མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་རང་དབང་ལྷ་མོའི་སྐུ་བརྙན་མེད་པ་བཟོས། 

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་གི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་ནང་ཡོད་པའི་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་གྱི་རང་དབང་ལྷ་མོའི་སྐུ་བརྙན་སོགས་ལ་བསྙད་འདོགས་སྣ་ཚོགས་བྱས་ཏེ་མེད་པ་བཟོས་ཡོད་འདུག

དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གི་བཙན་གནོན་འོག་ཧོང་ཀོང་གི་རང་དབང་དང་དམངས་གཙོའི་སྒྲོམ་གཞི་རྨང་ནས་མེད་པ་བཞིན་ཡོད་པ་ལྟར། ཧོང་ཀོང་གི་རྒྱ་ནག་མཐོ་སློབ་ (The Chinese University of Hong Kong)ཏུ་དྲུག་བཞིའི་དམར་གསོད་དོན་རྐྱེན་ལ་རྗེས་དྲན་གྱི་རང་དབང་ལྷ་མོའི་སྐུ་བརྙན་ཞིག་བཞེངས་ཡོད་པ་དེ་བཀའ་འཁྲོལ་མེད་པའི་སྐུ་བརྙན་ཞེས་བརྗོད་དེ་འཐོར་ཡོད་པ་དང་། ད་དུང་ལིང་ནན་གཙུག་ལག་སློབ་ཆེན་(Lingnan University) ནང་ཡོད་པའི་རང་དབང་ལྷ་མོའི་སྐུ་བརྙན་ཞིག་ཀྱང་མེད་པ་བཟོས་ཡོད་འདུག

ཧོང་ཀོང་གཙུག་ལག་སློབ་ཆེན་དུ་རྒྱ་ནག་གིས་ཕྱི་ལོ་ ༡༩༨༩ ལོར་ཡུལ་མི་ ༡༠༠ ལྷག་དང་དམངས་གཙོ་དོན་གཉེར་བ་ ༡༠༠༠ ཙམ་དམར་གསོད་བཏང་བའི་ཕུང་པོའི་མཚོན་དོན་དུ་བཟོས་པའི་སྐུ་བརྙན་ཞིག་ཡིན་འདུག་ཀྱང་། སློབ་གཉེར་ཁང་དེས་ངོ་ཚ་བའི་ཀ་བ་ (Pillar of Shame) ཞེས་བརྗོད་དེ། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་མཚན་མོར་སློབ་གཉེར་ཁང་དུ་འགྲོ་འོང་བཀག་སྟེ། སྐུ་བརྙན་དེ་མཐོ་སློབ་ཀྱི་དཔེ་མཛོད་ཁང་དུ་འཇོག་རྒྱུ་ཡིན་སྐོར་བརྗོད་དེ་འཁུར་ཕྱིན་ཡོད་སྟབས། སྐུ་བརྙན་དེ་བཟོ་མཁན་ཇེན་སི་གྷལ་ས་ཁིའོ་ཊི་(Jens Galschiøt)ཡིས།  རང་དབང་ལྷ་མོའི་སྐུ་བརྙན་དེ་མེད་པར་བཟོས་པ་ཧང་སངས་བྱུང་། ངས་ཁོ་ཚོར་ཕྱིར་སྤྲོད་རོགས་ལབ་ཀྱི་ཡིན། གལ་ཏེ་ཁོ་ཚོས་མ་སྤྲད་པ་ཡིན་ན་ཁྲིམས་གཏུག་བྱ་རྒྱུ་ཡིན། ཁོ་ཚོས་ཧོང་ཀོང་གི་སྒྱུ་རྩལ་བའི་ཅ་དངོས་གཏོར་བཤིག་བཏང་ཡོད་པས་ཁྲིམས་ལ་གཏུག་རྒྱུ་ཡིན་ཞེས་བརྗོད་འདུགཧོང་ཀོང་གཞུང་གིས་ཕྱི་ལོ་ ༢༠༢༠ དང་འདི་ལོ་གཉིས་ཀར་ཏོག་དབྱིབས་གཉན་རིམས་ལ་ཁག་དཀྲིས་ཏེ། འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་ཧོང་ཀོང་གི་ཝིག་ཊོ་རི་ཡ་སྤྱི་གླིང་དུ་རྒྱུན་ཆད་མེད་པར་འཚོག་བཞིན་པའི་གནམ་བདེ་སྒོ་མོ་ཆེའི་དྲུག་བཞི་དམར་གསོད་དོན་རྐྱེན་རྗེས་དྲན་གྱི་ཚོགས་འདུ་དེ་ཉིད་འཚོག་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་ནའང་། ཕྱི་ལོ་ ༢༠༢༠ ལོར་མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱས་ཡོད་སྟབས། ཧོང་ཀོང་གི་ཉེན་རྟོག་པས་དམངས་གཙོ་དོན་གཉེར་བའི་སྣེ་ཁྲིད་པ་རྣམས་ཀྱིས་ཤེས་བཞིན་དུ་ཆོག་མཆན་མེད་པའི་འདུ་འཛོམས་ནང་མི་མང་ཞུགས་རྒྱུར་སྐུལ་མ་བྱས་པ་དང་། རང་ཉིད་དངོས་སུ་ཞུགས་པའི་ཉེས་མིང་འོག་འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་ལས་འགུལ་བ་ ༩ འཛིན་བཟུང་བྱས་ཏེ་ཟླ་བ་ ༦ ནས་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། ཕྱི་ཟླ་ ༡༡ ནང་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཇི་མི་ལའེ་ (Jimmy Lai) ལགས་ལ་ཟླ་བ་ ༡༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཧོང་ཀོང་གི་མནའ་འབྲེལ་ཚོགས་པ་ (Hong Kong Alliance in Support of Patriotic Democratic Movements of China) ཞེས་པ་དེ་ནི་ཕྱི་ལོ་ ༡༩༨༩ ལོར་གསར་འཛུགས་བྱས་པ་ཞིག་ཡིན་ཞིང་། འདས་པའི་ལོ་ངོ་ ༣༠ ལྷག་གིི་རིང་དམངས་གཙོ་དོན་གཉེར་བའི་ཚོགས་པ་དེས་ཧོང་ཀོང་གྲོང་ཁྱེར་ནང་ཕྱི་ལོ་ ༡༩༨༩ ལོའི་དམར་གསོད་དོན་རྐྱེན་དང་འབྲེལ་བའི་ལས་འགུལ་འདྲ་མིན་གོ་སྒྲིག་ཞུ་མུས་ཡིན་ནའང་། འདས་ལོར་རྒྱ་ནག་དམར་ཤོག་ཚོགས་པས་མི་མང་འཐུས་མིའི་ཚོགས་ཆེན་ཟེར་བའི་སྟེང་ཧོང་ཀོང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བ་གཏན་འབེབ་ལག་བསྟར་བྱས་པ་ནས་བཟུང་། ཚོགས་པ་དེ་ཉིད་ཚུད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཚོགས་པ་དང་གསར་འགྱུར་བརྒྱུད་ལམ། མི་སྒེར་བཅས་ཚང་མར་གཞུང་གི་བཀག་སྡོམ་དང་དམ་དྲག་ཤུགས་ཆེན་བྱས་དང་བྱེད་བཞིན་ཡོད་པ་རེད། ད་བར་སྤྱི་དམངས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ (The Civil Human Rights Front) ཡིས་མཚོན་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བའི་ཚོགས་པ་མི་ཉུང་བ་ཞིག་གཏན་དུ་སྒོ་བརྒྱབ་ཟིན་པ་ལྟར། ཉེ་བའི་ཆར་ཧོང་ཀོང་མནའ་འབྲེལ་ཚོགས་པར་ཡང་ཧོང་ཀོང་གི་སྲིད་གཞུང་དང་རྒྱ་ནག་གི་ཕྱོགས་གཏོགས་ཤོག་ཁག་གིས་གནོན་ཤུགས་ཆེན་པོ་སྤྲད་དེ་སྒོ་བརྒྱག་གི་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

ཆུ་ཚོད་ ༣ སྔོན་ལ།
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

ཆུ་ཚོད་ ༥ སྔོན་ལ།
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist