མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གིས་རྟོག་ཞིབ་མ་ཡིན་པའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཡུ་གུར་ནང་ཕེབས་ཆོག་སྐོར་བརྗོད།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་མི་ཤལ་བྷ་ཆི་ལེ་ཊི་ལགས་ཡུ་གུར་ནང་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་རྒྱ་ནག་གཞུང་གི་མགྲིན་ཚབ་པས་དེ་ནི་གྲོགས་འདྲིས་ཀྱི་རྣམ་པའི་ཐོག་ནས་ཕེབས་རྒྱུ་ལས་རྟོག་ཞིབ་ཀྱི་ཆེད་དུ་མིན་སྐོར་འགྲེལ་བརྗོད་བྱས་འདུག

7th United Nations High Commissioner for Human Rights

ཁ་སང་ཕྱི་ཚེས་ ༢༧ ཉིན་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་ནང་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་མི་ཤལ་བྷ་ཆི་ལེ་ཊི་ (Michelle Bachelet) ལགས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༤ ནས་ ༢༠ བར་པེ་ཅིན་དུ་འཚོག་རྒྱུ་ཡིན་པའི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་མཇུག་བསྒྲིལ་རྗེས། ཡུ་གུར་ས་ཡ་ ༡ ལྷག་འཛིན་བཟུང་བཀག་སྐྱིལ་བྱས་ཡོད་པའི་ཤིན་ཅང་ས་ཁུལ་དུ་ཕེབས་རྒྱུའི་ཆོག་མཆན་སྤྲད་འདུག་ཀྱང་། སྐོར་སྐྱོད་དེ་ཉིད་གྲོགས་འདྲིས་ཀྱི་རྣམ་པའི་ཐོག་ནས་མ་གཏོགས་ཞིབ་འཇུག་གི་རྣམ་པར་འགྲེལ་བརྗོད་བྱ་མི་ཆོག་སྐོར་གྱི་ཆ་རྐྱེན་བཞག་ཡོད་འདུག

གནས་ཚུལ་དེར་རྒྱུས་མངའ་ཡོད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་རྒྱ་ནག་ལྷོ་བརྒྱུད་ཞོགས་པའི་ཆ་འཕྲིན་ལ། ཉེ་ཆར་རྒྱ་ནག་གཞུང་དང་ལྕམ་བྷ་ཆི་ལེ་ཊི། རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨེན་ཊོ་ནིའོ་གུ་ཊེ་རེ་སི་ (Antonio Guterres) བཅས་གསུམ་བར་གྲོས་མོལ་བྱུང་སྟེ། རྒྱ་ནག་གཞུང་ངོས་ནས་ཨོ་ལིམ་པིག་མཇུལ་བསྒྲིལ་རྗེས་ཀྱི་ལོ་ཕྱེད་དང་པོའི་ནང་ལྕམ་བྷ་ཆི་ལེ་ཊི་ལགས་ཤིན་ཅང་དུ་སྣེ་ལེན་ཞུ་རྒྱུ་དང་ལེན་བྱས་ཡོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་གཞི་རྩའི་ཆ་རྐྱེན་དུ། མང་པོས་རེ་སྒུག་བྱེད་བཞིན་པའི་རྒྱལ་ཚོགས་ཀྱིས་འདོན་འཆར་ཡོད་པའི་ཤིན་ཅང་ནང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དེ་ཉིད་ཨོ་ལིམ་པིག་མཇུལ་མ་བསྒྲིལ་བར་དུ་ཕྱིར་བཤོལ་དགོས་སྐོར་བཤད་ཡོད་འདུག ཅེས་བརྗོད་ཡོད་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཚོགས་སྡེ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ཤིན་ཅང་གི་སྙན་ཐོ་དེ་ཉིད་གང་མགྱོགས་འགྲེམ་སྤེལ་དགོས་པའི་སྐུལ་འདེད་མང་པོ་བཏང་ཡོད་ནའང་། ད་བར་འགོར་འགྱངས་སོང་སྟེ་འདོན་ཐུབ་མེད་པ་རེད།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ (Chinese Human Rights Defenders) ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས། ལྕམ་བྷ་ཆི་ལེ་ཊི་ཡི་སྐོར་སྐྱོད་དེ་ནི་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཤིན་ཅང་སྐོར་གྱི་སྙན་ཐོ་དེ་འགོག་ཐབས་ཀྱི་ཇུས་ངན་ཞིག་ཡིན་སྐོར་དང་། རྒྱལ་ཚོགས་ངོས་ནས་གང་མགྱོགས་སྙན་ཐོ་དེ་འདོན་དགོས་པའི་རེ་སྐུལ་ཞུས་ཡོད་འདུག དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (Human Rights Watch) གི་རྒྱ་ནག་ཚན་པའི་འགན་འཛིན་སོ་ཧྥི་རི་ཆར་ཌི་སོན་ (Sophie Richardson) ལགས་ཀྱིས། མི་སུ་འདྲ་ཞིག་ཡིན་རུང་། ལྷག་པར་དུ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་སྣེ་ཁྲིད་སྐུ་ཚབ་རྣམ་པ། རྒྱ་ནག་གཞུང་གིས་ཡུ་གུར་གཙོས་པའི་ཊར་ཀིའི་མི་སྡེ་གཞན་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་ལ་གཡོལ་ཐབས་ཀྱི་ངན་ཇུས་དེར་ནམ་ཡང་མགོ་འཁོར་རྒྱུ་མེད། ཅེས་བརྗོད་ཡོད་འདུག

Uyghurs have staged protests in London urging the government to accuse China of genocide. PA Media

དེ་བཞིན་ཨ་རིའི་ཝ་ཤིང་ཊོན་ཆ་འཕྲིན་གྱི་དེ་འབྲེལ་གནས་ཚུལ་ནང་། ཁ་སང་རྒྱལ་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་སྟེང་ལྕམ་བྷ་ཆི་ལེ་ཊི་ཡི་མགྲིན་ཚབ་པ་རུ་པེཊ་ཀོལ་ཝིལ་ (Ruppert Colville) གྱིས། རྒྱ་ནག་དང་རྒྱལ་ཚོགས་དབར་སྐོར་སྐྱོད་དེའི་ཐད་གྲོས་མོལ་བྱེད་མུས་ཡིན་ཡང་། ད་ལྟའི་སྐོར་སྐྱོད་ཀྱི་ཞིབ་ཕྲའི་སྐོར་ནས་ད་དུང་ཡང་གྲོས་བསྡུར་སོགས་གང་ཡང་བྱས་མེད་སྐོར་འགྲེལ་བརྗོད་བྱས་འདུག དེ་བཞིན་ཁ་སང་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་སྟེང་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཀྲའོ་ལི་ཅན་(Zhao Lijian) ཟེར་བ་དེས་ཀྱང་། རྒྱ་ནག་ངོས་ནས་ལྕམ་བྷ་ཆི་ལེ་ཊི་ལ་སྔོན་མ་ནས་མགྲོན་ཤོག་བཏང་ཡོད་སྐོར་དང་། གཟིགས་སྐོར་དེ་ཕན་ཚུན་དབར་བརྗེ་ལེན་དང་མཉམ་ལས་ཡོང་བའི་ཆེད་དུ་ཡིན་པ་ལས་རྟོག་ཞིབ་ཆེད་དུ་མིན་སྐོར་འགྲེལ་བརྗོད་བྱས་ཡོད་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག དེ་བཞིན་ཨ་རིས་སྣེ་ཁྲིད་པའི་འཛམ་གླིང་དམངས་གཙོའི་རྒྱལ་ཁབ་མི་ཉུང་བས། རྒྱ་ནག་གཞུང་གིས་ཤིན་ཅང་དུ་འབོད་པའི་ཤར་ཊུར་ཀི་སི་ཐན་ནང་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་ ༡ ལས་མང་བ་འཛིན་བཟུང་བཙན་འཁྲིད་ཀྱིས་བཀག་སྐྱིལ་ཁང་དུ་བཅུག་ཡོད་པར་ངོས་འཛིན་བྱས་ཡོད་ཅིང་། ཐོག་མའི་ཆར་རྒྱ་ནག་གཞུང་གིས་གནས་ཚུལ་དེ་བདེན་པ་མིན་པ་ཤུགས་ཆེར་བསྒྲགས་ཡོད་ནའང་། རིམ་པས་ཡུ་གུར་བྲོས་བྱོལ་བ་རྣམས་ཀྱི་དངོས་མྱོང་ལོ་རྒྱུས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་ཁག་སོགས་ཀྱིས་ཞིབ་འཇུག་སྙན་ཐོ་ཕོན་ཆེན་ཐོན་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་ཆོས་ལུགས་ཀྱི་ཐལ་ཆ་རིང་ལུགས་ལ་འགོག་རྒོལ་བྱེད་ཀྱི་ཡོད་པ་དང་། བཀག་སྐྱིལ་ཁང་དེ་དག་ནི་ལག་རྩལ་སློབ་སའི་སྦྱོང་བརྡར་ཁང་ཡིན་སྐོར་རྫུན་སྒྲོག་བྱས་ཡོད་པ་རེད། འོན་ཀྱང་འདས་པའི་ལོ་ཤས་ནང་རྒྱལ་སྤྱིའི་བརྒྱུད་ལམ་དང་ཞིབ་འཇུག་ཁང་སོགས་ཀྱིས། རྒྱ་ནག་གཞུང་གིས་ཤིན་ཅང་ཁུལ་དུ་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་སྐོར་གྱི་སྙན་ཐོ་བཏོན་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ངོས་ནས་ཕྱི་ལོ་ ༢༠༡༨ ཟླ་ ༩ པ་ནས་རྒྱ་ནག་དང་གྲོལ་མོལ་བྱས་ཏེ་ཤིན་ཅང་ཁུལ་དུ་བསྐྱོད་ཐུབ་རྒྱུའི་འབད་བརྩོན་བྱས་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༦ པའི་ནང་ལྕམ་བྷ་ཆི་ལེ་ཊི་ཡིས་ཡོངས་ཁྱབ་ཐོག་ནས་རང་ཉིད་ཤིན་ཅང་དུ་བསྐྱོད་རྒྱུའི་འདུན་པ་ཡོད་པའི་གཏམ་བཤད་ཅིག་སྤེལ་ཡོད་པ་རེད། དེ་ཡང་འདས་ལོའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་ཁོང་མོས། ངས་མུ་མཐུད་རྒྱ་ནག་གཞུང་གི་མགོ་འཁྲིད་རྣམས་དང་ལྷན་དུ་རྒྱ་ནག་དང་། ལྷག་པར་དུ་ཤིན་ཅང་ཡུ་གུར་རང་སྐྱོང་ཁུལ་དུ་བསྐྱོད་རྒྱུར་གྲོས་མོལ་བྱེད་ཀྱི་ཡོད། ངའི་རེ་བ་ལ་ད་ལྟ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་ཚུལ་ཚབས་ཆེ་ཐོན་བཞིན་པར་བརྟེན། འདི་ལོར་གྲོས་མོལ་ལམ་ལྷོངས་ཡོང་རྒྱུའི་རེ་བ་ཞུ་ཡི་ཡོད། ཅེས་བརྗོད་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese