མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གོང་ས་མཆོག་གིས་རྒྱ་གར་མངའ་སྡེ་ཨནྡྲའི་ཆུ་ལོག་ཁྲོད་གནོད་འཚེ་ཐེབས་མཁན་རྣམས་ལ་ཐུགས་གསོ་སྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀྱི་ཨནྡྲ་མངའ་སྡེའི་ནང་ཆར་ཞོད་ཀྱི་རྐྱེན་ངན་གོད་ཆག་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པར་ཐུགས་གསོ་དང་ངལ་སེལ་རོགས་སྐྱོར་གནང་ཡོད་འདུག

ཉེ་ལམ་ནས་རྒྱ་གར་གྱི་ལྷོ་ཕྱོགས་མངའ་སྡེ་ཨནྡྲ་དང་ཁཱར་ན་ཊག་ནང་ཆར་བ་ཤུགས་ཆེན་བབས་པའི་རྐྱེན་གྱིས། ཆུ་ལུག་རྒྱུགས་ཏེ་མི་རྒྱུ་གཉིས་ལ་གྱོང་གུད་ཚབས་ཐེབས་ཡོད་པར་བརྟེན། ཕྱི་ཚེས་ ༢༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨནྡྲ་པར་དྷེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཇཱ་གན་མོ་ཧན་རེ་ཌེ་(Y S Jagan Mohan Reddy) ལགས་ཀྱི་མཚན་ཐོག་ཏུ་མངའ་སྡེའི་མི་མང་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་གནང་མཛད་དེ། ཆུ་ལོག་གི་རྐྱེན་ངན་གོད་ཆག་ཁྲོད་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ནང་མི་སྤུན་མཆེད་དང་། དགའ་ཉེ། དེ་བཞིན་རྐྱེན་ངན་གོད་ཆག་ཐེབས་མཁན་ཡོངས་ལ་ཐུགས་གསོ་དང་ཐུགས་སྨོན་ཞུ་ཡི་ཡོད་སྐོར་གསུངས།

དེ་ཡང་མགོན་པོ་གང་ཉིད་མཆོག་གི་ཐུགས་གསོའི་ནང་།  ཨནྡྲ་པར་དེ་ཤི་མངའ་སྡེ་གཞུང་དང་རྒྱལ་ཡོངས་རྐྱེན་ངན་རོགས་སྐྱོར་ཚན་པ་ཁག་གིས་རང་ནུས་ཡོད་ཚད་ཀྱིས་རྐྱེན་ངན་གོད་ཆགས་ཐེབས་མཁན་རྣམས་ལ་ངལ་སེལ་རོགས་རམ་དང་ཉེན་སྐྱོབ་གང་ཐུབ་ཅི་ཐུབ་གནང་བཞིན་པར་ངོས་ཀྱིས་ཧ་ཅང་རྗེས་སུ་ཡི་རང་ཞུ་གི་ཡོད།  ང་ཚོས་ཨནྡྲ་པར་དེ་ཤིའི་མི་མང་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དུ་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པའི་ངོས་ནས་ངལ་སེལ་དང་ཉེན་སྐྱོབ་ཀྱི་ལས་དོན་སླད་ཞལ་འདེབས་ཤིག་འབུལ་རྒྱུ་ཡིན། ཞེས་གསུངས།

ད་དུང་ཐུགས་གསོའི་ནང་། ༧གོང་ས་མཆོག་དེ་སྔ་ཨནྡྲ་པར་དེ་ཤི་མངའ་སྡེའི་ནང་ཐེངས་འགའ་ཆིབས་སྒྱུར་བསྐྱངས་མྱོང་ཡོད་པའི་ཁྲོད། དམིགས་བསལ་ཕྱི་ལོ་ ༢༠༠༦ ལོར་མགོན་པོ་གང་ཉིད་མཆོག་གིས་མངའ་སྡེ་གཞུང་གི་མཐུན་འགྱུར་རོགས་རམ་འོག་རྒྱ་གར་ལྷོ་ཕྱོགས་ཨམ་ར་ཝ་ཏི་ནས་དུས་འཁོར་དབང་ཆེན་སྩལ་གནང་མཛད་པ་དང་སྐབས་དེར་མངའ་སྡེ་གཞུང་གི་བཀའ་དྲིན་ལ་བརྟེན་ནས་གནས་མཇལ་བ་སྟོང་ཕྲག་མང་པོར་དུས་འཁོར་དབང་ཆེན་སྐབས་མཐུན་འགྱུར་དང་ལྷོ་ཕྱོགས་དཔལ་གྱི་རི་སོགས་ལ་གནས་མཇལ་ཐུབ་ཡོད་སྐོར་སོགས་གསུངས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༣ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༧ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༨ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese