མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨམ་བྷ་ལ་བོད་མིའི་སུད་ཚོང་ཁྲོམ་རར་མེ་སྐྱོན་ཆེན་པོ་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

མདང་དགོང་ཆུ་ཚོད་ ༣ པ་ཙམ་ལ་རྒྱ་གར་གྱི་མངའ་སྡེ་ཧར་ཡ་ནའི་གྲོང་ཁྱེར་ཨམ་བྷ་ལ་བོད་མིའི་སུད་ཚོང་ཁྲོམ་རར་མེ་སྐྱོན་ཆེན་པོ་བྱུང་ཡོད་འདུག

འདི་གའི་གསར་འགོད་པས་ཨམ་བྷ་ལ་བོད་མིའི་སུད་ཚོང་གི་ཚོགས་གཙོ་བསོད་ནམས་ལགས་སུ་ཁྲོམ་རའི་མེ་སྐྱོན་སྐོར་དྲིས་པར་ཁོང་གིས། ང་རང་གིས་ཧ་གོ་བ་ནི་ཨམ་བྷ་ལ་ (Ambala Cant) དང་ཨམ་བྷ་ལ་ (Ambala City) ཟེར་ནས་གཉིས་ཡོད་པ་རེད། ད་ལྟ་མེ་སྐྱོན་ཤོར་ས་ནི་ཨམ་བྷ་ལ་ (Ambala City) རེད། དེ་རིང་ཞོགས་པའི་ཆུ་ཚོད་ ༤ པ་ཟིན་པར་སྐར་མ་ ༡༥ ཙམ་དུ། ང་ལ་ཁ་པར་འབྱོར་ནས་ཁོ་ཚོའི་ཚོང་ཁང་དུ་མེ་སྐྱོན་བྱུང་སོང་། མེ་ཞེ་དྲགས་འཚིག་གི་འདུག ད་དཔེ་བསགས་སོང་ཟེར་ནས་ཁ་པར་འབྱོར་བྱུང་བས། ང་ཚོ་མི་ཁ་ཤས་ཤིག་རོགས་སྐྱོར་གྱི་ཆེད་དུ་མགྱོགས་པོ་སོང་བ་ཡིན། མེ་སྐྱོན་ཤོར་སའི་ས་གནས་སུ་ཆུ་ཚོད་ ༤ ཙམ་ལ་འབྱོར་སོང་། སྐབས་དེ་དུས་མེ་སྐྱོན་གྱིས་ཚོང་ཁང་མང་པོ་ཞིག་རྦད་དེ་མེད་པ་ཆགས་འདུག འོན་ཀྱང་སྟབས་ལེགས་པ་ཞིག་ལ་ང་ཚོའི་ཚོང་ཁང་དུ་མཚན་མོར་མི་ ༣ ཙམ་ཚོང་ཁང་ལ་ལྟ་སྲུང་ཆེད་དུ་ཉལ་གྱི་ཡོད་པ་དེ་དག་ལ་རྨས་སྐྱོན་གང་ཡང་བྱུང་མི་འདུག ཅེས་བརྗོད་བྱུང་།

མེ་སྐྱོན་འབྱུང་རྐྱེན་གཙོ་བོ་གང་ཡིན་སྐོར་དྲིས་པར་ཁོང་གིས། ད་ལྟའི་ཆར་མེ་སྐྱོན་ཤོར་བའི་རྐྱེན་རྩ་གཙོ་བོ་གང་ཡིན་ཤེས་རྟོགས་བྱུང་མ་སོང་། ང་རང་གི་བསམ་ཚུལ་ལ་གློག་གིས་མེ་སྐྱོན་ཤོར་བ་ཡིན་གྱི་རེད་བསམ་གྱི་འདུག འོན་ཀྱང་བྱུང་རིམ་གྱི་གནས་སྟངས་གང་ཡང་ཤེས་ཀྱི་མི་འདུག ཚོང་ཁང་དུ་སྡོད་མཁན་མི་ཡིས་ཚོང་ཁང་དུ་མེ་ཤོར་བ་མཐོང་བ་དང་བྲོས་ཕྱིན་ནས་སོ་སོའི་སྲོག་བསྐྱབས་ཐུབ་པ་བྱུང་འདུག དེ་མིན་ཚོང་ཁང་དང་ཅ་དངོས་རིགས་ཚང་མ་ཐལ་བར་གྱུར་འདུག ཅེས་བརྗོད་བྱུང་།

ད་ལྟའི་གནས་སྟངས་སྐོར་ལ་ཁོང་གིས། ང་རང་ཧར་ཡ་ནའི་ས་གནས་ཀྱི་ཚོགས་གཞོན་ཡིན་པའི་ཆ་ནས། ས་གནས་ཀྱི་ (MLA) འགྲམ་དུ་བཅར་ཏེ་གནས་སྟངས་འདིའི་སྐོར་སྙན་གསེང་ཞུས་པ་ཡིན་ལ། ཉེན་རྟོག་ཁང་དུའང་ (FIR) བརྒྱབ་པ་ཡིན། ང་རང་ཚོའི་ཚོགས་མི་ཡོངས་ཀྱིས་གྲོས་བསྡུར་བྱས་ཏེ་རྒྱ་གར་རྒྱལ་ཡོངས་ཀྱི་ཚོགས་པའི་ནང་དུ་མེ་སྐྱོན་ཤོར་བའི་གནས་སྟངས་དང་པར་ལ་སོགས་པ་བཏང་སྟེ་གནས་སྟངས་ངོ་སྤྲོད་བྱས་པ་ཡིན། ཅེས་བརྗོད་བྱུང་།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་རིགས་སུད་ཚོང་ཚོགས་པའི་ཚོགས་གཙོ་ལགས་སུ་འབྲེལ་བ་བྱེད་སྐབས་ཁོང་གིས། ད་ལྟའི་ཆར་ཁྲོམ་ས་སྒོ་བརྒྱག་ལ་ཉེ་བས་འཐུས་མི་ཚོས་འགན་བཞེས་པའི་ཐོག་ནས་གནས་སྟངས་དེའི་རིགས་མི་ཡོང་བ་དང་། གློག་བརྒྱུད་ནས་མེ་སྐྱོན་ཤོར་བ་སོགས་མེ་སྐྱོན་ཤོར་སྟངས་མི་འདྲ་བ་མང་པོ་ཡོད་པར་བརྟེན། འཐུས་མི་ཚོས་ཁྲོམ་སའི་གློག་སྐུད་དེ་ཚོར་ཡང་ཡང་ལྟ་བ་དང་ཁྲོམ་སའི་གཡས་གཡོན་ལ་དོ་སྣང་བྱས་ཏེ། དེ་འདྲའི་སྐྱོན་ཆག་མི་ཡོང་བར་འགན་བཞེས་རོགས་གནང་ཞུ་བ་དང་ས་གནས་ཁག་ཚང་མས་ཐུགས་གཟབ་གནང་རོགས་ཞེས་བརྗོད་བྱུང་།

རྒྱ་གར་རྒྱལ་ཡོངས་ཀྱི་བོད་མིའི་སུད་ཚོང་ཁུལ་དུ་མེ་སྐྱོན་བྱུང་བའི་གནས་ཚུལ་བསྟུད་མར་འབྱུང་གི་ཡོད་པ་ལྟར། ཉེ་སྔོན་ཡུ་བྷི་ན་ཡོད་པའི་བོད་མིའི་སུད་ཁྲོམ་ར་ཞིག་ལའང་མེ་སྐྱོན་བྱུང་ཡོད་པ་རེད། དུས་རྒྱུན་དགུན་ཚོང་ཕྱི་ཟླ་ ༡༠ པ་ནས་མགོ་འཛུགས་ཀྱི་ཡོད་ཀྱང་འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་ཕྱིར་འགྱངས་བྱས་ཡོད་པ་དང་། ཨམ་བྷ་ལ་སུད་ཚོང་བས་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༧ ནས་ཚོང་མགོ་འཛུགས་བྱས་ཡོད་འདུག  ཨམ་བྷ་ལ་ (City) ནང་དུ་སྤྱིར་བཏང་སུད་ཚོང་མི་ཚང་ ༢༡ ཡོད་ཀྱང་ད་ཡོད་ཀྱི་མི་ཚང་ ༡༠ ཡི་ཚོང་ཟོག་ལ་མེ་སྐྱོན་བྱུང་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist