མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐིག་ན་ཊི་ཧན་མཆོག་དགོངས་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཝེ་ཏི་ནམ་གྱི་ནང་པའི་བླ་ཆེན་ཐིག་ན་ཊི་ཧན་མཆོག་དགོངས་པ་རྫོགས་པར་ཁོང་གི་རྗེས་འབྲང་བ་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་སྩལ།

ཁ་སང་མཚན་གུང་ཝི་ཏི་ནམ་གྱི་ནང་པའི་བླ་ཆེན་ཐིག་ན་ཊི་ཧན་མཆོག་དགོངས་པ་རྫོགས་པར་བརྟེན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བླ་ཆེན་དམ་པ་ཁོང་གི་རྗེས་འབྲང་བ་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། ངོས་ཀྱི་བཀུར་འོས་པའི་ཆོས་གྲོགས་དང་གྲོགས་པོ་དམ་པ་ཐིག་ན་ཧན་མཆོག་དགོངས་པ་རྫོགས་པའི་གནས་ཚུལ་ཐོས་པར་ཡིད་སེམས་སྐྱོ་བས་ཁེངས་བྱུང་། ངོས་ནས་འཛམ་གླིང་དང་ཝི་ཏི་ནམ་ནང་གནས་པའི་དམ་པ་ཁོང་གི་རྗེས་འབྲང་བ་ཡོངས་ལ་སེམས་གསོ་ཞུ་ཡི་ཡོད། ཅེས་གསུངས་འདུག

ཡང་གསུང་འཕྲིན་ནང་། སློབ་དཔོན་དམ་པ་ཁོང་གིས་ཝེ་ཏི་ནམ་གྱི་དམག་འཁྲུག་ལ་ཞི་བའི་སྒོ་ནས་ངོ་རྒོལ་གནང་སྟེ། མར་ཊིན་ལུ་ཌིར་ཀིང (Martin Luther King Jr) མཆོག་ལ་རྒྱབ་སྐྱོར་གནང་བ་དང་། དམ་པ་ཁོང་གིས་མི་གཞན་ལ་ནང་སེམས་ཀྱི་ཞི་བདེ་བསྐྲུན་པར་དྲན་པ་ཉེར་བཞག་དང་བྱམས་བརྩེ་ཡིས་ཇི་ལྟར་ཞབས་འདེགས་སྒྲུབ་ཐུབ་ཀྱི་ཡོད་པའི་སྐོར་བརྒྱུད་སྤེལ་གནང་བ་མ་ཟད། མི་སྒེར་སོ་སོ་ནས་ཇི་ལྟར་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་སྐོར་ལམ་སྟོན་གནང་སྟེ། འཛམ་གླིང་ནང་དོན་དམ་གྱི་ཞི་བདེ་ཡོང་བར་ཞབས་འདེགས་ཞུས་ཡོད།

དམ་པ་ཁོང་སྐུ་འཚོ་བཞུགས་རིང་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པས། ང་ཚོས་དམ་པ་ཁོང་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ཡག་ཤོས་ནི་འཛམ་གླིང་ཞི་བདེ་གོང་སྤེལ་གྱི་ཁོང་གི་མཛད་པ་མཇུག་སྐྱོང་གནང་རྒྱུ་དེ་ཡིན་པ་ངོས་རང་ལ་བློ་དོགས་མེད། ཅེས་གསུངས་འདུག

ཝི་ཏི་ནམ་གྱི་ནང་པའི་གནས་བརྟན་ཆེན་མོ་ཐིག་ན་ཊི་ཧན་Thich Nhat Hanh མཆོག་ནི། ཕྱི་ལོ ༡༩༢༦ ཟླ་ ༡༠ ཚེས་ ༡༡ ཉིན་ཝི་ཏི་ནམ་གྱི་གྲོང་ཁྱེར་(Hue)ནང་འཁྲུངས་ཤིང་། དམ་པ་ཁོང་ནི་འཛམ་གླིང་ནང་ཡོངས་གྲགས་ངོས་འཛིན་ལྡན་པའི་ནང་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་དང་། འཛམ་གླིང་ནང་ཞི་བདེ་གོང་སྤེལ་གནང་མཁན་གྱི་ལས་འགུལ་བ་ཞིག་ཀྱང་ཡིན་པ་རེད།  ཕྱི་ལོ་ ༡༩༦༠ ནང་དམ་པ་ཁོང་གིས་ཝི་ཏི་ནམ་གྱི་དམག་འཁྲུག་ལ་ཞི་བའི་སྒོ་ནས་ངོ་རྒོལ་གནང་བའི་རྐྱེན་གྱིས། ལོ་མང་རིང་ཧྥ་རན་སིའི་ནང་བཙན་བྱོལ་དུ་བཞུགས་དགོས་བྱུང་།  མི་རིགས་ནག་པོའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་སྐུ་ཞབས་ Martin Luther King མཆོག་གིས་ཁོང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་མྱོང་། ཁོང་གིས་འཛམ་གླིང་ཡོངས་ལ་དགོན་སྡེ་ཁག་(Plum village tradition) ཞེས་པའི་འོག་སྒོམ་སྒྲུབ་ཚོགས་པ་འདྲ་མིན་ཆེད་བཙུགས་གནང་ཞིང་ད་བར་ཕྱག་དེབ་༡༠༠ ལྷག་བརྩམས་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

ཆུ་ཚོད་ ༢༠ སྔོན་ལ།
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

༢༠༢༦/༠༢/༢༣
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese