མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་དྲན་པ་ཉེར་བཞག་གི་བཀའ་ཆོས་དབུ་འཛུགས་མཛད།

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ད་ལྟའི་ཏོག་དབྱིབས་གཉན་རིམས་ལྟ་བུའི་དཀའ་ངལ་ཡོང་སྐབས་སངས་རྒྱས་ཀྱི་གསུང་བདེན་པ་བཞི་ཡི་སྐོར་ལ་བསམ་བློ་བཏང་བ་ཡིན་ན་ལམ་སེང་ཁོང་ཁྲོ་བཟའ་བ་དང་སེམས་ཞུམ་པ་སོགས་མི་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་ཨིན་ཌོ་ནི་ཤི་ཡ་དང་། མ་ལེ་ཤི་ཡ། འབར་མ། ཤྲི་ལངྒ་། ཐའེ་ལན་ཌི་བཅས་ཀྱི་གནས་བརྟན་སྡེ་པའི་རྗེས་འབྲང་བ་རྣམས་ལ་ཉིན་གྲངས་གཉིས་རིང་གི་མདོ་དྲན་པ་ཉེར་བཞག་གི་བཀའ་ཆོས་དབུ་འཛུགས་མཛད་སྐབས། ༧གོང་ས་མཆོག་གིས། དགེ་སློང་ཞིག་ལ་མཚོན་ན་མདོ་དྲན་པ་ཉེར་བཞག་ཉམས་སུ་ལེན་ཐབས་ཡག་ཤོས་ནི་སད་པ་ཙམ་དུ་མ་ཟད་གཉིད་པའི་གནས་སྐབས་སུའང་རང་ཉིད་དགེ་སློང་ཡིན་པའི་འདུ་ཤེས་དེ་འཛིན་དགོས་པ་དེ་ཡིན་སྐོར་གསུངས་སོང་།

བཀའ་ཆོས་གནང་སྐབས་༧གོང་ས་མཆོག་གིས། ངས་ཉིན་རེ་བཞིན་དུ་སྟོན་པ་དྲན་དུས་རྗེ་ཙོང་ཁ་པའི་རྟེན་འབྲེལ་བསྟོད་པའི་ནང་གི་ཚིག སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཞིང་། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། །རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །ཞེས་པ་འདོན་གྱི་ཡོད། ཚིག་དེར་ནུས་པ་ཞེ་དྲགས་འདུག ང་ཆུང་དུས་སྐབས་ནས་བཅོམ་ལྡན་འདས་ཀྱི་བཀའ་སྡེ་གནོད་གསུམ་དང་། དེའི་དགོངས་འབྲེལ་རྣམས་ཀྱི་རྩ་བ་བློ་ལ་བཟུང་། འགྲེལ་བ་དེ་ཡང་ཡོངས་འཛིན་རྡོ་རྗེ་འཆང་གིས་བསྐྱོན། དེ་ལྟར་རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་ག་ཚོད་ཐུབ་ཐུབ་ཀྱིས་ཐོས་དོན་སྒྲུབ་ལ་གཞོལ་ནས། ཉིན་རེ་བཞིན་དུ་ཚུལ་ཁྲིམས་ཀྱི་བསླབ་པ་གཞི་ལ་བཞག་ནས་ཏིང་ངེ་འཛིན་གྱི་བསླབ་པར་གང་ལ་གང་འཚམ་ཞིག་བསམ་བློ་གཏོང་གི་ཡོད་པ་རེད། དེ་ནས་ཤུགས་ཆེ་བ་དེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་བསམ་བློ་གཏོང་གི་ཡོད་པ་རེད། རྒྱ་ཆེན་སྤྱོད་རྒྱུད་ཀྱི་བྱང་ཆུབ་སེམས་དང་། ཟབ་མོ་ལྟ་རྒྱུད་ཀྱི་སྟོང་ཉིད་ཀྱི་ལྟ་བ། རླབས་ཆེན་སྤྱོད་རྒྱུད་ཀྱི་ཞི་བ་ལྷའི་བདག་གཞན་མཉམ་བརྗེས་ཀྱི་བློ་སྦྱོང་དེ་དག་ལ་ངས་ཉིན་རེ་བཞིན་དུ་བསམ་བློ་གཏོང་བ་དང་སྒོམ་རྒྱག་གི་ཡོད། དེར་བརྟེན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཞིང་། །རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། །རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག །ཞེས་དེ་ལྟར་ངོས་ཀྱིས་འདུ་ཤེས་འཇོག་གི་ཡོད་ལ། ཆོས་གྲོགས་ཚོ་ལའང་ག་ཚོད་ཐུབ་ཐུབ་ཀྱིས་ང་རང་གི་ཉམས་ལེན་དང་འབྲེལ་ནས་ང་རང་གི་སེམས་ནང་འགྱུར་བ་གང་འདྲ་འགྲོ་ཀྱི་ཡོད་མེད་བཀའ་མོལ་ཞུ་རྒྱུ་ལ་ཞེ་དྲགས་དགའ་པོ་ཡོད། སྔོན་ལ་ཁྱེད་རང་ཚོ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རྣམ་པ་ཚོ་དང་། དེ་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་བཅས། གང་ལྟར་ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་རེད། ལྟ་གྲུབ་འདྲ་མིན་ཡོད་པ་དེ་བཅོམ་ལྡན་འདས་ཁོང་རང་ཞལ་བཞུགས་པའི་ཁ་ཐུག་དེར། དཔེར་ན་བྱེ་བྲག་སྨྲ་བའི་སྡེ་བཅོ་བརྒྱད་ཟེར་བ་ལྟ་བུ་ཡོང་གི་ཡོད་པ་རེད། རིམ་པས་མདོ་སྡེ་པ་དང་། སེམས་ཙམ་པ། དབུ་མ་པ་བཅས་དང་། དེ་རེ་རེ་ལའང་ནང་གསེས་མི་འདྲ་བ་ཡོང་སྡོད་ཀྱི་ཡོད་པ་རེད། དེ་དག་གང་ལྟར་བཅོམ་ལྡན་འདས་ཁོང་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་འདུག དེར་བརྟེན་ང་ཚོ་ལ་བཅོམ་ལྡན་འདས་ཀྱིས་རང་དབང་ཆ་ཚང་སྤྲད་ནས། བཅོམ་ལྡན་འདས་ཁོང་རང་གིས་གསུངས་པའི་བཀའ་དེ་ལ་བཅོམ་ལྡན་འདས་ཀྱི་བཀའ་རེད་ཟེར་ནས་ཡིད་ཆེས་བྱེད་དགོས་ཀྱི་མ་རེད། དེ་ལ་བརྟག་དཔྱད་བྱོས་གསུངས་བ་རེད། དེར་བརྟེན་ང་ཚོས་པཱ་ལི་ཆོས་བརྒྱུད་དང་། ལྷག་པར་དུ་ནཱ་ལེནྜའི་ལེགས་སྦྱར་གྱི་ཆོས་བརྒྱུད་ཀྱི་ནང་ལོགས་ལ་བཅོམ་ལྡན་འདས་ཀྱི་བཀའ་ཉིད་ལ་དཔྱད་པ་བྱེད་རྒྱུ་ཞེ་དྲགས་ཡོང་གི་ཡོད་པ་རེད། དེར་བརྟེན། བཅོམ་ལྡན་འདས་ཀྱི་བཀའ་ལ་ཇི་ཙམ་གྱིས་རིག་པས་དཔྱད་པ་བྱས་ན། ངེས་པ་འདྲེན་རྒྱུ་ཤུགས་ཆེ་རུ་འགྲོ་རྒྱུ་མ་གཏོགས། དཔྱད་པ་བྱས་ནས་གཞུག་དེར་ལན་བརྒྱབ་རྒྱུ་མེད་པར་དད་པ་རྐྱང་རྐྱང་ལ་འགྲོ་རྒྱུ་ཞིག་ཆགས་ཀྱི་ཡོད་པ་མ་རེད། དེར་བརྟེན། བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་ཀྱི་རེད་ལ། བཅོམ་ལྡན་འདས་ཀྱི་རྗེས་འབྲང་བ་ང་རང་ལ་ཆ་བཞག་ནའང་། རྒྱ་ཆེ་བའི་ལམ་རིམ་དང་ཟབ་མོ་ལམ་གྱི་རིམ་པ། བདག་གཞན་མཉམ་བརྗེས་ཀྱི་བློ་སྦྱོང་དེ་ཚོའི་གྲས་ཉམས་ལེན་དང་ཤེས་ནས་དད་པ་ཐོབ་པ་བྱས་ཡོད། ཅེས་གསུངས་སོང་།

ཡང་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་༧གོང་ས་མཆོག་གིས། ད་ལྟའི་དུས་ཚོད་འདིར་ངའི་ངོས་ནས་སྤྱིར་འཛམ་གླིང་ཞི་བདེ་དང་། ཆོས་བརྒྱུད་འདྲ་མིན་ཚང་མ་མཐུན་པོ་ཡོང་རྒྱུ། ལྟ་གྲུབ་འདྲ་མིན་ཡོད་རེད་དེ། སེམས་པ་བཟང་པོ་བྱ་རྒྱུ་དེ་ཆོས་བརྒྱུད་ཚང་མས་གསུང་གི་ཡོད་པ་རེད། དེ་བཞིན་འཚེ་བ་མི་བྱ་རྒྱུ་དེའང་ཚང་མས་གསུང་གི་འདུག རྒྱ་གར་གྱི་མུ་སྟེགས་པ་ཇེན་དང་། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཚང་མས་བྱམས་སྙིང་རྗེ་དང་བཟོད་པ་ཉམས་ལེན་བྱ་རྒྱུ། གཞན་ལ་འཚེ་བ་མི་བྱ་རྒྱུ་གསུང་གི་འདུག རྒྱ་གར་ནང་དར་བའི་ཆོས་ལུགས་ཁག་དེ་དག་གིས་འཚེ་བ་མི་བྱ་རྒྱུ་ཞེས་པ་ཞེ་དྲགས་གསུང་གི་འདུག དེར་བརྟེན་རྒྱ་གར་ནང་ལ་ཨ་ཧིམ་ས་(Ahimsa)ཟེར་བའི་འཚེ་བ་མི་བྱ་རྒྱུ་དང་། ཀ་རུ་ན་(Karuna)ཟེར་བའི་བྱམས་བརྩེ་ལྟ་གྲུབ་དེ་ལོ་གསུམ་སྟོང་ལྷག་རིང་སླེབས་ཀྱི་འདུག ལྟ་གྲུབ་དེའི་རྐྱེན་གྱིས་རྒྱ་གར་ནང་ཁ་ཆེ་དང་ཡེ་ཤུ། ཧིན་དྷུ། ཇེན་བཅས་ཆོས་ལུགས་འདྲ་མིན་མཐུན་པོ་བྱས་ནས་ཡོད་པ་དེ་ང་ཚོའི་མིག་དཔེ་ལྟ་ས་ཞིག་རེད། ང་རང་རྒྱ་གར་ལ་བཙན་བྱོལ་བ་བྱས་ནས་ལོ་དེ་ཙམ་འགྲོ་ཡི་ཡོད་རེད་དེ། དངོས་ནས་རྒྱ་གར་ནང་ཆོས་ལུགས་ཀྱི་མཐུན་སྒྲིལ་དེ་རྗེས་སུ་ཡི་རང་དང་སེམས་ཀྱི་རྟིང་ནས་དགའ་ཚོར་སྐྱེ་རྒྱུ་ཞིག་འདུག ཅེས་བཀའ་གནང་སོང་།

བཀའ་འདྲི་བཀའ་ལན་གྱི་ལས་རིམ་སྐབས་དགེ་སློང་ཞིག་གིས་ད་ལྟའི་ཏོག་དབྱིབས་གཉན་རིམས་ལྟ་བུས་ཉིན་རེའི་འཚོ་བའི་ནང་དཀའ་ངལ་འཕྲད་པའི་སྐབས་སུ་མདོ་དྲན་པ་ཉེར་བཞག་ཇི་ལྟར་ཉམས་ལེན་བྱ་དགོས་མིན་བཀའ་འདྲི་ཞུས་པར་མགོན་པོ་མཆོག་གིས། དེ་རིང་ཁ་སང་ང་ཚོར་དཀའ་ངལ་དེ་འདྲ་འཕྲད་པའི་ཁ་ཐུག་དེར། རྒྱུ་དང་རྐྱེན་ག་རེ་ཡིན་མིན་བསམ་བློ་དེ་ཙམ་འཁོར་གྱི་ཡོད་པ་མ་རེད། དཀའ་ངལ་མང་པོ་ཞིག་མིའི་སྤྱི་ཚོགས་ནང་འཕྲད་ཡོང་དུས། མིས་མི་ལ་ཁོང་ཁྲོ་བཟའ་རྒྱུ་དང་ཕྲག་དོག་ལང་རྒྱུ། ང་རྒྱལ་སྐྱེ་རྒྱུ་དེ་འདྲ་ཡོང་གི་ཡོད་པ་རེད། དེར་བརྟེན་དེའི་རིགས་ལ་བདེ་སྡུག་ཟེར་བ་དེ་ལས་ཀྱི་དབང་གིས་ཡོང་གི་ཡོད་པ་དང་། ལས་ཟེར་བ་དེ་སེམས་འདུལ་མ་འདུལ་གྱི་སྟེང་ནས་ཡོང་གི་ཡོད་པའི་ཐད་ལ་བསམ་བློ་མང་ཙམ་འཁོར་བ་ཡིན་ན། དེ་ནས་དཀའ་ངལ་འཕྲད་དུས་ལས་སླ་པོའི་ཐོག་ནས་མི་ལ་མཛུ་གུ་འཛུགས་རྒྱུ་དེ་ཡོང་གི་མ་རེད། དེ་འདྲ་ཡིན་དུས། ང་ཚོས་ད་ལྟའི་དུས་ཚོད་འདིར་སངས་རྒྱས་ཀྱི་ཆོས་ལ། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །ཞེས་བདེན་བཞི་གསུང་པ་དེ་ལ་བསམ་བློ་བཏང་བ་ཡིན་ན། ང་ཚོར་དཀའ་ངལ་འཕྲད་པའི་སྐབས་ལམ་སེང་སེམས་ནང་ཁོང་ཁྲོ་བཟའ་རྒྱུ་དང་། སེམས་ཞུམ་རྒྱུ་ལྟ་བུ་ཕལ་ཆེར་མི་ཡོང་བ་རེད་འདུག ཅེས་དང་། སངས་རྒྱས་ཀྱིས་གསུངས་པའི་བདེན་བཞིའི་སྐོར་ལ་གོ་བ་ཏོག་ཙམ་བྱུང་ན། རང་བཞིན་གྱིས་དཀའ་ངལ་རིགས་ལ་འཕྲད་སྐབས་ཧོན་འཐོར་འགྲོ་བའི་གནས་སྐབས་ཕལ་ཆེར་མི་བྱུང་བ་ལྟ་བུ་ཡིན་སྐོར་བཀའ་ལན་བསྩལ་གནང་སོང་།

གཞན་ཡང་མགོན་པོ་མཆོག་གིས། མི་གྲོངས་པའི་ཁ་ཐུག་དེར་མདོ་དྲན་པ་ཉེར་བཞག་ལྟ་བུ་བཏོན་ན། འདས་པོའི་རྣམ་ཤེས་ཀྱི་ཐོས་ནས་ཕན་ཐོགས་ཏན་ཏན་ཡོད་པ་མ་ཟད། འདས་གྲོངས་ཕྱིན་པའི་ཤུལ་ལུས་ནང་མི་རྣམས་ལའང་མདོ་ཡི་ཚིག་གོ་བ་ཙམ་གྱིས་སེམས་ནང་ཏོག་ཙམ་ཞི་བདེ་ཡོང་རྒྱུའི་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་དང་། དྲན་པ་ཉེར་བཞག་བཞིའི་རྣམ་གཞག་སྐོར་། དེ་བཞིན་དགེ་སློང་ཞིག་ཡིན་པའི་ཆ་ནས་དུས་རྒྱུན་དྲན་པ་ཉེར་བཞག་གི་ཉམས་ལེན་བྱ་རྒྱུའི་ཐབས་ཤེས་ལེགས་ཤོས་ནི་རང་ཉིད་དགེ་སློང་ཡིན་བསམ་པའི་འདུ་ཤེས་དེ་གཉིད་སད་དུས་ཙམ་དུ་མ་ཟད་གཉིད་དུས་ཀྱི་གནས་སྐབས་སུའང་སླེབས་དགོས་པ་ཡིན་སྐོར་སོགས་བཀའ་སློབ་བསྩལ་གནང་སོང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

ཆུ་ཚོད་ ༢༠ སྔོན་ལ།
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤
gulf-insider
Mobile App

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་རེད་འདུག

༢༠༢༦/༠༥/༠༤
Mobile App

བོད་སློབ་གྲྭ་ཁག་ཏུ་ལུས་ཐོག་ཉེས་ཆད་གཏོང་རྒྱུ་ངེས་པར་དུ་མཚམས་འཇོག་གནང་དགོས།

༢༠༢༦/༠༥/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese