མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་བར་ཆབ་སྲིད་འབྲེལ་ལམ་ཇེ་སྡུག་ཕྱིན་ཡང་ཚོང་ལས་འབྲེལ་བ་ཧ་ཅང་ཤུགས་ཆེ་རུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

 འདས་པའི་ལོ་ཤས་ནང་རྒྱ་གར་དང་རྒྱ་ནག་དབར་ལ་ས་མཚམས་དང་འབྲེལ་བའི་རྩོད་རྙོག་བསྟུད་མར་བྱུང་ཡོད་ནའང་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་དེ་སྔར་བས་གཞི་རྒྱ་ཆེ་རུ་ཕྱིན་ཏེ་ལོ་རྒྱུས་ནང་ཐེངས་དང་པོར་རྒྱ་གར་གྱིས་རྒྱ་ནག་ནས་ཨ་སྒོར་ཐེར་འབུམ་ ༡༠༠ མ་ཟིན་ཙམ་གྱི་ཚོང་ཟོག་ནང་འདྲེན་དང་ཕྱོགས་གཉིས་ཀྱི་ཚོང་འབྲེལ་རིན་འབབ་ཨ་སྒོར་འཐེར་འབུམ་ ༡༢༥ ལྷག་ཟིན་ཡོད་འདུག

རྒྱ་ནག་གི་སྒོ་ཁྲལ་དོ་དམ་ལས་ཁུངས་ (General Administration of Customs of the PRC) ཀྱི་གྲངས་ཐོ་ལྟར་ན། རྒྱ་ནག་གིས་ཕྱི་ལོ་ ༢༠༢༡ ལོར་རྒྱ་གར་ལ་རིན་འབབ་ཨ་སྒོར་ཐེར་འབུམ་ ༩༧།༥༢ ཙམ་གྱི་ཚོང་ཟོག་ཕྱིན་འདྲེན་བྱས་ཡོད་ཅིང་། ཚོང་ཟོག་ཁྲོད་ནས་ཀྱང་ཁ་པར་་དང་གསོག་འཇོག་བྱ་སའི་འཕྲུལ་ཆས། འབྲེལ་མཐུད་མ་ལག་སོགས་ཀྱིས་མཚོན་པའི་འཕྲུལ་རིག་ཕྱིར་འདྲེན་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། དེ་བཞིན་རྒྱ་གར་གྱི་ཚོང་དོན་དང་བཟོ་གྲྭ་ལྷན་ཁང་གི་ཁྱབ་ཁོངས་ཕྱིའི་ཚོང་འབྲེལ་རྟོག་ཞིབ་ལས་ཁུངས་ (FTPA) ཀྱི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༢༡ ལོའི་ཐོག་མའི་ཟླ་བ་ ༨ ནང་། རྒྱ་ནག་ནས་གཙོ་བོ་རྡོ་སྣུམ་རྗེན་པ་དང་། མུ་ཏིག རྡོ་རྩ་ཆེན། སོ་ལ། སོ་ཕག་བཅས་ནང་འདྲེན་བྱེད་ཤུགས་ཆེ་རུ་ཕྱིན་ཏེ། དངོས་ཟོག་དེ་དག་གཅིག་པུས་ཨ་སྒོར་ཐེར་འབུམ་ ༦༠ ཟིན་ཡོད་འདུག སྤྱི་ཡོངས་ནས་རྒྱ་གར་གྱིས་འདས་ལོའི་ཕྱི་ཟླ་ ༡ པོ་ནས་ ༡༡ དབར་རྒྱ་ནག་ནས་ཅ་དངོས་མི་འདྲ་བ་ ༨༤༥༥ ནང་འདྲེན་བྱས་པའི་ཁྲོད་ནས། ཅ་དངོས་ ༤༥༩༡ ལྷག་ནང་འདྲེན་བྱེད་ཤུགས་མང་དུ་ཕྱིན་ཡོད་སྐོར་འཁོད་འདུག

རྒྱ་གར་དབུས་གཞུང་གི་ཇེ་ཨེན་ཡུ་གཙུག་ལག་སློབ་གྲྭ་ཆེན་མོའི་ (JNU) སློབ་དཔོན་བྷི་སི་ཝ་ཊི་དྷར་གྱིས་བརྗོད་དོན་ལྟར་ན། རྒྱ་དཀར་ནག་དབར་གྱི་འབྲེལ་ལམ་དེ་ཨ་རི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་དང་གཅིག་མཚུངས་ཆགས་ཡོད། ཨ་རི་དང་རྒྱ་ནག་དབར་གྱི་ཆབ་སྲིད་འབྲེལ་ལམ་དེ་ཛ་དྲག་ཏུ་གྱུར་ཡོད་ནའང་། ཨ་རིས་འཛམ་གླིང་གི་བཟོ་གྲྭ་ལྟ་བུ་ཡིན་པའི་རྒྱ་ནག་ལ་ཚོང་འབྲེལ་གྱི་ཐོག་ནས་མུ་མཐུད་བརྟེན་བསྡད་ཡོད། དེར་མཚུངས་རྒྱ་གར་གཞུང་གི་ཐབས་བྱུས་མང་པོ་འཐེན་ཡོད་ནའང་། རྒྱ་གར་གྱི་དཔལ་འབྱོར་དེ་སྔར་བཞིན་རྒྱ་ནག་ལ་བརྟེན་ནས་བསྡད་ཡོད་ཅིང་། རིམས་ནད་ཡལ་བའི་རྗེས་སུ་རྒྱ་ནག་ལ་དེ་བས་བརྟེན་རྒྱུ་མང་དུ་འགྲོ་ངེས་ཡིན་སྐོར་བརྗོད་ཡོད་འདུག དེ་བཞིན་རྒྱ་ནག་གི་གཞུང་འབྲེལ་གོ་ལའི་དུས་བབ་སྟེང་དུའང་། ཕྱི་ལོ་ ༢༠༢༡ ལོར་རྒྱ་དཀར་ནག་གི་ཚོང་འབྲེལ་རིན་འབབ་དེ་ཨ་སྒོར་ཐེར་འབུམ་ ༡༢༥ ཟིན་པ་དེས། རྒྱ་གར་གཞུང་གིས་རྒྱ་ནག་གི་ཁྲོམ་ར་ལ་བརྟེན་རྒྱུ་མཚམས་འཇོག་བྱེད་ཐུབ་ཀྱི་མེད་པ་གསལ་སྟོན་བྱས་ཡོད་སྐོར་འཁོད་ཡོད་འདུག

དཔལ་འབྱོར་དབྱེ་ཞིབ་པས་རྒྱ་གར་གྱིས་རྒྱ་ནག་ནས་དངོས་ཟོག་ནང་འདྲེན་ཇེ་མང་ཏུ་གཏོང་བའི་རྒྱུ་མཚན་གཙོ་བོ་ནི། རྒྱ་གར་གྱི་ཁྲོམ་རའི་ནང་རྒྱ་ནག་གི་འཕྲུལ་ཆས་ཀྱིས་མཚོན་པའི་ཚོང་ཟོག་ལ་དོ་སྣང་དང་ཉོ་མཁན་ཇེ་མང་དུ་ཕྱིན་ཡོད་པ་དང་། ཕྱོགས་གཉིས་ནས་རྒྱ་གར་གྱི་བཟོ་སྐྲུན་ཚན་པ་ཡར་རྒྱས་འགྲོ་བཞིན་པའི་རྐྱེན་གྱིས་ཡིན་པར་འགྲེལ་བརྗོད་བྱས་ཡོད་འདུག དེ་ཡང་འདས་པའི་ལོ་ཤས་ནང་རྒྱ་གར་གྱི་འཛམ་གླིང་གི་ཁྲོམ་རའི་ནང་དངོས་ཟོག་ཕྱིར་འདྲེན་བྱེད་རྒྱུ་མང་དུ་བཏང་ཡོད་པའི་རྐྱེན་གྱིས། རྒྱ་གར་ནང་བཟོ་སྐྲུན་ཚན་པ་རྒྱ་བསྐྱེད་ཕྱིན་ཏེ་རྒྱ་ནག་ནས་ཐོན་སྐྱེད་མཁོ་སྒྲུབ་བྱེད་རྒྱུ་མང་དུ་ཕྱིན་ཡོད་པ་རེད་འདུག

རྒྱ་ནག་ནི་རྒྱ་གར་གྱི་ཚོང་ཟོག་མང་ཤོས་ནང་འདྲེན་བྱ་སའི་རྒྱལ་ཁབ་དེ་ཡིན་པ་ལྟར། ཨ་རིའི་རྗེས་སུ་ཕྱིར་འདྲེན་བྱ་སའི་རྒྱལ་ཁབ་ཨང་གཉིས་པ་དེའང་ཡིན་པ་རེད། རྒྱ་གར་གྱིས་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་ལ་ཚོང་ཟོག་ཨ་སྒོར་ཐེར་འབུམ་ ༡༧།༡ དང་། ཕྱི་ལོ་ ༢༠༢༠ ལོར་ཨ་སྒོར་ཐེར་འབུམ་ ༡༩ ཕྱིན་འདྲེན་བྱས་ཡོད་ཅིང་། འདས་ལོར་ཨ་སྒོར་ཁྱོན་ཐེར་འབུམ་  ༢༤ ཕྱིར་འདྲེན་བྱེད་ཐུབ་ཡོད་འདུག ཕྱི་ལོ་ ༢༠༡༩ བར་ལོ་གསུམ་བསྟུད་མར་རྒྱ་གར་དང་རྒྱ་ནག་དབར་གྱི་ཚོང་འབྲེལ་བར་ཐག་ཇེ་རིང་དུ་ཕྱིན་ཡོད་ནའང་། འདས་པའི་ལོ་གཉིས་ནང་བསྐྱར་དུ་འབྲེལ་ལམ་ཤུགས་ཆེ་རུ་ཕྱིན་པའི་རྐྱེན་གྱིས་སྔར་བཞིན་རྒྱ་ནག་གི་ཁྲོམ་རར་བརྟེན་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese