མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ནང་མིའི་ལུས་པོར་ཕག་སྙིང་སྤོ་འཛུགས་ཐོག་མ་ལེགས་འགྲུབ་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་མའེ་རེ་ལན་ཌི་སྨན་གྱི་གཙུག་ལག་སློབ་གྲྭས་བཅོས་སྒྲིག་བྱས་པའི་ཕག་སྙིང་ཞིག་འཆི་གསོན་གྱི་གནས་སྟངས་ལ་ཐུག་པའི་མི་ཞིག་གི་ལུས་པོར་སྤོ་འཛུགས་བྱས་པ་ལེགས་འགྲུབ་བྱུང་ཡོད་འདུག

Surgeon Bartley P Griffith pictured with David Bennett earlier this month. Photo/BBC

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་ནང་རང་ལོ་ ༥༧ ཅན་གྱི་སྐྱེས་པ་ཌ་ཝི་ཊི་ (David Bennett) ཞུ་བ་ཞིག་སྙིང་ནད་ཀྱིས་ཡུན་རིང་མནར་ཏེ་དཀའ་ངལ་བསྟུད་མར་འཕྲད་ཀྱི་ཡོད་སྟབས། ཨ་རིའི་མའེ་རེ་ལན་ཌི་སྨན་གྱི་གཙུག་ལག་སློབ་གྲྭ་ ( University of Maryland Medicine ) ཆེན་མོས་ཁོང་ལ་རྒྱུ་རྫས་བཅོས་སྒྲིག་བྱས་པའི་ཕག་པའི་སྙིང་ཞིག་གཤག་བཅོས་ཀྱི་ལམ་ནས་སྤོ་འཛུགས་བྱས་ཏེ་ཉིན་གྲངས་གསུམ་ལྷག་ཕྱིན་ཡོད་ཀྱང་། ད་ལྟ་ཁོང་ལ་དམིགས་བསལ་གྱི་དཀའ་ཁག་གང་ཡང་མེད་པར་བདེ་འཚམ་ཡིན་པར་བརྟེན།  གཤག་བཅོས་དེ་ནི་འཛམ་གླིང་ནང་རྒྱུ་རྫས་བཅོས་སྒྲིག་བྱས་ནས་མི་ལ་ཕག་པའི་སྙིང་སྤོ་འཛུགས་བྱས་པའི་གཤག་བཅོས་ཐེངས་དང་པོ་དེ་ཆགས་ཡོད་པ་མ་ཟད། ལུས་ཀྱི་ནང་ཁྲོལ་དང་དམིགས་བསལ་སྙིང་ནད་ཅན་གྱི་མི་རྣམས་ལ་རེ་བ་གསར་པ་ཞིག་བསྐྲུན་ཐུབ་ཡོད་འདུག

དེ་འབྲེལ་བྷི་བྷི་སིའི་གནས་ཚུལ་ནང་། ད་ལྟ་སྨན་པ་དང་སྨན་ཞབས་པ་རྣམས་ཀྱིས་ཉིན་ལྟར་སྐུ་ཞབས་ཌ་ཝི་ཊི་ལགས་ཀྱི་འགོག་སྲུང་མ་ལག་གི་གཙོས་སྤྱི་ཡོངས་ཀྱི་ལུས་པོའི་གནས་སྟངས་ལ་ལྟ་རྟོག་དང་སྨན་བཅོས་བྱེད་མུས་ཡིན་པ་དང་། ཨ་རིའི་མའེ་རེ་ལན་ཌི་སྨན་གྱི་གཙུག་ལག་སློབ་གྲྭའི་སྨན་པ་བྷ་ཊི་ལའེ་ ( Dr. Bartley P. Griffith) ཀྱིས། ད་ལན་གྱི་གཤག་བཅོས་འདིས། འཛམ་གླིང་ནང་མི་རིགས་ལ་ནང་ཁྲོལ་ལམ་ལུས་པོའི་དབང་པོ་འདང་ངེས་མེད་པའི་དཀའ་ཁག་སེལ་བར་གོམས་གང་མདུན་སྤོ་བྱས་ཡོད། ཅེས་བརྗོད་ཡོད་པ་དང་། ད་ལྟ་ཨ་རིའི་ནང་མི་གྲངས་འབུམ་གཅིག་ལྷག་གཤག་བཅོས་ལ་སྒུག་བཞིན་ཡོད་པ་ལས། ཉིན་རེར་མི་གྲངས་ ༡༧ འདས་གྲོངས་སུ་འགྲོ་ཡི་ཡོད་པ་རེད།

སྙིང་གཤག་བཅོས་མ་བྱས་པར་སྔ་ཉིན་དེར་སྐུ་ཞབས་ཌ་ཝི་ཊི་ལགས་ཀྱིས།  གཤག་བཅོས་མ་བྱས་ན་ཤི་དགོས་སྟབས། ཐག་གཅོད་འདི་ནི་ནག་ཁུངས་ནང་མདའ་འཕངས་པ་ལྟ་བུ་ཞིག་ཡིན་ཡང་། དེ་ནི་ངའི་ཆེས་མཐའ་མཇུག་གི་རེ་བ་ཡིན། ཞེས་བརྗོད་ཡོད་པ་དང་། སྐུ་ཞབས་ཌི་ཝི་ཊི་ལགས་སུ་ཡུན་རིང་སྙིང་ནད་ཀྱིས་མནར་ནས་དཀའ་ངལ་ཆེན་པོ་མྱངས་ཡོད་པ་མ་ཟད། ཁོང་ལ་མིའི་སྙིང་བརྗེ་བསྒྱུར་བྱེད་ཐུབ་ཀྱི་མེད་པ་ཡིན་སྟབས། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་ཨ་རིའི་ཟས་རིགས་དང་ཉེས་དུག་དོ་དམ་ལྷན་ཁང་གིས། ནད་པ་འཆི་གསོན་གྱི་ཛ་དྲག་གི་གནས་སྟངས་འོག་ཆོག་མཆན་སྤྲད་པ་བརྒྱུད། ཨ་རིའི་མའེ་རེ་ལན་ཌི་སྨན་གྱི་གཙུག་ལག་སློབ་གྲྭའི་སྨན་པ་དག་གིས་བཅོས་སྒྲིག་བྱས་པའི་ཕག་སྙིང་ཞིག་ཁོང་ལ་སྤོ་འཛུགས་བྱས་ཡོད་འདུག་ལ། སྨན་བཅོས་ལྟ་སྐྱོང་ཚན་པ་དེས་ཉེ་བའི་ལོ་གཅིག་ཙམ་གྱི་རིང་ཉམས་ཞིབ་ཚད་ལྡན་གནང་བ་བརྒྱུད། གཤག་བཅོས་དེས་འཛམ་གླིང་གི་མི་མང་པོ་ཞིག་གི་ཚེ་སྲོག་སྐྱོབ་ཐུབ་པར་རེ་བ་བཅངས་ཀྱི་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༡ ནང་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་དེས། ཀླད་པའི་བྱེད་ནུས་བེད་མེད་དུ་གྱུར་བའི་བུད་མེད་ཞིག་གི་མཁལ་མའི་ཚབ་ཏུ་རྒྱུ་རྫས་བཟོ་སྒྲིག་བྱས་པའི་ཕག་གི་མཁལ་མ་ཞིག་སྤོ་འཛུགས་བྱས་ཡོད་འདུག་ལ། སྐབས་དེའི་གཤག་བཅོས་ལེགས་འགྲུབ་བྱུང་ཡོད་སྟབས། འཛམ་གླིང་ནང་མི་རིགས་ཀྱི་ལུས་ཀྱི་ནང་ཁྲོལ་ལམ་དབང་པོ་བརྗེ་བསྒྱུར་བྱེད་པར་རེ་བ་གསར་པ་ཞིག་རྙེད་ཡོད་སྐོར་བརྗོད་ཡོད།

གསར་འགོད་པ། དཔལ་ལྡན།་

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༤ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༥ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༨ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese