མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་གྲོས་ཚོགས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་བའི་རེ་སྐུལ་དང་བཅས་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་ནས་སྔ་ཕྱིར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་ལྕམ་སྐུ་རོ་བྷར་ཊཱ་མེཊ་སོ་ལཱ་ལགས་སུ་ཐུགས་རེ་ཆེན་པོས་འཚམས་འདྲི་གནང་།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཡུ་རོབ་ཀྱི་མཚོ་གླིང་རྒྱལ་ཕྲན་མཱལ་ཊ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་སྐུ་རོ་བྷར་ཊཱ་མེཊ་སོ་ལཱ་(Roberta Metsola)ལགས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་བྱུང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བུད་མེད་རྣམས་ལ་གཞན་ཕན་གྱི་བསམ་བློ་ཡངས་པོ་ཡོད་པས་འཛམ་གླིང་ཞི་བདེ་ཡི་ལས་དོན་གོང་འཕེལ་དུ་གཏོང་བར་ཡིད་ཆེས་བརྟན་པོ་ཡོད་སྐོར་གསུངས་ཏེ་ཐུགས་རེ་ཆེན་པོས་འཚམས་འདྲི་མཛད་ཡོད་པ་དང་།  ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་བའི་སྟེང་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ལྕམ་སྐུ་རོ་བྷར་ཊཱ་མེཊ་སོ་ལཱ་ལགས་ལ་འཚམས་འཕྲིན་གནང་བའི་ནང་། ཡུ་རོབ་གྲོས་ཚོགས་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་ཡུན་རིང་འབྲེལ་བ་གཏིང་ཟབ་ཡོད་པས་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་སྐོར་གསུངས་ཡོད་འདུག

དེ་ཡང་འཚམས་འདྲིའི་ནང་སྲིད་སྐྱོང་མཆོག་གིས། ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་དུ་ཞབས་འདེགས་སྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དེས་བོད་མི་རྣམས་ཚུད་པའི་མི་མང་པོར་རེ་བའི་འོད་སྣང་ལྟ་བུ་སྦྱིན་ཡོད། དེ་རིང་ཁ་སང་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དང་། རིག་གཞུང་། ངོ་བོ་དང་བཅས་པར་དྲག་གནོན་བྱས་དང་བྱེད་བཞིན་ཡོད་སྟབས། བོད་མི་རྣམས་ལ་སྔར་ལས་ལྷག་ཡུ་རོབ་གྲོས་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་དགོས་མཁོ་ཡོད་པ་ཆགས་ཡོད། ཅེས་དང་། ང་ཚོས་ལྕམ་སྐུ་མཆོག་གི་དབུ་ཁྲིད་འོག་ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་མུ་མཐུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་ཤུགས་ཆེ་གནང་སྟེ་བོད་ནང་གི་བོད་མིའི་དཀའ་སྡུག་སེལ་ཐབས་སུ་གཞོགས་འདེགས་གནང་བའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་རོ་བྷར་ཊཱ་མེཊ་སོ་ལཱ་ལགས་འཚམས་འདྲི་གནང་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྙིང་སྟོབས་ལ་རྒྱུན་དུ་བསྔགས་བརྗོད་གནང་མཁན་ཞིག་ཡིན་ལ། ཡུ་རོབ་སྤྱི་མཐུན་ཀྱི་ཁྱབ་ཁོངས་རྒྱལ་ཁབ་རྣམས་ཀྱིས་ཐུན་མོང་ཐོག་ནས་རང་དབང་དང་། དམངས་གཙོ། འདྲ་མཉམ་ཡོང་ཐབས་ཀྱི་ལྟ་གྲུབ་དང་། དེ་བཞིན་འཛམ་གླིང་ནང་ཞི་བདེ་ལྷིང་འཇགས་ཡོང་ཐབས་གནང་བཞིན་ཡོད་པ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་ཆགས་ཀྱི་ཡོད། ང་ཚོས་ཀྱང་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་བརྩམས་དང་རྩོམ་མུས་ཡིན། ཞེས་གསུངས་གནང་འདུག

གཞན་ཡང་ཚོགས་གཙོ་མཆོག་ནས་ད་ལྟའི་བོད་ནང་གི་གནས་སྟངས་འགྲེལ་བརྗོད་དང་སྦྲགས། ད་ལྟའི་བོད་ནང་གི་གནས་སྟངས་ནི་ཧ་ཅང་ཡ་ང་བ་ཞིག་དང་ཛ་དྲག་ཅན་ཞིག་ཡིན་པར་སོང་། སྐུ་ཉིད་ཀྱི་དབུ་འཁྲིད་འོག་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ནས་རྒྱ་ནག་དམར་གཞུང་གིས་བོད་ནང་སྡུག་སྦྱོང་མནར་གཅོད་གཏོང་རྒྱུ་འཚམས་འཇོག་ཡོང་རྒྱུའི་ཐོག་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ་རྒྱུ་དང་། དེ་བཞིན་ད་བར་ཡུ་རོབ་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་རིམ་པར་བཞག་པ་སོགས་ཡུ་རོབ་གྲོས་ཚོགས་ནས་བོད་ཀྱི་འཐབ་རྩོད་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པ་ལྟར། སྐུ་ཉིད་ཀྱི་ལས་ཡུན་རིང་དེ་ལྟར་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུའི་ཡོད། ཅེས་དང་། ཡུ་རོབ་ནང་བཙན་བྱོལ་བོད་མི་མང་པོ་ཞིག་གཞིས་སྤོས་བྱས་དང་བྱེད་བཞིན་ཡོད་ཅིང་། ཡུ་རོབ་ནི་བཙན་བྱོལ་བོད་མི་མང་པོ་ཞིག་གི་གནས་ཡུལ་ཆགས་ཀྱི་ཡོད་སྟབས། ཡུ་རོབ་རྒྱལ་ཁབ་ཁག་གིས་བོད་མི་ཚོར་མཐུན་འགྱུར་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གསར་པ་ལྕམ་སྐུ་རོ་བྷར་ཊཱ་མེཊ་སོ་ལཱ་ལགས་ནི་ཡུ་རོབ་གླིང་ཕྲན་གྱི་ལྷོ་བརྒྱུད་མཚོ་གླིང་རྒྱལ་ཕྲན་མཱལ་ཊ་(Malta) ནས་ཡིན་ཞིང་། ཕྱི་ལོ་ ༢༠༡༣ ལོར་ཐོག་མར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་རྗེས། ཕྱི་ལོ་ ༢༠༢༠ ཟླ་བ་ ༡༡ པའི་ནང་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་དུ་བདམས་ཐོན་བྱུང་བ་ཞིག་ཡིན་འདུག ད་ལན་ཁོང་མོ་ཚོགས་གཙོར་བདམས་ཐོན་བསྐོ་གཞག་བྱུང་བ་དེ་ནི་ཡུ་རོབ་གྲོས་ཚོགས་ཀྱི་ལོ་རྒྱུས་ནང་བུད་མེད་ཚོགས་གཞོན་ལོ་ན་གཞོན་ཤོས་དང་། ཕྱི་ལོ་ ༢༠༠༢ རྗེས་ཀྱི་བུད་མེད་ཚོགས་གཙོ་ཐོག་མ། མཱལ་ཊ་རྒྱལ་ཁབ་ནས་ཡིན་པའི་འཐུས་མི་ཞིག་ཚོགས་གཙོར་བསྐོས་པ་ཐེངས་དང་པོ་བཅས་ཆགས་ཀྱི་ཡོད་འདུག

འབྲེལ་ཡོད་གསར་འགྱུར། https://tibettimes.net/2022/01/21/217473/

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese