མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ཙྰ་བ་ཞ་ར་ཞིག་གི་ལོ་རྒྱུས་ལས་འཕྲོས་པའི་གཏམ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

—–རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཉིན་མོར་ཆེད་དུ་བྲིས།

གངས་རིའི་ཉི་མ།

ལོ་འགའི་ཡར་སྔོན་དུ་བཙན་བྱོལ་ནང་འཇར་མན་གྱི་བུད་མེད་སློབ་གསོ་བ་སབ་རི་ཡེ་(Sabriye Tenberken)དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྔར་ལས་གླེང་གཞི་ཆེན་པོ་ཞིག་ཆགས་ཏེ་ལོ་རྒྱུས་ཁྲོད་བོད་ལ་ལོང་པའི་སློབ་གསོའི་མགོ་ཁུངས་ཡོད་མེད་དང་། ལྷག་པར་དུ་བོད་ཡིག་ནང་ཡོད་པའི་ལོང་པའི་གཙགས་ཡིག་སྐོར་སོགས་ཀྱི་ཐད་བཀའ་མོལ་སྦོམ་ཕྲ་མང་པོ་ཞིག་བཤད་ཀྱི་ཡོད་པའི་དོ་སྣང་བྱུང་། ཡིན་ནའང་། བོད་ནང་ལོང་པའི་སློབ་གསོ་དང་བོད་ཡིག་ནང་ཡོད་པའི་གཙགས་ཡིག་སྐོར་རྫོང་དང་ཡུལ་ཚོ། རྒྱལ་ནང་དང་རྒྱལ་སྤྱིའི་རང་བཞིན་གྱི་བགྲོ་གླེང་རབས་དང་རིམ་པ་མང་པོ་ཞིག་བགྲང་བྱ་དུ་མའི་ཡར་སྔོན་ནས་མགོ་བརྩམས་ཟིན་པས་མི་ཚད། དེང་སང་བོད་ཁུལ་དུ་གཞུང་དང་ཚོགས་སྡེ། སྒེར་པ་སོགས་ཀྱིས་བོད་ཡིག་ཐོག་ལོང་པའི་གཙགས་ཡིག་མི་ཉུང་བ་ཞིག་བཏོན་དང་འདོན་མུས་ཡིན། ད་བར་དུ་བོད་ཡིག་ནང་གཙགས་ཡིག་ག་ཚོད་ཅིག་གསར་གཏོད་བྱས་ཡོད་མེད། སུ་དང་སུའི་གཙགས་ཡིག་ལ་ལྡེ་མིག་དྲུག་ལས་བརྒལ་བ་དང་མི་འདྲ་བའི་ཁྱད་ཆོས་གང་དང་གང་ཡོད་མེད། ཡང་གཙགས་ཡིག་དག་ལས་ཁ་ཡོད་ལག་ཡོད་བོད་མི་ལོང་པ་རྣམས་ལ་ཕན་ཐོགས་དང་ཁྱབ་རྒྱ་ཆེ་ཤོས་གང་ཡིན་མིན། ད་དུང་བོད་ཡིག་གསར་གཏོད་བྱས་ཡིན་ཟེར་བའི་གཙགས་ཡིག་མང་པོ་ཞིག་གཅིག་འགྱུར་ཡོང་མི་ཐུབ་པའི་རྒྱབ་ལྗོངས་སོགས་ལ་ཞིབ་འཇུག་བྱ་རྒྱུ་མང་པོ་ཞིག་ལྷག་འདུག་སྙམ།

བོད་ས་ཤོར་ནས་ད་བར་གྱི་བོད་ཀྱི་ལོ་རྒྱུས་ཁྲོད། བོད་ཀྱི་ལོང་བའི་སློབ་གསོའི་སྐོར་ནས་སབ་རི་ཡེ་ལྟ་བུའི་ཁྱད་ལས་རང་བཞིན་ཅན་གྱི་མི་སྣ་རྐྱང་པ་ཞིག་གིས། བོད་མདོ་དབུས་ཁམས་གསུམ་གཙོས་བྱས་རྒྱལ་སྤྱིའི་ནང་ཡང་དོ་སྣང་བྱེད་སའི་སྒེར་གཉེར་ལོང་པའི་སློབ་གྲྭ་ཚད་ལྡན་ཞིག་ཐོན་པ་དང་པོ་ཡིན་ཟེར་ན་མ་འགྲིག་པ་མེད་པ་འདྲ། དེ་ཡང་ཁོ་མོ་རང་གིས་བོད་ནང་ཕྱག་ལས་གནང་བའི་བགྲང་བྱ་བཅུ་ཙམ་གྱིས་ལོ་དུས་རིང་། ད་ལྟ་བོད་ཕྱི་ནང་གི་སྤྱི་ཚོགས་ཁྲོད་ང་ཚོ་ཚང་མར་ཆེས་རྒྱུས་མངའ་ཟབ་པའི་སློབ་གསོ་བ་གྲགས་ཅན་རྒན་ཉི་མ་དབང་འདུས་ལགས་དང་སྐྱིད་ལ། གཡུ་སྒྲོན། རྒྱལ་མཚན་སོགས་སྒེར་དང་ཚོགས་པ་སྒྲིག་འཛུགས་ནང་ཕྱག་ལས་གནང་མཁན་གྱི་ཁྱད་ལས་མི་སྣ་མང་པོ་ཞིག་སྐྱེད་བསྲིང་གནང་ཡོད། དེ་དག་གི་ས་བོན་ནི་ལྷ་སའི་ལོང་བའི་སློབ་གྲྭ་ཡིན་པ་བརྗོད་མ་དགོས་མོད། དང་ཐོག་སབ་རི་ཡེ་སློབ་གཙོ་མཛད་ཅིང་རིམ་པས་སྐྱིད་ལ་དང་ཉི་མ་དབང་འདུས་ལ་སློབ་གཙོའི་ལས་འགན་རྩིས་སྤྲོད་གནང་། སྐྱིད་ལ་ལགས་ཀྱིས་སློབ་གཙོ་གནང་སྐབས་སློབ་གྲྭ་ཡར་རྒྱས་ཞེ་དྲག་བཏང་བ་མ་ཟད་བོད་ཁུལ་གྱི་ལོང་པ་མང་པོ་ཞིག་སྐྱེད་བསྲིང་མཛད་པའི་ལོ་རྒྱུས་འདུག ཉི་མ་དབང་འདུས་ལགས་ཀྱིས་ཀྱང་མི་སྣ་སྐྱེད་བསྲིང་དང་དམིགས་བསལ་སློབ་གསོའི་ཐད་བྱས་རྗེས་བཞག་དང་འཇོག་མུས་ཡིན་པ་མཐོང་གསལ་མ་རེད་དམ།

བར་སྐབས་འདིར་ངས་བཤད་ན་བསམ་པ་དང་ཆེས་བཙལ་ན་འདོད་པའི་ལོ་རྒྱུས་ཀྱི་མི་སྣ་གཅིག་ནི། རྒན་ཀརྨ་ཆོས་སྒྲོན་ལགས་ཡིན། ཁོ་མོ་ནི་ལྷ་སའི་ཕྱོགས་ཀྱི་ཨ་ནེའམ་ཇོ་མོ་ཞིག་སྟེ་བརྡ་སྤྲོད་རྣམ་གཞག་ལ་ཧ་ཅང་མཁས་པ་ཡིན་པའི་བཤད་སྲོལ་ཞིག་ཡོད་པ་མ་ཟད།  ལྷ་སའི་ལོང་བའི་སློབ་གྲྭའི་བོད་ཡིག་གཙགས་ཡིག་ཐད་རྒན་ཀརྨ་ཆོས་སྒྲོན་ལགས་ཀྱིས་ས་པི་ན་དང་མཉམ་འབྲེལ་བྱས་སྟེ། དབྱིན་ཡིག་གི་ལྡེ་མིག་དྲུག་ཅན་བོད་ཡིག་དང་ཁ་ཐག་ཉེ་བོ་དང་བཀོལ་སྤྱོད་སྟབས་བདེ་ཡོང་བར་ནུས་པ་ཆེན་པོ་བཏོན་ཡོད་པའི་སྐོར། སྔར་ཁོང་ཅག་གི་སློབ་མ་དང་ཐོག་གྲས་ཀྱི་སློབ་ཟུར་འགས་ཕྲན་ལ་དངོས་སུ་གསུང་མོད། གང་ལྟར། སབ་རི་ཡེས་བརྩམས་གནང་བའི་དཔེ་ཆའི་ནང་དེའི་སྐོར་ཁ་གསལ་ཞིག་བཀོད་པ་མཇལ་མ་སོང་བས། སྤྱིར་ན། སབ་རི་ཡེས་ཕྱག་ལས་གནང་བའི་བརྒྱུད་རིམ་ཁྲོད་བོད་ས་རང་ནས་མི་སྣ་མང་པོ་ཞིག་གིས་མཐུན་སྦྱོར་རོགས་རམ་གནང་བའི་སྐོར། ཁོང་གི་བརྩམས་ཆོས་ནང་ཆད་ལྷག་ཤོར་བ་མང་པོ་ཞིག་ཡོད་པ་ཚོར་གྱི་ཡོད་ན། ཆབ་སྲིད་ཀྱི་གནད་དོན་དང་ཁག་དཀྲིའི་འོག་ནས་ལོ་རྒྱུས་ཀྱི་མི་སྣ་མང་པོ་ཞིག་འདི་ལྟར་གོ་རྒྱུ་དང་ཚོར་རྒྱུ། གླེང་རྒྱུ་སོགས་མེད་པའི་རྒྱུ་རྐྱེན་འདི་དག། ང་ཚོའི་མི་རིགས་འདིའི་ཟད་དུ་མེད་པའི་ལས་དབང་ཡིན་ནམ།

འཛམ་གླིང་གི་དེབ་ཐེར་ནང་སབ་རི་ཡེ་ནི་ཇར་མ་ནི་ཡི་བོད་རིག་པའི་ཞིབ་འཇུག་མཁན་ཞིག་ཡིན། ཁོ་མོ་མ་སྐྱེས་བའི་ཡར་སྔོན་ཞིག་ལ་ཨ་ཁུ་པད་མ་ཞེས་པའི་བོད་མི་དཀྱུས་མ་ཞིག སིམ་ལའི་(Shimla)ས་ཁུལ་དུ་ལམ་བཟོའི་ལས་ཀར་ཞུགས་སྐབས་གློ་བུར་དུ་འགད་རྫས་ཐོར་ཏེ་ལོང་པར་འགྱུར། དུས་དེ་ནས་བཟུང་དབྱུག་རྟེན་དང་མཛུབ་མོའི་སྣེ་མོ་ནས་འཇིག་རྟེན་དཀར་འོད་འཚོལ་དགོས་ཁེལ། འོན་ཀྱང་། ཁོང་ནི་བོད་ས་རྒྱ་ལག་ཏུ་ཤོར་ནས་ད་བར་གྱི་བོད་ཀྱི་ལོ་རྒྱུས་ཐོག་ཆེས་རྗེས་དྲན་གནང་དགོས་པའི་རླབས་ཆེན་གྱི་མི་སྣ་ཞིག་རེད་དྲན། ཁོང་གིས་མི་ཚེ་གང་བོར་གཙགས་ཡིག་དང་མཉམ་དུ་བསྐྱལ་ཞིང་གཙགས་ཡིག་དང་མཉམ་དུ་ཕ་ཡུལ་བོད་ལ་ལོག་ཐུབ་པའི་རེ་བ་ཆེན་པོ་བཅངས། དགེ་འདུན་རབ་གསལ་ལགས་ཀྱིས་བརྩམས་པས་ཨ་ཁུ་པད་མ་ཞེས་པའི་དཔེ་ཆའི་ནང་། ཨ་ཁུ་པད་མ་ལགས་ཀྱིས་འདི་འདྲ་ཞིག་གསུངས་ཡོད། “ངའི་བསམ་ཚུལ་ལ་གཙགས་ཡིག་འདི་ཚོ་བོད་ཡིག་ལ་བསྒྱུར་ནས་མིག་མེད་མཁན་རྣམས་ལ་སློབ་ཐུབ་པའི་གདེང་ཚོད་ཅིག་ང་ལ་བྱུང་།” “དེ་ཡང་རབ་འབྱམས་རྒྱལ་བ་མ། ༧རྒྱལ་བའི་ཞབས་བརྟན། ཚད་མེད་ཡོན་ཏན། བདེ་གཤེགས་རིགས་ལྔ་སོགས་ཀྱི་སྨོན་ལམ་རྣམས་གཙགས་ཡིག་ཐོག་བྲིས་པ་ཡིན།” ང་ཚོའི་མིག་མདུན་དུ་ཁོང་ལ་གསར་གཏོད་པའི་མཚན་སྙན་མེད་ལ་ལོ་རྒྱུས་ཀྱི་དེབ་ཐེར་ལས་བོར་བརླག་འགྲོ་བཞིན་པའི་མི་སྣ་ཞིག་རེད་མི་འདུག་གམ།

ར་ཇི་པུར་(Rajpur)ས་གནས་ཀྱི་རྒྱལ་ཡོངས་མིའི་མིག་དབང་སྐྱོན་ཅན་ནུས་སྐྱེད་ལྟེ་གནས་ཁང་(National Institute for Empowering Person with Visual Disabilities) ནི་སྤྱི་ལོ་  ༡༩༥༤  ལོར་ཨ་ཁུ་པད་མས་དང་པོ་སློབ་འཇུག་བྱེད་སའི་ལྟེ་གནས་ཁང་སྟེ་ལོང་པ་རྒན་པའི་སྦྱོང་བརྡར་ལྟེ་གནས་(Training Centre for Adult Blind)ཞེས་པ་དེ་ཡིན། ཤེས་ཡོན་སྦྱོང་བརྡར་གྱི་ལྟེ་གནས་འདི་ནི། གནའ་ནས་དུས་དེ་རིང་གི་བར་རྒྱ་གར་རྒྱལ་ཡོངས་ནང་ཆེས་མིག་དཔེ་འཛིན་འོས་པའི་ལོང་པ་རྣམས་ཀྱི་ཤེས་ཡོན་ལྟེ་གནས་གལ་ཆེན་ཞིག་ཏུ་འགྱུར་ཡོད། ཁོང་ལོང་བའི་སློབ་གྲྭར་སོང་བའི་མཐར་དབྱིན་ཧིན་སྦྱངས་པའི་གྲུབ་འབྲས་ཡག་པོ་སྨིན་ཏེ། ལྔ་དགུའི་སྐབས་དང་རྗེས་ལ་༧གོང་ས་མཆོག་གཙོས་བྱས་བོད་ཀྱི་བླ་ཆེན་དང་། མི་སྣ་གྲགས་ཅན་མི་ཉུང་བ་ཞིག་དང་ལྷན་དུ་སྐད་བསྒྱུར་གནང་བའི་འབྲེལ་བ་བྱུང་། སྐབས་དེའི་མི་རབས་ཚོར་ངོ་ཤེས་པ་གནམ་དང་ས་ཡིན་ན། ཁོང་ནི་ཇི་འདྲའི་བཀའ་དྲིན་དང་སྐུ་དྲིན་ཆེ་བའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་ཟེར་ན་ཆོག་ཨང་།

དེ་རིང་ནི་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཉིན་མོ་རེད། ངེད་ཅག་སློབ་གྲྭའི་ངོས་ནས་ཉིན་མོ་འདི་སྲུང་བརྩི་ཞུས་ཤིང་སྐུ་མགྲོན་གཙོ་བོ་ནི་ Dr. Surrender Dhalwal(སུའུ་རན་དྷར་དྷལ་ཝལ) (Head of Clinical Psychology, National Institute of the Empowerment of Persons with Visual Disabilities)ཁོང་རེད། ང་རང་ཤེས་ཡོན་ལྟེ་གནས་ཁང་འདིར་དམིགས་བསལ་འདང་དང་བརྩེ་བ་ཡོད་པའི་རྒྱུ་རྐྱེན་གཅིག་ནི། ཨ་ཁུ་པད་མ་ཞེས་པའི་བོད་མི་དཀྱུས་མ་ཞིག་མཐར་ཁྱད་ལས་རང་བཞིན་ཅན་གྱི་ལོ་རྒྱུས་མི་སྣ་ཅན་ཞིག་ཏུ་སྐྱེད་བསྲིང་དང་གསོ་སྐྱོང་གནང་བས་ཡིན།  དེ་ཡང་མཉམ་དུ་ཉེ་ཆར་ལྷ་སའི་ལོང་བའི་སློབ་གྲྭ་དང་གཞིས་ཀ་རྩེ་རུ་སྐྱིད་ལ་ལགས་ཀྱིས་བཙུགས་གནང་བའི་སློབ་གྲྭ་གཉིས་ཀྱི་གན་རྒྱ་རྫོགས་ཏེ། སློབ་གྲྭ་གཉིས་ཀ་སྔ་གཞུག་མེད་པར་སྒོ་བརྒྱབ་དགོས་ཁེལ། ད་ནི་སྔར་བཞིན་ལྷ་སའི་སྤྲང་པོ་རྣམས་ཀྱིས་སྲང་ལམ་ཉུལ་མགོ་བཙུགས་སོང་། ད་ནི་ལྷ་སའི་ལོང་བ་རྣམས་ཀྱིས་སྔར་བཞིན་སྲང་ལམ་ལ་ཉལ་ཆས་བཅས་མགོ་བཙུགས་སོང་། ད་ནི་ལྷ་སའི་ལོང་བ་རྣམས་ཀྱི་འཚོ་བ་དང་སློབ་གསོ་སྔར་བཞིན་སློང་མོ་དང་དབྱུག་རྟེན་ལ་བརྟེན་དགོས་སོང་བསམ་ན། ཡིད་ལ་བརྗོད་ཀྱིས་མི་ལང་བའི་སྐད་ཆ་མང་པོ་མང་པོ་ཞིག། ཅིས་ཀྱང་རང་ཉིད་གཅིག་པུའི་ཁོག་ཏུ་བཅུགས་དགོས་བྱུང་།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༠ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༠ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༤ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese