུགས་ཡོད་པས་མི་རྣམས་ཀྱིས་རྟག་པར་མངོན་གསལ་དོད་པོའི་སྒོ་ནས་ཤུགས་རྐྱེན་སྤྲོད་མི་ཐུབ། དེ་ཡིས་ཕྱི་ལོ་༢༠༡༣ ལོར་ཅིའི་ཕྱིར་ཁོ་ཚོས་ཞིས་ཅིན་ཕིན་འདེམས་པའི་གནད་དོན་ང་ཚོར་དྲན་གསོ་གཏོང་དུ་བཅུག་ཡོད།

ང་ཚོས་ཤེས་གསལ་ལྟར་ན་ཁོང་ལ་མགོན་སྐྱབས་རོགས་རམ་གྱི་འབྲེལ་བ་རྨང་གཞིར་བྱས་པའི་རྒྱབ་རྟེན་ཡོད་པ་དང་། དེའི་ནང་གི་མི་མང་པོ་ཞིག་ནི་ཏང་གི་ལས་བྱེད་པ་རྒན་རབས་ཞི་ཀྲུང་ཞུན་ནམ་ཞིས་ཅིན་ཕིན་གྱི་ཨ་ཕའི་དགའ་ཉེ་གྲོགས་པོ་རྣམས་ཡིན།

འོན་ཀྱང་། སྲིད་ཇུས་རྣམས་ཀྱང་རྒྱུ་རྐྱེན་ཞིག་ཏུ་བརྩི་དགོས་པ་སྟེ། ཕྱི་ལོ་༢༠༡༢ ནས་ལོ་གསུམ་ཙམ་གྱི་རིང་དམར་ཕྱོགས་ཚོགས་པ་ནི་སྤྱི་ཚོགས་དང་དཔལ་འབྱོར་ལ་རྡུང་རྡེག་དྲག་པོ་གཏོང་བའི་དུས་རིམ་ཞིག་ལ་སླེབས་ཡོད་པ་དང་། གནས་སྟངས་དེ་ཞིས་ཅིན་ཕིན་ལ་ཕན་ཐོགས་ཆེན་པོ་བྱུང་བ་མ་ཟད། ཁོས་དེའི་སྐོར་ལ་ལངས་ཕྱོགས་བརྟན་པོ་བཟུང་བར་བརྟེན་ནས་རྒྱབ་སྐྱོར་འཕར་མ་ཐོབ་པ་དང། ཐེ་ཚོམ་མི་དགོས་པ་ཞིག་ལ་ཁོས་དམར་ཕྱོགས་ཚོགས་པའི་དབང་ཆ་རྩིས་ལེན་བྱས་མ་ཐག་རང་ཉིད་ཀྱི་ཁ་གཏད་འབྱུང་གཞི་རྣམས་མར་གནོན་འགོ་བརྩམ་ཡོད།

ཐོག་མར་ཉམས་ཞིབ་གནང་མཁན་ཚོས་ཞིས་ཅིན་ཕིན་ནི་དཔལ་འབྱོར་གུ་ཡངས་གྱི་ལངས་ཕྱོགས་འཛིན་མཁན་ཞིག་རེད་བསམ་ཡོད་མོད། སློབ་དཔོན་ཆེན་མོ་ཌེ་བེ་རྒོ་ཌི་མིན་གྱིས་ལྟ་ཚུལ་དེ་ནི་གོ་ནོར་ཐེབས་པ་ཞིག་ངོས་འཛིན་བྱེད་ཀྱི་ཡོད། གང་ལྟར་མི་འགྱངས་བར་ཁོས་རྒྱལ་ཁབ་ཀྱི་ཚོང་ལས་ནས་ཐོན་པའི་ལེགས་པའི་ཡོན་ཏན་ཐམས་ཅད་དམར་ཕྱོགས་ཚོགས་པའི་ཀ་བའམ་རྨང་གཞིར་བརྩི་པ་དང་། དེ་དག་ནི་སྔར་སྲོལ་རྒྱུན་འཛིན་བྱེད་རྒྱུ་དང་། མགོན་སྐྱབས་རོགས་རམ་བྱེད་པ། དཔལ་འབྱོར་ཀྱི་ཚོད་འཛིན། ལས་ཆོད་ཆུང་བ་བཅས་ཀྱི་མཁར་རྫོང་ནང་དམར་ཕྱོགས་ཚོགས་པའི་ཚོགས་མིས་མཐའ་བསྐོར་ནས་བསྡད་ཡོད། དེར་བརྟེན་ཞིས་ཅིན་ཕིན་གྱིས་དམར་ཕྱོགས་ཚོགས་པའི་ནང་རང་ཉིད་ཀྱི་རྒྱབ་སྐྱོར་བ་ལེགས་བཅོས་བྱེད་དགོས་པ་དང་། (ཁྱེད་ཀྱིས་མཐོང་སོང་ངམ། དེ་ཡང་ཚོད་དཔག་གཞན་ཞིག་རེད)

སློབ་དཔོན་ཆེན་མོ་ཌེ་བེ་རྒོ་ཌི་མིན་ལགས་ཀྱིས་གསུངས་པ་ལྟར་ན། ཞིས་ཅིན་ཕིན་གྱིས་རྒྱལ་ཁབ་གཞན་རྣམས་ཚུད་པའི་མཁྲེགས་འཛིན་གྱི་སྲིད་ཇུས་བཟུང་བ་རྣམས། ངེས་པར་དུ་རྒྱ་ནག་དམར་པོའི་ཚོགས་པ་ནང་ཁུལ་གྱི་བསམ་འཆར་ལ་དོ་མཉམ་ཡོང་བ་ཞིག་དགོས་ཀྱི་ཡོད་པར་བརྟེན། ཞིས་ཅིན་ཕིན་གྱིས་མགོ་ཁྲིད་ནས་བཟུང་ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྲིད་ཇུས་དེས་རྒྱལ་ཁབ་ལ་ཕན་པ་ཙམ་དུ་མ་ཟད་དམར་ཕྱོགས་ཚོགས་ལ་ཡང་ཕན་ཐོགས་བྱུང་ཡོད། གང་ཡིན་ཟེར་ན་སྲིད་ཇུས་དེ་ཡིས་མི་མང་གི་འདོད་བློ་མ་ཁེངས་པའི་འབྱུང་རྩ་ཆུང་རུ་བཏང་ཡོད། འོན་ཀྱང་། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་མང་ཆེ་བས་ཁྱེད་ལ་སྲིད་ཇུས་དེ་ནི་ཞིས་ཅིན་ཕིན་དང་ཁོའི་གྲོགས་པོ་(ངོ་རྟགས་མི་ཆོད་པའི་) རྣམས་ལ་ཕན་ཐོགས་བྱུང་ཡོད་པ་སྟེ། དེ་ནི་ཁོང་ཚོའི་དགྲ་བོ་བཙོན་ཁང་དུ་འཇུག་པའི་ལག་ཆ་ཞིག་རེད་ཅེས་བརྗོད་ངེས་ཡིན།

ཞིས་ཅིན་ཕིན་གྱིས་བྱེད་ཐབས་འདི་དག་བེད་སྤྱད་བཏང་བ་ལ་བརྟེན་ནས་འདས་པོ་ཏིང་ཞོ་ཕིང་གིས་ཕྱི་ལོ་ ༡༩༨༠ དང་༡༩༩༠ ནས་སྲིད་དབང་བཟུང་བའི་ཚུན་ཆད་ནས་ཁོ་ལ་སྟོབས་ཤུགས་ཆེ་ཤོས་ཀྱི་གོ་གནས་ཤིག་ཐོབ་པ་དང་། ཕྱི་ལོ་༢༠༡༨ ལོར་དམར་ཕྱོགས་ཚོགས་པས་ལོ་ལྔ་ཚན་དང་ལས་རྒྱུན་གཉིས་ཀྱི་ཁྲིམས་དེ་མེད་པར་བཟོས་ནས་ཁྲིམས་ལ་འགྱུར་བ་བཏང་ཏེ་དོན་དངོས་ཐོག་ཁོ་རང་དེ་གར་མུ་མཐུད་སྡོད་རྒྱུ་གཏན་འཁེལ་བྱུང་བ་ལྟ་བུ་རེད།

འདིའི་གལ་ཆེའི་རང་བཞིན་ལ་ཚོད་དཔག་མཐོ་དྲགས་པ་དེ་འདྲ་ཡོང་སྲིད་མོད། ཞིས་ཀྱི་ལྟ་ཚུལ་རྣམས་དམར་ཕྱོགས་ཚོགས་པའི་མཐོ་རིམ་དཔོན་རིགས་མང་ཆེ་བའི་གོམ་སྟབས་དང་གཅིག་མཐུན་ཡིན་ངེས་པས་ན།ཞིས་ཅིན་ཕིན་འགོ་ཁྲིད་ཡིན་མིན་ལ་མ་བལྟས་པར་རྒྱ་ནག་གིས་ནང་ཁུལ་དང་རྒྱལ་སྤྱིའི་ཐོག་གི་བྱ་སྤྱོད་ལ་ཁྱད་པར་ཆེན་པོ་མེད། ཉུང་མཐར་ཡང་འདི་ནི་ང་ཚོས་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན།

མཆན། རྩོམ་པ་པོ་སྦེར་ཌི་ལེ་ ཕེ་རེ་ཊི(Bradley Perrett) ལགས་ནི་ཕྱི་ལོ་༢༠༠༤ ནས་༢༠༢༠ བར་པེ་ཅིང་དུ་རྟེན་གཞི་བྱས་པའི་གསར་འགོད་པ་ཞིག་དང་། རྒྱ་ནག་ཉམས་ཞིབ་པ་གྲགས་ཅན་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་འགྱུར།

Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

ཆུ་ཚོད་ ༨ སྔོན་ལ།
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

ཆུ་ཚོད་ ༩ སྔོན་ལ།
པད་མ་ཚེ་བརྟན་ལགས་བྱང་ཨ་རིར་གློག་བརྙན་དབུག
ས་ལྒང་གི་ཆེས་ཐོག་མའི་གཟིགས་འབུལ་ཞུ་ཆེད།
ཅི་ཀ་ཀོར་ཕེབས་པའི་སྐབས། (༢༠༡༩)
པར་དབང་། རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཆོག་མཆན་ཞུས་པའི་ཐོག་ནས་པར་འདྲེན་བཀོད་བྱས།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པད་མ་ཚེ་བརྟན་གྱི་མི་ཚེའི་ལོ་རྒྱུས།

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢

མཆན། 1

  1. གངས་བཞད། says:
    ལོ་ 2 སྔོན།

    “Reading the tea leave” ཅེས་པའི་དུམ་བུ་འདི། འཐུང་འཕྲོའི་ཇ་ལོ། ཞེས་པར་བསྒྱུར་འདུག་པས་གཏམ་དཔེ་དེའི་དོན་དངོས་དེ་ལྟར་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist